ཀུན་གཞིའི་རྣམ་ཤེས་

ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་སྨྲ་བ་བཞིའི་ནང་གསེས་སེམས་ཙམ་པ་རྣམས་ཀྱིས་རྣམ་ཤེས་ཚོགས་བརྒྱད(༡མིག་གི་རྣམ་ཤེས། ༢རྣ་བའི་རྣམ་ཤེས། ༣་སྣའི་རྣམ་ཤེས། ༤ལྕེའི་རྣམ་ཤེས། ༥་ལུས་ཀྱི་རྣམ་ཤེས། ༦་ཡིད་ཀྱི་རྣམ་ཤེས། ༧ཀུན་གཞིའི་རྣམ་ཤེས། ༨ཉོན་ཡིད་བཅས)ཁས་ལེན་ཞིང་། དེའི་ནང་ཚན་ཀུན་གཞིའི་རྣམ་ཤེས་དེ་ལ་རིགས་གཉིས་ཡོད་པ་སྟེ། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་དང་། བརྟེན་པ་ས་བོན་གྱི་ཀུན་གཞི་གཉིས་ཡིན། རྟེན་དུ་གྱུར་པ་རྣམ་སྨིན་གྱི་ཀུན་གཞི་ཞེས་པ་ནི། ཁྱད་ཆོས་བཞི་དང་ལྡན་པ་སྟེ། ༡་དམིགས་པའི་ཁྱད་པར་ནི་གཟུགས་སོགས་ཡུལ་ལྔ་དང་། དབང་པོ་ལྔ་དང་། བདག་དང་། ཆོས་ཀུན་བཏགས་པའི་ངོ་བོ་དེ་ཉིད་ལ་ཞེན་པའི་བག་ཆགས་ལ་དམིགས་པ་དང་། ༢་རྣམ་པའི་ཁྱད་པར་ནི་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་སོགས་རྣམ་པར་ཤེས་པ་རང་ཉིད་ལ་སྣང་ཡང་ངེས་ཤེས་འདྲེན་མི་ནུས་པ། ༣ངོ་བོའི་ཁྱད་པར་དགེ་མི་དགེ་གང་གི་ཡང་ངོ་བོར་མི་གནས་པས་མ་སྒྲིབ་ལུང་མ་བསྟན་ཡིན་པ། ༤གྲོགས་ཀྱི་ཁྱད་པར་ནི། སེམས་བྱུང་ཀུན་འགྲོ་ལྔ (༡ཚོར་བ་དང་། ༢འདུ་ཤེས། ༣སེམས་པ། ༤རེག་པ། ༥་ཡིད་ལ་བྱེད་པ)དང་མཚུངས་ལྡན་དུ་ཡོད་པ་བཅས་ཡིན། དེ་ཡང་དགེ་མི་དགེའི་ལས་དང་སེམས་བཟང་ངན་ཀུན་གྱི་བག་ཆགས་འཛིན་ཞིང་དུས་ཀུན་དུ་རྒྱུན་མི་ཆད་པར། ཐེག་དམན་གྱི་ལྷག་མེད་མྱང་འདས་དང་། ཐེག་ཆེན་གྱི་སྒོམ་ལམ་རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་གྱི་བར་དུ་འཇུག་པ་ཞིག་ཡིན། བརྟེན་པ་ས་བོན་གྱི་ཀུན་གཞི་ཞེས་པ་ནི། བག་ཆགས་བསྒོ་བྱེད་རྣམ་ཤེས་ཀྱིས་བག་ཆགས་བསྒོ་གཞི་ཀུན་གཞིའི་རྣམ་ཤེས་ཀྱི་སྟེང་དུ་རང་ཉིད་འགག་པ་ལ་མངོན་དུ་ཕྱོགས་པའི་ཚེ་དགེ་མི་དགེ་ལུང་མ་བསྟན་གསུམ་གྱི་བག་ཆགས་བཞག་པའི་ནུས་པ་དེ་ལ་ཟེར། དེ་ཡང་ཁྱད་ཆོས་ལྔ་དང་ལྡན་པ་ཞིག་སྟེ། ༡གློག་ལྟ་བུའི་མི་བརྟན་པ་མ་ཡིན་པས་རྒྱུན་ཆགས་པ། ༢་དགེ་མི་དགེའི་སེམས་ཧ་ཅང་གསལ་བ་དང་མི་གསལ་བ་མེད་པས་ལུང་མ་བསྟན་ཡིན་པ། ༣མི་རྟག་པ་ཡིན་པས་བག་ཆགས་བསྒོ་བར་ནུས་པ། ༤བསྒོ་བྱེད་དང་བསྒོ་གཞི་སྐྱེ་འགག་དུས་གཅིག་ཏུ་བྱེད་པའི་འབྲེལ་བ་དམ་པོ་ཡོད་པ། ༥མཐའ་གཅིག་ཏུ་བག་ཆགས་བསྒོ་བའི་རྟེན་དུ་གྱུར་པ་བཅས་ཡིན། བག་ཆགས་ཀྱི་གོ་དོན་སྐོར་འོག་གི་བ་སྡེའི་ནང་གི་བག་ཆགས་ཅེས་པའི་འགྲེལ་བཤད་ཀྱི་སྐབས་སུ་གསལ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

དར་ཁྱབ་ཆེ་བའི་རོལ་དབྱངས།པུ་ལྡེ་གུང་རྒྱལ།ལྷ་ས་གཙུག་ལག་ཁང་ཚེ་མདོསྨྲ་སྒོའི་མཚོན་ཆའི་རྣམ་བཤད་སྨྲ་བའི་རྒྱན་མི་བཟོས་རིག་ནུས།ཚ་རོང་ཟླ་བཟང་དགྲ་འདུལ་ཝི་ཏི་ནམ།རྒྱུད་བླ་མ་དཀྱིལ་འཁོར།ལ་ཏིན་སྐད།རྒྱལ་བ་དགེ་འདུན་རྒྱ་མཚོ།རིགས་ལྔའི་ཕྱག་རྒྱ།༢༠༠༣ལོ།ས་སྐྱ་ལེགས་བཤད།ཁ་ཆེ་ཕ་ལུ།ཨང་གོ་ལ།༢༠༢༡ལོ།པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་ཟླ་༩ཚེས་༡༨ཉིན་ཞི་བྱེད་པ།བྱ།ལྷོ་མཐའི་གླིང་།མ་གཅིག་ལབ་སྒྲོན།ཨཱསཱམ།བྱ་ཏེ་ཀོ་རི་ཡ།བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་ཞང་ཞུང་མེ་རི་སྙིང་ཐིག་ཐའི་ལེན།༢༠༣༧ལོ།དཀོན་མཆོག་རྗེས་དྲན་༢༠༤༡ལོ།རྣམ་སྲས་མ་ཅིག་ལབ་ཀྱི་སྒྲོལ་མ་ཨུ་ཟ་བེ་ཀི་སྟན།ཟླ་༡༡ཚེས་༢༧ཉིན་ལའོ་སུ།ལི་མ།ཟླ་༡༠ཚེས་༢༤ཉིན་གོ་དང་དཀྱི་ར།འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཝ་ཐི།རྟགས་འཇུག་ལས་དངོས་པོའི་དབང་གིས་བདག་གཞན་གཉིས་སུ་དབྱེ་ཚུལ་ཆུ་རྒྱུན།ཧྥ་ཤི་སིའི་རིང་ལུགས།དཀོན་མཆོག་གསུམ།སྲོང་བཙན་སྒམ་པོ།ཨའི་ཁི་དོ།ཨོ་སེ་ཐེ་ལི་ཡ།མོག་མོག་དགྲ་བཅོམ་པ།འཇམ་དབྱངས་སྐྱིད།ཁོ་ཕེན་ཧ་ཀེན།ཟླ་༤ཚེས་༡༩ཉིན་འཛམ་གླིང་འཁྲུག་ཆེན་གཉིས་པ་སེ་སྣོལ་གནམ་ལྡེ།ལྷོ་ཨ་ཧྥེ་རི་ཁ།རྫས་འགྱུར་རིག་པ།རིན་ཆེན་ཚ་སྦྱོར་ཆེན་མོ་༡༧༦༦ལོ།ཐང་སྟོང་རྒྱལ་པོ།ཨར་ལེན་ཌ།དན་མྲགཏུན་ཧོང་བྲག་ཕུག།བརྒྱ་བཞིའི་ཆོ་ག་པུ་རུ་ཟིལ།🡆 More