ཀུན་མཁྱེན་འཇིགས་མེད་གླིང་པ་

གསང་སྔགས་སྔ་འགྱུར་གྱི་བསྟན་འཛིན་སྐྱེས་ཆེན་མཁས་གྲུབ་གཉིས་ལྡན་ཞིག་ཡིན། མཚན་གཞན་མཁྱེན་བརྩེ་འོད་ཟེར་ཡང་ཞུ། ལྷོ་ཁ་འཕྱོངས་རྒྱས་དཔལ་རི་དགོན་གྱི་ཉེ་འདབས་སུ་ཡབ་ཆོས་རྗེ་སྨོན་ལམ་བཟང་པོ་དང་། ཡུམ་མདོ་སྲིབ་སྟེང་ཁང་པའི་རིགས་སུ་རབ་བྱུང་བཅུ་གཉིས་པའི་ས་བྱ་(༡༧༢༩)ལོར་འཁྲུངས། དགུང་ལོ་དྲུག་ལ་ཕེབས་སྐབས་དཔལ་རི་འོད་ཟེར་ཐེག་མཆོག་གླིང་དུ་ཆོས་སྒོར་ཞུགས་ཏེ་སྤྲུལ་སྐུ་ངག་དབང་པདྨ་ལས་རབ་ཏུ་བྱུང་། དགུང་ལོ་བཅུ་ལ་ཕེབས་སྐབས་པཎ་ཆེན་ཤཱཀྱ་ཤྲའི་སྡོམ་རྒྱུན་གནས་གསར་བ་ཀུན་དགའི་དྲུང་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། དགུང་ལོ་བཅུ་གསུམ་ནས་ལོ་ཤས་རིང་གྲུབ་དབང་ཐུགས་མཆོག་རྡོ་རྗེ་དང་། དྲུང་དམ་ཆོས་བློ་གསལ་དབང་པོ། ཆོས་རྗེ་ཐེག་ཆེན་གླིང་པ། ཞང་སྒོམ་ཆེན་པོ། བླ་མ་ཀུན་ཏུ་བཟང་པོ། ཀོང་སྨྱོན་སྦས་པའི་རྣལ་འབྱོར་སོགས་བླ་མ་མང་དུ་བསྟེན་ནས། གསང་སྔཀས་གསར་རྙིང་གི་ཆོས་བཀའ་མཐའ་ཡས་པ་གསན། མཆིམས་ཕུ་སོགས་དབེན་པའི་གནས་སུ་ལོ་མང་པོའི་བར་དུ་སྒྲུབ་པ་ཉམས་བཞེས་རྩེ་གཅིག་ཏུ་མཛད་པས་རིག་འཛིན་གོང་རྣམས་དང་དབྱེར་མེད་པའི་གྲུབ་པའི་གོ་འཕང་མཐོན་པོར་གཤེགས་ཤིང་། སྔ་འགྱུར་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་གྱུར། དགུང་ལོ་སོ་བཞི་པ་རབ་བྱུང་བཅུ་གསུམ་པའི་ཆུ་རྟ(༡༧༦༢)ལོར་ཚེ་རིང་ལྗོངས་ཀྱི་སྒྲུབ་སྡེ་ཕྱག་བཏབ་སྟེ་སྐུ་ཚེ་ཧྲིལ་པོར་གཙོ་ཆེར་སྒྲུབ་གནས་དེ་ཉིད་དུ་ཐུགས་དམ་ཉམས་བཞེས་ལ་གཞོལ་བར་མཛད་ཅིང་། མོན་དང་། ཀོང་པོ། ཁམས་ཕྱོགས། གཙང་ས་སྐྱ་སོགས་སུ་གདན་དྲངས་པ་ལྟར་ཕེབས་ཏེ་རང་རང་སོ་སོའི་མོས་པ་དང་འཚམས་པའི་མདོ་སྔགས་ཀྱི་ཆོས་མང་དུ་གནང་བས། བརྒྱུད་པ་འཛིན་སྤེལ་ནུས་པའི་སློབ་མ་ཡང་མང་པོ་བྱུང་། སྔ་འགྱུར་བསྟན་པའི་སྲོག་རྩར་སྨིན་ངེས་ཀྱི་གསུང་རྩོམ་ཡང《ཡོན་ཏན་རིན་པོ་ཆེའི་མཛོད》རྩ་བ་དང་འགྲེལ་པ། 《སྔ་འགྱུར་རྒྱུད་འབུམ་རིན་པོ་ཆེའི་རྟོགས་བརྗོད》《གཏམ་ཚོགས་ཐེག་པའི་རྒྱ་མཚོ》སོགས་སྡེ་དགེ་དཔར་ཁང་ཆེན་མོར་པོད་དགུ་ཙམ་བཞུགས། དགུང་ལོ་བདུན་ཅུ་པ་རབ་བྱུང་བཅུ་གསུམ་པའི་ས་རྟ་(༡༧༩༨)ལོར་དགོངས་པ་གཞན་དོན་དུ་གཤེགས། མཛད་རྣམ་ཞིབ་རྒྱས་མ་མཇལ་ཡང་མདོར་བསྡུས་ཙམ《གུ་བཀྲ་ཆོས་འབྱུང》དེབ་ཆེན་ལྕགས་དཔར་མའི་ཤོག་གྲངས༦༣༥ནས༦༤༤བར་གསལ། རྣམ་ཐར་རྒྱས་པ་ཁ་བྱང་དུ《རྫོགས་ཆེན་མཁྱེན་བརྩེ་འོད་ཟེར་གྱི་རྣམ་ཐར་ལེགས་བྱས་ཡོངས་འདུའི་སྙེ་མ》ཞེས་འཁོད་པ་དཔར་མ་ལ་གྲངས་༣༤༠ཡོད་པ་དེར་གཟིགས། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

ཀོང་གོ་སྤྱི་མཐུན་རྒྱལ་ཁབ།༢༠༡༣ལོ།ཀ་མད་སུམ་ཅུ་རང་དབང་ཅན་གྱི་ཚིག་ཕྲད་དྲུགརམས་ཕྱིས།གནམ་ཆོས་ཐུགས་ཀྱི་གཏེར་ཁ།འོད་ཟེར་སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་ཞྭ་ལྷ་ཁངསུ་ཁུ་རེ།ཡོ་བ།ཚྭ་རླུང་།ཕོ་བྲང་པོ་ཏ་ལ་ཀུན་མཁྱེན་འཇིགས་མེད་གླིང་པ་དང་པོའི་སངས་རྒྱས།མི་གཡོ་བ།བར་དོ་དང་པོའི་འོད་གསལ་ངོ་སྤྲོད་ཆ་གསུམ་དང་ལན་ཆགས་གཏོར་མ་འབྱུང་བཞི་གསུམ་ཆོས་ཀྱི་ཕུང་པོ་སློབ་གྲྭ་ཆེན་མོ།སྐྱུར་རྫས།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽༤༩ (གྲངས་ཀ།)ཞང་ཞུང་རྒྱལ་རབས་ཀྱི་བང་སོ།དམར་པོ་རི།བཙན་བྱོལ་བོད་གཞུང་།སྲོག་ཆགས་ཚུལ་ཁྲིམ་རྒྱ་མཚོ་རྣམ་དབྱེ་བརྒྱད་པ་སེལ།པེར་ཅིན།ཨི་ཏ་ལི།རིགས་ལྔ།བྷར་མ།བོད་ཀྱི་སྙན་ངགསྲོག་ཆགས་ཚེ་ཐར་ལྦེ་ནི་སུ་ནི།སཱན་ཏོ་ཌོ་མིང་གོརལ་པ།ཀུན་བཏགས་ཕར་ཕྱིན་དྲུག་མིའི་རིགས་ཀྱི་ཆགས་སྦྱོར་གྱི་བྱ་སྤྱོད།རྒྱུད་བླ་མ་ཟླ་༩ཚེས་༡༨ཉིན་ལུང་རྟོགས་རྒྱ་མཚོ།མཛེ་ནད།སྒྱུ་རྩལ་གྱི་བྱུང་ཚུལ།རྗེ་འབངས་ཉེར་ལྔ་ཟླ་༢ཚེས་༦ཉིན་ལྦེ་ཁེ་རིག་མཛོདསངས་རྒྱས། (ཐ་སྙད།)སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།སྨོན་ལམ་ལྔ།ཐེ་བོ།ལང་ཚོའི་རྦབ་ཆུརྗོར་ཌན།གནས་བརྟན་བཅུ་དྲུག་པཎྜི་ཏ་སངས་རྒྱས་གསང་བ་ཐེག་ཆེན་ཚུལ་འཇུག་ཀརྨ་གླིང་པ་དབུས་བཟའ་མཁའ་འགྲོ་མ་པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།ཕྱག་འཚལ་བའི་དགོས་པ་ཨོ་སི་ཐྲི་ཡ།༼མ་ཧ་བ་ར་ཏ།༽🡆 More