ཆང་གི་ཉེས་པ་སུམ་ཅུ་པ་

ཆུང་གི་ཉེས་པ

ཆང་གི་ཉེས་པ་སུམ་ཅུའི་ངོ་སྤྲོད།

དགའ་བ་ཅན་གྱིས་ཞུས་པའི་མདོ་ལས།

ཆང་འཐུང་བ་ལ་མངོན་པ་དགའ་བའི་མི། །བདག་ལ་ཕན་དང་གཞན་ལ་བདེ་མི་ནུས། །རྨོངས་དང་མདོག་ངན་བྱེད་པ་ཆང་ཡིན་ཏེ། །ཇི་ལྟར་ཧ་ལའི་ངག་བཞིན་དེ་མི་བཏུང་། ཞེས་ཉེས་དམིགས་དུ་མ་དང་ལྡན་པའི་ཆང་ནི་མིའི་འགྲོ་བ་རྣམས་ཀྱིས་མི་འཐུང་བར་བཤད།

མདོ་དྲན་པ་ཉེར་བཞག་ལས།

ཆང་གིས་གཡེང་བའི་མི་དག་ནི། གསོན་ཡང་ཤི་བ་དག་དང་མཚུངས་ཅེས་དང་། དགེ་སྡིག་རྣམ་པར་འབྱེད་པའི་མདོ་ལས། ཚེ་འདི་ལ་ཆང་འཐུང་ཞིང་མྱོས་པ་ནི་ཟངས་ཁུ་འཐུང་བའི་དམྱལ་བར་ལྷུང་ངོ་ཞེས་སོ། །

ཆང་གི་ཉེས་པ་སུམ་ཅུ་རྩ་ལྔ།

དེའི་ཉེས་དམིགས་ཀྱང་། དགའ་བའི་ཅན་གྱི་མདོ་དེ་ཉིད་ལས། བཅོམ་ལྡན་གྱིས་གསུངས་པ། དགའ་བ་ཅན་འབྲུའི་ཆང་དང་། བཅོས་པའི་ཆང་། བག་མེད་པའི་གནས་ཀྱི་ཉེས་དམིགས་སུམ་ཅུ་རྩ་ལྔ་ནི། འདི་དག་ཡིན་པས་རག་པར་བྱ་སྟེ། སུམ་ཅུ་རྩ་ལྔ་པོ་དེ་དག་གང་ཡིན་ཞེ་ན། ཚེ་འདི་ལ་ནོར་ཟད་པ་དང་། ནད་རྣམས་རྒྱལ་བར་བྱེད་པ་དང་། འཐབ་པ་དང་རྩོད་པ་བསྐྱེད་པར་བྱེད་པ་དང་། དོན་མེད་པ་ལ་ལྟ་བ་དང་། གྲགས་པ་མ་ཡིན་ཀུན་འབྱུང་བར་བྱེད་པ་དང་། ཤེས་རབ་ཉམ་ཆུང་བར་བྱེད་པ་དང་། ལོངས་སྤྱོད་འཐོབ་པ་མི་འཐོབ་པར་འགྱུར་བ་དང་། ལོངས་སྤྱོད་འཐོབ་པ་ཡོངས་སུ་ཟད་ཅིང་ཡོངས་སུ་གཏུག་པར་འགྱུར་བ་དང་། གསང་མི་ཐུབ་པར་འགྱུར་བ་དང་། དེའི་ལས་ཀྱི་མཐའ་ཡོངས་སུ་འགྲིབ་པ་དང་། མཐུ་སྟོབས་ཆུང་ངོར་བྱེད་པར་འགྱུར་བ་དང་། མར་མི་འཛིན་པར་འགྱུར་བ་དང་། དགེ་སྦྱོང་དུ་མི་འཛིན་པར་འགྱུར་བ་དང་། བྲམ་ཟེར་མི་འཛིན་པར་འགྱུར་བ་དང་། རིགས་ཀྱི་གཙོ་བོ་ལ་བསྙེན་བཀུར་མི་བྱེད་པར་འགྱུར་བ་དང་། སངས་རྒྱས་ལ་མ་གུས་པར་འགྱུར་བ་དང་། ཆོས་ལ་མ་གུས་པར་འགྱུར་བ་དང་། དགེ་འདུན་ལ་མ་གུས་པར་འགྱུར་བ་དང་། བསླབ་པ་ཡང་དག་པར་བླངས་པ་ལ་མ་གུས་པར་འགྱུར་བ་དང་། ཚུལ་ཁྲིམས་འཆལ་བར་འགྱུར་བ་དང་། དབང་པོའི་སྒོམ་བསྡམས་པར་འགྱུར་བ་དང་། བག་མེད་པ་ལ་བུད་མེད་དོན་དུ་གཉེར་བར་འགྱུར་བ་དང་། ཉེ་དུ་སྣག་གི་གཉེན་མཚམས་དང་མཛའ་བཤེས་དང་སློབ་དཔོན་དག་གི་སྤོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་གིས་ཡིད་དུ་མ་འོང་བར་འགྱུར་བ་དང་། སྐྱེ་བོ་མང་པོ་དག་དང་མི་མཐུན་པར་འགྱུར་བ་དང་། ཆོས་མ་ཡིན་པ་ལ་སྤྱོད་པར་འགྱུར་བ་དང་། ཆོས་མ་ཡིན་པ་ཡོངས་སུ་འཛིན་པར་འགྱུར་བ་དང་། དམ་པའི་ཆོས་ཡོངས་སུ་སྤོང་བར་འགྱུར་བ་དང་། ངོ་ཚ་ཤེས་པ་དང་ཁྲེལ་ཡོད་པ་སྤང་བར་འགྱུར་བ་དང་། དེ་མི་མཛའ་བ་དག་དང་གནས་ཀྱང་མཁས་པ་རྣམས་ལ་ཡོངས་སུ་འདྲི་བར་མི་སེམས་པ་དང་། བག་མེད་ཉམས་བག་ཏུ་སྤྱོད་པར་འགྱུར་བ་དང་། དེ་བཞིན་གཤེགས་པའི་གསུང་རབ་ལ་ཀུན་ནས་མི་གནས་པ་དང་། ངན་ལས་འདས་པ་ལ་ཐག་རིང་དུ་འགྱུར་བ་དང་། སྨྱོན་པར་འགྱུར་བའི་ལས་བྱས་ཤིང་བག་ཆགས་པས་ལུས་ཞིག་ནས་ངན་སོང་ངན་འགྲོ་ལོག་པར་ལྟུང་བ་སེམས་ཅན་དམྱལ་བ་དག་ཏུ་སྐྱེ་ཞིང་། གལ་ཏེ་དེ་ནས་ཤི་འཕོས་ཏེ་འདིར་མི་རྣམས་དང་སྐལ་བ་མཉམ་པར་སྐྱེས་ན་ཡང་། དེ་གང་དང་གང་དུ་སྐྱེ་བ་དེ་དང་དེར་སྨྱོན་པར་འགྱུར་ཞིང་དྲན་པ་མི་གསལ་བར་འགྱུར་ཏེ། དགའ་བ་འབྲུའི་ཆང་དང་། བཅོས་པའི་ཆང་། བག་མེད་པའི་གནས་ཀྱི་ཉེས་དམིགས་ནི་སུམ་ཅུ་རྩ་ལྔ་པོ་འདི་ཡིན་པར་རིག་པར་བྱའོ། །ཞེས་གསུངས་སོ། །

Tags:

ཆང་གི་ཉེས་པ་སུམ་ཅུ་པ་ ཆང་གི་ཉེས་པ་སུམ་ཅུའི་ངོ་སྤྲོད།ཆང་གི་ཉེས་པ་སུམ་ཅུ་པ་

🔥 Trending searches on Wiki བོད་སྐད:

ནེལ་སོན་མཱན་ཌེ་ལ།མིར་ཡམ །སྤྱང་ཚེར་བཀའ་བསྡུས་ཨ་ངྷི་སེའུ།གཟའ་མིག་དམར་གསང་སྔགསས་ཨའེ་རྩེ།སྡོམ་གསུམ་རྣམ་ངེས་གླང་གོག་སི་ཨམ་མདོ་རྒྱུད་མཛོད་དག་ཡིགདཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།ལུགས་ཀྱི་བསྟན་བཅོས་ཏི་ཀྲུང་ཧའེ་རྒྱ་མཚོ།རལ་པ།གོ་དང་དཀྱི་ར།བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་ཙམ་གླེང་པ།བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་བཞི་འཛམ་གླིང་སྤྱི་བསངས།ཚ་ལུ་མ།རྗེ་བཙུན་དམ་པ་ཧུ་ཐུག་ཐུ།བོད་ཀྱི་རྒྱལ་རབས་ཀུན་མཁྱེན་འཇིགས་མེད་གླིང་པ་བཙན་གཡེམ།ཝ་ཤིན་ཏྲོན།སྨན་རྩིས་ཁང་།སྨིན་གླིང་གཏེར་ཆེན་གཉུག་རླུང་།རྒྱལ་སྲིད་སྣ་བདུན་གློག་ཀླད།བླ་མ།ཟེན།མི་བཟོས་རིག་ནུས།ཟླ་༡ཚེས་༨ཉིན་སྒལ་ཚིགས་སྲོག་ཆགས་ཨོ་སི་ཀར་ཝེལ་ཌེ།སྙིང་ཐིག་སྔོན་འགྲོ་མར་པ།འཇར་མན།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།གླིང་བུ།ཧྥ་རན་སི་ལོན་ཊོན།ཛིར་ཀོ་ནིམ།སྲིད་པ་འཁོར་ལོ་བདེ་སྨོན་བསྡུས་པ་དྲི་མ་དྲུགཐང་གཆགས་པ་མཐོ་རུ་འཕེལ་བ།ཚད་མ་རིག་པ་ཀུ་བ།རྒྱལ་དར།སྟེང་ཆེན་རྫོང་།ཇིཨོར་ཇི་ཡ། (རྒྱལ་ཁབ།)དོལ་ཁུག་ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་རིག་གནས་བཅུ།ལི་མ།ཀ་མ་ལ་རཀྴི་ཏ་སྨུག་པོའི།ཚེ་མདོདུང་དཀར་ཚིག་མཛོད་ཆེན་མོ་རྣམ་སྨིན་འབྲས་བུ་WeChatམི་དགེ་བ་བཅུཀུན་གཞིའི་རྣམ་ཤེས་ཟླ་༡ཚེས་༡༥ཉིན་🡆 More