སུམ་ཅུ་པའི་རྩ་ཚིག་

།སུམ་ཅུ་པའི་སྙིང་པོ་ལེགས་བཤད་ལྗོན་པའི་དབང་པོ་ཞེས་བྱ་བ་བཞུགས་སོ། ། དབྱངས་ཅན་གྲུབ་པའི་རྡོ་རྗེས་མཛད། ན་མོ་གུ་རུ་མཉྫུ་གྷོ་ཥཱ་ཡ། བླ་མ་མཆོག་དང་དབྱེར་མེད་པའི། །འཇམ་དཔལ་དབྱངས་ལ་གུས་བཏུད་ནས། །ཐོན་མིའི་ལེགས་བཤད་སུམ་ཅུ་པའི། །སྙིང་པོ་མདོར་བསྡུས་བཤད་པར་བྱ། །དབྱངས་ཀྱི་བྱ་བ་གསལ་པོ་རུ། །བྱེད་པ་ཨི་ཨུ་ཨེ་ཨོ་བཞི། །གསལ་བྱེད་ཀ་སོགས་སུམ་ཅུ་ཡིན། །ག་ང་ད་ན་བ་མ་འ། །ར་ལ་ས་རྣམས་རྗེས་འཇུག་བཅུ། །ད་དང་ས་གཉིས་ཡང་འཇུག་སྟེ། །ད་ནི་ན་ར་ལ་གསུམ་དང་། །ས་ནི་ག་ང་བ་མར་འཐོབ། །ག་ད་བ་མ་འ་སྔོན་འཇུག །གོ་ངོ་དོ་ནོ་བོ་མོ་འོ། །རོ་ལོ་སོ་ཏོ་སླར་བསྡུ་སྟེ། །རྫོགས་ཚིག་ཟླ་སྡུད་ཅེས་ཀྱང་བྱ། །དྲག་ཡོད་ཏོ་དང་མཐའ་མེད་འོ། །གཞན་རྣམས་མིང་མཐའི་རྗེས་མཐུན་སྦྱར། །སུ་ར་རུ་དུ་ན་ལ་ཏུ། །ལ་དོན་རྣམ་པ་བདུན་ཡིན་ཏེ། །རྣམ་དབྱེ་གཉིས་བཞི་བདུན་པ་དང་། དེ་ཉིད་ཚེ་སྐབས་རྣམས་ལ་འཇུག །ས་སུ་ག་བ་དྲག་མཐར་ཏུ། །ང་ད་ན་མ་ར་ལ་དུ། །འ་དང་མཐའ་མེད་ར་དང་རུ། །གི་ཀྱི་གྱི་འི་ཡི་ལྔ་པོ། །རྣམ་དབྱེ་དྲུག་པ་འབྲེལ་སྒྲ་དང་། །དེ་རྣམས་ས་མཐའ་ཅན་ལྔ་ནི། །རྣམ་དབྱེ་གསུམ་པ་བྱེད་སྒྲ་སྟེ། །སྦྱོར་ཚུལ་ན་མ་ར་ལ་གྱི། །ད་བ་ས་ཀྱི་ག་ང་གི །འ་དང་མཐའ་མེད་འི་དང་ཡི། །ཀྱང་ཡང་འང་གསུམ་རྒྱན་སྡུད་དེ། །ག་ད་བ་ས་དྲག་མཐར་ཀྱང་། །ང་ན་མ་ར་ལ་མཐར་ཡང་། །འ་དང་མཐའ་མེད་འང་དང་ཡང་། །ཏེ་དེ་སྟེ་གསུམ་ལྷག་བཅས་ཏེ། །ན་ར་ལ་ས་དྲག་མཐར་ཏེ། །ད་དེ་ག་ང་བ་མ་འ། །མཐའ་མེད་རྣམས་ལ་ས་སྟེ་འཐོབ། །གམ་ངམ་དམ་ནམ་བམ་མམ་འམ། །རམ་ལམ་སམ་ཏམ་འབྱེད་སྡུད་དེ། །སྦྱོར་ཚུལ་སླར་བསྡུའི་སྐབས་དང་མཚུངས། །ར་རུ་འི་ཡི་འང་ཡང་རྣམས། །རྐང་པ་མི་སྐོང་སྐོང་བའི་ཁྱད། །འོ་འུ་འམ་གྱི་གོང་དུ་ཚེག །མེད་དང་ཡོད་པའང་དེ་བཞིན་ཡིན། །ནས་ལས་འབྱུང་ཁུངས་དགར་སྡུད་དེ། །འབྱུང་ཁུངས་དངོས་ལ་གང་སྦྱར་འཐུས། །རིགས་མཐུན་དགར་ནས་མི་མཐུན་ལས། །སྡུད་ལ་ནས་སྒྲ་ཁོ་ན་འཇུག །ཀྱེ་དང་ཀྭ་ཡེ་བོད་སྒྲ་སྟེ། །ཕལ་ཆེར་མིང་གི་ཐོག་མར་སྦྱོར། །ནི་ནི་དགར་དང་བརྣན་པའི་སྒྲ། །དང་ནི་སྡུད་འབྱེད་རྒྱུ་མཚན་དང་། །ཚེ་སྐབས་གདམས་ངག་ལྔ་ལ་འཇུག །མིང་གི་ཐོག་མའི་དེ་སྒྲ་ནི། །ཐ་སྙད་འདས་མ་ཐག་པ་དང་། །རྣམ་གྲངས་གཞན་ཅན་གཉིས་ལ་འཇུག །ཅི་ཇི་སུ་གང་སྤྱི་སྒྲ་སྟེ། །ཞིག་སྟེ་སླད་འདྲ་ཕྱིར་ལ་ཅི། །སྙེད་སྲིད་ལྟར་བཞིན་སྐད་ལ་ཇི། །སུ་ནི་གང་ཟག་གང་ཀུན་ལའོ། །ན་རོ་ཡོད་མེད་པ་བ་མ། །བདག་པོའི་སྒྲ་སྟེ་ག་ད་ན། །བ་མ་ས་དང་དྲག་མཐར་པ། །ང་འ་ར་ལ་མཐའ་མེད་ལ། །བདག་སྒྲ་ཡར་གྱུར་བ་དང་ནི། །ཆ་ལ་པ་ཉིད་སྦྱོར་བ་ལེགས། །མིང་མཐའི་པ་བའང་ཕལ་ཆེར་འདྲ། །མ་ནི་ངེས་མེད་སྐབས་དང་སྦྱར། །མ་མི་མིན་མེད་དགག་སྒྲ་སྟེ། །མ་མི་ཐོག་མ་མིན་མེད་མཇུག །མ་ནི་བར་གྱི་གསལ་བྱེད་ལའང་། །ཚིག་ཕྲད་ཞིང་སོགས་ང་ན་མ། །འ་དང་ར་ལ་མཐའ་མེད་མཐར། །ཞིང་ཞེས་ཞེ་འོ་ཞེ་ན་ཞིག །ག་ད་བ་དང་ད་དྲག་མཐར། །ཅིང་ཅེས་ཅེ་འོ་ཅེ་ན་ཅིག །ས་མཐར་དམིགས་བསལ་ཞེས་མ་གཏོགས། །ཤིང་ཤིག་ཤེའོ་ཤེ་ན་འཐོབ། །འོན་ཀྱང་ཁ་ཅིག་ལྷན་ཅིག་སོགས། །མིང་གི་ཆ་དང་མ་ནོར་གཅེས། །རྐྱང་པ་འཕུལ་ལ་འ་མཐའ་དགོས། །གུག་ཀྱེད་བརྩེགས་འདོགས་ཅན་ལ་སྤང་། །ལྷུག་པའི་དོན་མང་མིང་མཚམས་དང་། །དོན་འབྲིང་འབྱེད་དང་དོན་ཉུང་རྫོགས། །ཚིགས་བཅད་ག་མཐར་ཆིག་ཤད་བྱ། །རྫོགས་ཚིག་མཐའ་ཅན་ལྷུག་པ་དང་། །ཚིགས་བཅད་རྐང་མཐར་ཉིས་ཤད་འཐོབ། །དོན་ཚན་ཆེན་མོ་རྫོགས་པ་དང་། །ལེའུའི་མཚམས་སུ་བཞི་ཤད་དགོས། །ང་ཡིག་མ་གཏོགས་ཡིག་ཤད་དབར། །ཚེག་མེད་དེ་སོགས་ཞིབ་ཏུ་འབད། །ཚིག་གི་ལོ་མས་མ་བསྒྲིབས་ཤིང་། །དོན་གྱི་འབྲས་བུ་གཡུར་ཟ་བའི། །ལེགས་བཤད་ལྗོན་པའི་དབང་པོ་འདི། །དབྱངས་ཅན་གྲུབ་པའི་རྡོ་རྗེས་སྤེལ། །

Tags:

🔥 Trending searches on Wiki བོད་སྐད:

སུམ་བ་བཅུ་པ།འབོམ་སྦེརྡོ་རྗེ་འཇིགས་བྱེད།Wikipediaགསལ་བྱེད་ཀྱི་རྒྱན་བཅུ་གཉིས་རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འཛིན་སྐྱོང་ས་ཁུལ་ཁག།སྐད་རིགས།འུ་འཐུང་སྲོག་ཆགས་ཟླ་༧ཚེས་༢༡ཉིན་ཚེ་མདོལས་རྒྱུ་འབྲས་རྡོ་སྦིས་ཤེས་རབ་རྒྱ་མཚོ་རྫ་ཡུལ་རྫོང་།མ་ལ་སུང་རྒྱུགས་འགྲན།ཆགས་སྦྱོར་གྱི་ཨ་ལས་པད་གོགསྐྱེས་པའི་མཚན་མཐུན་དགའ་གྲོགས་ཚད་མ་རྣམ་འགྲེལ།ཁྱབ་​འཇུགཚད་མེད་བཞི་བསྟན་འཛིན་རྒྱ་མཚོ།ཨུཀ་རཡི་ནི་སྐད།བཅོམ་ལྡན་འདས།བོད་ལྗོངས་མཁའ་འགྲུལ།ཆབ་མདོ་རྫོང་།ཀུན་མཁྱེན་འཇིགས་མེད་གླིང་པ་ཟླ་༡༡ཚེས་༢༧ཉིན་ངག་དབང་བློ་བཟང་རྒྱ་མཚོ་ཐོན་མི་སམ་བྷོ་ཊ་ཡབ་རྒྱལ་པོ་ཟས་གཙང་མ་དང་ཡུམ་སྒྱུ་འཕྲུལ་ཆེན་མོ་༢༠༠༨ལོ།ཇ།གཉེན་པོ་སྟོབས་བཞི་ལྡེ་སྣོལ་ནམ།ལྡེ་སྤྲིན་བཙན།༢༠༣༡ལོ།བརྟན་སྐར།རྐང་རྩེད་སྤོ་ལོ།པཎ་ཆེན་སྐུ་ཕྲེང་བདུན་བསྟན་པའི་ཉི་མ་ཧི་མ་ལ་ཡ།གླང་ཆེན།གླ་བ།བོད་ཀྱི་ཡུལ་གྲུ་སོ་སོའི་སྐད།མྱང་ཏིང་ངེ་འཛིན།སངས་རྒྱས་ཀྱི་མཚན་གཤམ་གསལ།ལྡེ་སྣོལ་པོ།གཉགས་ལོ་ཡེ་ཤེས་གཞོན་ནུ་ལྷོ་བརྒྱུད་ནང་བསྟན།སྙན་ངག་མེ་ལོང་བཞུགས་སོ།།སེམས་ཁམས་རིག་པ།སྣང་ས་འོད་འབུམ་སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།༡༩༩༡ལོ།རྒྱལ་སྲས་ཐོགས་མེད་བཟང་པོ།རྣམ་དབྱེ་བཞི་བ་དགོས་ཆེད་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ཧོར་ཟླ་བཅུ་གཉིས་ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་རོང་ཆེན་ཁ་བ་དཀར་པོ་ཆོས་འཁོར་དུས་ཆེན།དམག་དོན།དཔའ་ཤོད་རྫོང་།དངུལ་ཆུ་དྷརྨ་བྷ་དྲ་དོན་འགྲུབ་རྒྱལས་སྐྱའི་སྲིད་སྐྱོང་དུས་རབས།ལྟོ་འཕྱེ་ཆེན་པོ།དག་ཡིག་ངག་སྒྲོན།ཕྱོགས་བཅུའི་མུན་སེལ་ཕོ་བྲང་ཡུམ་བུ་བླ་སྒང།མཁན་པོ་བསོད་ནམས་དར་རྒྱས་🡆 More