ཕྱོགས་བཅུའི་མུན་སེལ་

༄༅། །རྒྱ་གར་སྐད་དུ། ཨརྱ་དཱ་ཤ་དཱི་མ་ཨན་དྷ་ར་ཏ་ས་ནཱ་མ་མ་ཧཱ་ཡ་ན་སཱུ་ཏྲ། བོད་སྐད་དུ། འཕགས་པ་ཕྱོགས་བཅུའི་མུན་པ་ཐམས་ཅད་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ། སངས་རྒྱས་དང་བྱང་ཆུབ་སེམས་པ་ཐམས་ཅད་ལ་ཕྱག་འཚལ་ལོ། །ཕྱོགས་བཅུའི་འགལ་རྐྱེན་ཐམས་ཅད་ཞི་བ་དང་། །ཕྱོགས་བཅུའི་མཐུན་རྐྱེན་ཐམས་ཅད་བསྒྲུབ་པའི་ཕྱིར། །ཕྱོགས་བཅུའི་སངས་རྒྱས་རྣམས་ལ་ཕྱག་འཚལ་ནས། །ཕྱོགས་བཅུ་མུན་སེལ་བཀྲ་ཤིས་འདི་བརྗོད་དོ། །ཤར་ཕྱོགས་ཉོན་མོངས་ཐམས་ཅད་བསྐྱོད་པ་ན། །སངས་རྒྱས་རྗེས་སྤྱོད་ཞབས་ལ་ཕྱག་འཚལ་ལོ། །བདག་ནི་ཤར་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ལྷོ་ཕྱོགས་མུན་ནག་ཚོགས་བཅོམ་ཞིང་ཁམས་ན། །སེམས་བསྐྱེད་ཡིད་མཛད་མངོན་འཕགས་ཕྱག་འཚལ་ལོ། །བདག་ནི་ལྷོ་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ནུབ་ཕྱོགས་ཡུལ་ཕེབས་ཞེས་བྱའི་ཞིང་ཁམས་ན། །འཁོན་དང་རྒྱགས་པ་རྣམ་གནོན་ཕྱག་འཚལ་ལོ། །བདག་ནི་ནུབ་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །བྱང་ཕྱོགས་སྤོབས་པ་ཅན་གྱི་ཞིང་ཁམས་ན། །རིན་ཆེན་གཟུགས་བཀོད་འོད་གནོན་ཕྱག་འཚལ་ལོ། །བདག་ནི་བྱང་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །བྱང་ཤར་བདུད་ཀྱི་སྡེ་བཅོམ་ཞིང་ཁམས་ན། །ཡིད་གཉིས་ཀུན་འཇོམས་རྣམ་གནོན་ཕྱག་འཚལ་ལོ། །བདག་ནི་བྱང་ཤར་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ཤར་ལྷོ་རྟག་ཏུ་སྣང་བའི་ཞིང་ཁམས་ན། །འཁོར་ལོ་འབྱུང་བའི་དཔལ་ལ་ཕྱག་འཚལ་ལོ། །བདག་ནི་ཤར་ལྷོ་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ལྷོ་ནུབ་གསེར་གྱི་དྲ་བས་གཡོགས་པ་ན། །རིན་ཆེན་གདུགས་འཕགས་སྣང་ལ་ཕྱག་འཚལ་ལོ། །བདག་ནི་ལྷོ་ནུབ་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །།ནུབ་བྱང་ཡོངས་དག་རབ་གནས་མངོན་འཕགས་ན། །བྱང་ཆུབ་སེམས་དཔའ་འདུལ་ལ་ཕྱག་འཚལ་ལོ། །བདག་ནི་ནུབ་བྱང་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །སྟེང་ཕྱོགས་དམིགས་མེད་ཡིད་ལ་བྱེད་པ་ན། །སྐྲག་མེད་མུན་བྲལ་ཏིང་འཛིན་ཕྱག་འཚལ་ལོ། །བདག་ནི་སྟེང་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །འོག་ཕྱོགས་ཡོན་ཏན་ཐམས་ཅད་རྒྱན་པ་ན། །ཐེ་ཚོམ་གཅོད་པར་མཛད་ལ་ཕྱག་འཚལ་ལོ། །བདག་ནི་འོག་ཕྱོགས་དོན་གཉེར་འགྲོ་བ་ན། །དོན་དེ་གྲུབ་ནས་སླར་ཡང་ལྡོག་པར་ཤོག །ཇི་ལྟར་བཅོམ་ལྡན་ཤཱཀྱ་ཐུབ་པ་ཡིས། །ཤཱཀྱ་གཞོན་ནུ་རབ་ཏུ་གསལ་བ་ལ། །ཕྱོགས་བཅུའི་མུན་སེལ་བཀྲ་ཤིས་མཛད་པ་བཞིན། །བདག་ཅག་འཁོར་བཅས་བཀྲ་ཤིས་དོན་གྲུབ་ཤོག །འཕགས་པ་ཕྱོགས་བཅུའི་མུན་པ་རྣམ་པར་སེལ་བ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་རྫོགས་སོ། །

Tags:

🔥 Trending searches on Wiki བོད་སྐད:

ཤིང་དཀྲོལ།རྒྱལ་བ་བྱམས་པ།ཤོག་བུ།རྣམ་དབྱེ།ཁྲག་འཇུབ་གདོན་འདྲེ་སྣང་རྫོང་།ལུགས་ཀྱི་བསྟན་བཅོས་ལྷ་དང་དཔལ་འདུ་བའི་ནོར་བུ་ཕོ་བྲང་པོ་ཏ་ལ་སྒྲིབ་གཉིས་་ཀ་ཐོག་དགོན།བོད་ཀྱི་སྣོད་བཅུད་ཆགས་ཚུལ།ས་སྐྱའི་སྲིད་སྐྱོང་དུས་རབས།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།ཨུཀ་རཡི་ནི།བོདཟི་ལིང་།སྐམ་ཆུ་གཉིས་འཚོའི་སྲོག་ཆགས།ལྷ་ལུང་དཔལ་རྡོར་༨ (གྲངས་ཀ།)ཉི་ཧོང་གི་མི།རྗེ་བཙུན་ཐོགས་མེད།ལེགས་སྦྱར་སྐད།ལི་ཆེ་ཏན་སཏིན།ནོར་བུ་གླིང་ག་ཀྲུང་གོདུང་དཀར་བློ་བཟང་འཕྲིན་ལས་འཕྲིན་ཡིག་གི་སྐོར།རིན་ཆེན་རཏྣ་བསམ་འཕེལ་སྔོན་འགྲོ་གཟེར་ལྔ།སྨྱུང་གནས་ལ་ཉེ་བར་མཁོ་བའི་གདམས་པ་དངོས་དོན་རྟོག་བཟོ།ཨར་མེ་ནི་ཡ།རང་མཚན།༢༠༠༦ལོ།ཤེར་སྙིང་བདུད་བཟློག་ཆོ་ག་སུང་རྒྱལ་རབས།སངས་རྒྱས། (ཐ་སྙད།)མཁན་ཆེན་རིན་ཆེན་བཟང་པོ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།བ་ཧ་མཱ་སི།སྡོམ་གསུམ་རྣམ་ངེས་ཞི་པན་ཡ།མོག་མོག་གྲོ།བོད་ཡིག་ལིའུ་པང་།རྒྱ་གར་གི་ལོ་རྒྱུས།བོད་དང་ཡ་ཧུ་དཱའི་མི་ཆོས་ཁྲིམས་ལུགས་ཕོ་ལན་སྐད།ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་མི་བཟོས་རིག་ནུས།མ་ཎི་བཀའ་འབུམ།གཏམ་པད་མའི་ཚལ་གྱི་ཟློས་གར་རྒྱལ་བ་ཐུབ་བསྟན་རྒྱ་མཚོ།སེན་གོའི་དུས་མཚམས་དུས་འཁོར།ཁར་ཏུམ།སྨན་རི་དགོན།ལྦེ་ཁེ་རིག་མཛོདརྒྱལ་བ་དགེ་འདུན་གྲུབ་ཀུ་བ།ཚད་མ་རིག་པ་བསམ་པ་ལྷུན་འགྲུབ་མ་བཞུགས་སོ།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྙིང་འགྲེལ་སྐལ་བཟང་རྣ་བའི་དགའ་སྟོན།།དངོས་ཁམས་རིག་པ།མཛོད་ནས་བསྟན་པའི་སྲིད་པའི་བྱུང་རབས་སྐོར་ལ་དཔྱད་བསྡུར་བྱས་པ་རྩ་རྫས་དང་རྩ་རྫས་ཀྱི་ཁྱད་ཆོས།🡆 More