ས་ཧ་ར་བྱེ་ཐང་ཆེན་པོ།

སའི་གོ་ལའི་སྟེང་གི་ཆེས་ཆེ་བའི་མྱ་ངམ་ཐང་།ཧྥེ་གླིང་གི་བྱང་ཕྱོགས་སུ་ས་རྒྱ་ཤིན་ཏུ་ཆེ་བའི་མྱ་ངམ་ཐང་ཞིག་ཡོད། དེ་ནི་འཛམ་གླིང་གི་ཆེས་ཆེ་བའི་བྱེ་ཐང་སྟེ། ས་ཧ་ར་བྱེ་ཐང་ཆེན་པོ་ཡིན།

ས་ཧ་ར་བྱེ་ཐང་ཆེན་པོ།
ས་ཧ་ར་བྱེ་ཐང་ཆེན་པོ

རྒྱ་ཁྱོན།

དེ་ཡི་སྤྱིའི་རྒྱ་ཁྱོན་ལ་སྟོང་སྨིས་གྲུ་བཞི་མ་ཁྲི900ལྷག་ཡོད་པ་དང་། ཨ་མེ་རི་ཁའི་སའི་རྒྱ་ཁྱོན་དང་འདྲ་ལ། ཕལ་ཆེར་ཧྥེ་གླིང་སྐམ་སའི་གསུམ་ཆའི་གཅིག་ཟིན།

སྐྱེ་དངོས།

མི་རྣམས་ཀྱིས་ས་ཧ་ར་བྱེ་ཐང་ཆེན་པོ་ནི་སའི་གོ་ལའི་སྟེང་གི་སྐྱེ་དངོས་སྐྱེ་བར་མི་འཚམ་པའི་གནས་ཤིག་ཏུ་འཁུམས་པ་དང་། ཨ་རབ་ཀྱི་སྐད་དུའང་ས་ཧ་ར་ཞེས་པ་ནི་མྱ་ངམ་གྱི་ཐང་ཆེན་པོ་ཞེས་པའི་དོན་ཡིན།

ས་ཁུལ།

མི་རྣམས་ཀྱིས་བྱེ་ཐང་ཞེས་ཐོས་མ་ཐག་ཏུ་མུ་མཐའ་མི་མངོན་པའི་བྱེ་སྒང་དང་བྱེ་ས་ཞིག་བློ་ངོར་འཆར་སྲིད་མོད། དོན་དངོས་སུ་ས་ཧ་ར་བྱེ་ཐང་གི་ལྔ་ཆའི་གཅིག་ཙམ་གྱི་ས་ཁུལ་ནི་བྱེ་མ་ལས་གྲུབ་པ་མ་གཏོགས། དེའི་ས་ཁུལ་གཞན་དག་ནི་རྩུབ་ཤས་ཆེ་བའི་རྡེའུ་ལས་གྲུབ་པའི་བདེ་ཐང་མིན་ན། བརྩེགས་རིམ་དུ་ཆགས་པའི་བྲག་རི་ཡིན། དེ་མིན་ད་དུང་རི་ཁུལ་དང་བ་ཚྭའི་གྲམ་ཐང་ཡང་ཡོད་པ་རེད།

གནམ་གཤིས།

ས་ཧ་ར་བྱེ་ཐང་གི་ས་བབ་མི་ལེགས་པ་ལས་གཞན་ཚ་གདུག་ཆེ་བའི་གནམ་གཤིས་སྡུག་པོ་ཡང་ཡོད་དེ། ལོ་ཧྲིལ་བོའི་ཆ་སྙོམས་དྲོད་ཚད30℃ལས་བརྒལ་བ་དང་། ཆེས་སྐམ་ཤས་ཆེ་བའི་ས་ཁུལ་དུ་ལོ་ཧྲིལ་བོའི་ཆར་འབབ་ཚད་ཧའོ་སྨིས25ཙམ་ཡང་མི་ལོང་། སྐབས་ལ་ལར་ལོ་ཧྲིལ་བོར་ཆར་ཐིགས་གཅིག་ཀྱང་འབབ་རྒྱུ་མེད།

གནའ་རྫས་རྟོག་ཞིབ།

གནའ་རྫས་རྟོག་ཞིབ་པས་ས་ཧ་ར་བྱེ་ཐང་གི་བྲག་ཕུག་ཏུ་གནའ་རབས་ཀྱི་རི་མོ་དང་བརྐོས་རིས་མང་བོ་གསར་རྙེད་བྱུང་ཞིང་། དེ་དག་གིས་ས་ཧ་ར་བྱེ་ཐང་ནི་གནའ་སྔ་མོར་བྱེ་མས་ཁྱབ་པའི་ཐང་རྒོད་ཅིག་མིན་པར་རྩྭ་ཐང་ཆེན་པོ་ཞིག་སྟེ། ཆུ་བོ་ལྷུང་ལྷུང་བཞུར་ཅིང་ས་ཤུན་སྤང་གིས་གཡོགས་པ། ཚོ་བ་དང་མི་རིགས་མང་བོ་འཚོ་སྡོད་བྱེད་སའི་མཛེས་སྡུག་གི་ས་ཁུལ་གཤིན་པོ་ཞིག་ཡིན་པ་རྟོགས་ཐུབ་ཀྱང་། ཚན་རིག་པ་རྣམས་ཀྱིས་ཚོད་དཔག་ལས་ཕྱིས་སུ་གནས་དེ་ཡི་གནམ་གཤིས་འགྱུར་ལྡོག་ལས། ཆུ་བོའི་བཞུར་རྒྱུན་ཆད་པས་ས་ཁུལ་དེ་རིམ་གྱིས་བྱེ་ཐང་ཞིག་ཏུ་གྱུར་པར་འདོད་དོ།།

Tags:

ས་ཧ་ར་བྱེ་ཐང་ཆེན་པོ། རྒྱ་ཁྱོན།ས་ཧ་ར་བྱེ་ཐང་ཆེན་པོ། སྐྱེ་དངོས།ས་ཧ་ར་བྱེ་ཐང་ཆེན་པོ། ས་ཁུལ།ས་ཧ་ར་བྱེ་ཐང་ཆེན་པོ། གནམ་གཤིས།ས་ཧ་ར་བྱེ་ཐང་ཆེན་པོ། གནའ་རྫས་རྟོག་ཞིབ།ས་ཧ་ར་བྱེ་ཐང་ཆེན་པོ།

🔥 Trending searches on Wiki བོད་སྐད:

ཀེ་རི་སི།ལྷོ་ཀོ་རི་ཡ།མ་བསྒྲིབས་ལུང་མ་བསྟན།སེན་ཊི་བིན་སེན་ཊི་དང་གི་རི་ན་ཌིན་སི།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།ཚད་མ་རིག་པའི་ཤེས་བྱ་བྱ་ཏེ་ཧིན་ཏུའི་ཆོས་ལུགས།བོད་ཀྱི་རྒྱལ་རབས་リョསེ་པན་སྐད།ཆོས་གྲགས་སུམ་ཅུ་པའི་རྩ་ཚིག་ཁ་ཆེ་ཕ་ལུ།དགེ་འདུན་རྒྱ་མཚོ།བོད་རྒྱ་ཚིག་མཛོད་ཆེན་མོཨ་ཤོམ།ནང་བའི་དུས་ཆེན་བཞིལང་ཚོའི་རྦབ་ཆུམི་བཟོས་རིག་ནུས།ཞི་བདེ་རྒྱ་མཚོ་ཆེན་པོ།འབྱུང་འཕྲོད།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན།ཁོར་ཡུགའཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཁོ་མོ་རོ་སུ།ཤེས་རབ་སྙིང་པོ་དགུན་ཁ།གླང་གོག་ཏན་ནེ་སི་སྤོ་ལོ།ངན་པ་དགུ་འཛོམས་དང་བཟང་པོ་བཅུ་འཛོམས།དངུལ་ཆུ་དྷརྨ་བྷ་དྲ་ནག་ཆུ་ས་ཁུལ།ཏོག་དབྱིབས་ཡོངས་ཁྱབ་རིམས་ནད།ཡུ་ཊོབ་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཟླ་༩ཚེས་༤ཉིན་སྙིང་ཐིག་སྔོན་འགྲོ་བསེ་རུ།རོ་མ་ནི་ཡ།ཕ་དམ་པ་སངས་རྒྱས།ཨོ་ཏི་ཀླི།གཉན་ཆེན་ཐང་ལྷའི་རི་རྒྱུད།གནའ་རབས་ཀེ་རི་སི།དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།ཆིན་ཧྲི་ཧོང་།ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་བཅོམ་ལྡན་འདས།སྡེ་དགེས་རཱ།པུ་ཨེ་ནོ་སི་ཨས་རི་སིཏུར་ཀི།སློབ་དཔོན་ཐུ་མི་སམ་བྷོ་ཊ།བ་ར་ཏིསི་ལ་བ།རིང་བསྲེལ་།ཕུ་ན་ཕུ་ཊི།གསེར།རྡོ་རྗེ་འཇིགས་བྱེད།ཁྱུ་དགའ།ལུགས་ཀྱི་བསྟན་བཅོས།གཉའ་ཁྲི་བཙན་པོ་སྐུ་ངོ་སྤེན་པ་ཚེ་རིང་།🡆 More