ཝ་ཤིན་ཏྲོན།

དབྱིན་ཡིག་གི (Washington) ཟེར་བ་འདི་ཐད་ཀར་བོད་ཡིག་ཏུ་བསྒྱུར་ན་ཝ་ཤིང་ཊོན་ཞེས་པའི་སྒྲ་གདངས་འདི་ཐོན། འོན་ཀྱང་དེ་རྒྱ་ཡིག་ལ་བསྒྱུར་ནས། རྒྱ་ཡིག་དེ་བོད་ཡིག་ལ་བསྒྱུར་ན་ཧྭ་ཤིན་ཀྲོན་ནམ་ཡང་ན་ཝ་ཧྲིང་ཏོན་ལྟ་བུ་ཞིག་ཐོན། གང་ལྟར་འདི་ནི་དེང་སང་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ་ཀྱི་རྒྱལ་ས་རེད། ཡང་འདི་ལ་དབྱིན་ཡིག་ནང Washington DC, ཟེར་ནས་བྲིས་ཡོད། དེ་ནི (District of Columbia) ཟེར་བ་དེའི་བསྡུས་ཚིག་རེད། དེ་ནི་མ་རེ་ལེན་ཊི་(Maryland) མངའ་སྡེ་དང་། བེར་ཇེའུ་ནེ་ཡ་(Virginia) མངའ་སྡེ་གཉིས་ཀྱིས་ས་ཆ་ཤས་རེ་སྤྲད་ནས་ཁུལ་ལྟ་བུ་ཞིག་བཟོས་པ་དེའི་དོན་རེད། སྤྱི་ལོ ༧༩༠ ལོར་ཨ་རིའི་རྒྱལ་ཁབ་ཀྱི་གཙོ་འཛིན་ནམ་སྲིད་འཛིན་ཐོག་མ་འཇོར་ཇེའུ་ཝ་ཤིང་ཊོན་(George Washington)འདེམས་ཐོན་བྱུང་པ་རེད། དེའི་སྐབས་སུ་ཨ་རི་རྒྱལ་ཁབ་འདི་གསར་དུ་དབྱིན་ཇི་འོག་ནས་རང་བཙན་ཐོབ་པ་ཡིན་པས་རྒྱལ་ས་དམིགས་བསལ་མེད། དེའི་རྐྱེན་གྱིས་སྲིད་འཛིན་ཐོག་མ་ཝ་ཤིང་ཊོན་གྱིས་རྒྱལ་ས་འདི་འདེམས་པ་རེད། གང་ཡིན་ཟེར་ན་ཁོང་རང་ཉིད་ཀྱི་ཡུལ་དང་ཐག་ཉེ་བ་རྒྱུ་མཚན་དུ་བྱས་པ་རེད། དེའི་རྗེས་ནས་ས་ཁུལ་འདིའི་མིང་ལ་ཝ་ཤིན་ཊོན་ཟེར་ནས་མིང་འདི་ཐོག་པ་རེད། རྒྱལ་ས་འདི་ན་སྲང་ལམ་ཡོད་ཚད་གུ་ཡངས་པ་ཡོད་ལ་སྐྱེད་མོས་ཚལ་ལམ་སྤྱི་གླིང་ཡོད་ཚད་ཀྱང་གུ་ཡངས་པ་ཡོད། ཁང་བརྩེགས་ཡོད་ཚད་མཐོ་རྒྱུ་མེད་ལ་དམའ་རྒྱུ་ཡང་མེད་པ་བལྟ་ན་ཡིད་དུ་འོང་བ་ཞིག་ཡོད། ལོ་རྒྱུས་ལྡན་པའི་ཁང་པ་ཤིན་ཏུ་མང་། ཁང་བ་ཚང་མའི་ནང་ནས་སྐད་གྲགས་ཆེ་ཤོས་དེ་ཕོ་བྲང་དཀར་པོ་(White House)ཡོད་པ་རེད། དེ་ནི་སྲིད་འཛིན་གྱི་ཁྱིམ་རེད། གཞན་ཡང་གལ་ཆེ་བའི་ཁང་ཆེན་ནི་འཐུས་མི་ཚོགས་ཁང་(Capitol)ཡང་འདི་ན་ཡོད། དེ་ནི་འཐུས་མིའི་(Congress)ཚོགས་ཁང་ཡིན་ལ། དེར་ཚོགས་ཐོག་ནས་ཁྲིམས་བཟོ་ཡི་ཡོད་པ་རེད། དཔྱིད་དུས་ཀྱི་ཝ་ཤིན་ཊོན་ནི་མེ་ཏོག་གིས་བརྒྱན་པས་ཤིན་ཏུ་བལྟ་ན་སྡུག དེ་ཡང་སྔར་༡༩༡༢ ལོར་འཇར་པན་ནས་ཁམ་བུའི་ཤིང་སྡོང་སྟོང་ཕྲག་གསུམ་ལྷག་བསྐུར་ཡོང་ནས་འདི་བཙུགས་པ་རེད། དེའི་རྐྱེན་གྱིས་ས་འདི་སྤྱི་ཟླ་གསུམ་པ་དང་བཞི་བ་ནི་ཁམ་བུའི་མེ་ཏོག་གིས་བརྒྱན་ནས་ཤིན་ཏུ་མཛེས་པའི་དུས་ཚིགས་ཞིག་ཡིན། ས་འདི་ནི་ཕྱི་རྒྱལ་ཁབ་ཁག་གི་སྲིད་འཛིན་དང་ཨ་རིའི་སྲིད་འཛིན་མཇལ་འཛོམས་ཀྱིས་རྒྱལ་ཁབ་དང་འཛམ་བུ་གླིང་གི་དོན་ཆེན་གླེང་པའི་གནས་རེད། ཅེས་རྒྱལ་ཁམས་པ་བསོད་ནམས་ཡེ་ཤེས་ཀྱིས་ཝ་ཤིན་ཊོན་ནས་བྲིས།།

ཝ་ཤིན་ཏྲོན།

Tags:

མ་རིས་ལེན་ཌ།

🔥 Trending searches on Wiki བོད་སྐད:

སྨོན་འཇུག་སེམས་བསྐྱེད།ནང་པ་སངས་རྒྱས་པ་ཁཱར་ལ་མར་ཁེ་སི།རབ་གནས་ཀྱི་བཤད་སྦྱར་རྒྱུད་བཞི་ཟླ་༡༡ཚེས་༢༨ཉིན་དགུ་རོང་རྒྱལ་སྲས།ལུགས་ཀྱི་བསྟན་བཅོས་ཀརྨ་པ་བདུད་འདུལ་རྡོ་རྗེ་བོད་ཀྱི་ཆོས་ལུགས་རོལ་ཆསའཁྲིག་སྦྱོར་གྱི་ཤེས་བྱ་ལེགས་བཤད་ལྗོན་དབང་སྨན་རི་དགོན།རྒྱུ་སྐར།འཇམ་དཔལ་མཚན་བརྗོད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།སད་ཀྱིས་བཅོམ་པའི་མེ་ཏོགཤེས་རབ་སྙིང་པོ་རྗེ་རིན་པོ་ཆེའི་ལོ་ཚིགས་ལྔ་བརྒྱ་ཐ་མ་མི་ཕམ་སྐད་གཉིས་ཤན་སྦྱར་སྟོད་འཇུ་མི་ཕམ་མདོ་སྡེ་རྒྱན་འགྲེལ་པའི་སྟོད་མ་སྐྱེས་དགྲ། (རྒྱལ་པོ།)རྣམ་དབྱེ་གསུམ་པ་བྱེད་སྒྲ་ཟླ།སྣོད་ཀྱི་སྐྱོན་གསུམ།ལོ་གསུམ་ཕྱོགས་གསུམ་བསྒྲུབ་པ་གསལ་བྱེད་ཀྱི་རྒྱན་བཅུ་གཉིས་ཟླ་༩ཚེས་༡༩ཉིན་ཧཱ་གི་ས་ཁོངས།ཐང་སྟོང་རྒྱལ་པོ།རྒྱལ་སྲིད་སྣ་བདུན་སྟག་མའི་མེ་ཏོགཟླ་བ་བཅུ་གཉིས་བོད་ཀྱི་ལོ་ཚིགས་བརྩི་སྲོལ་ཡོངས་ཁྱབ་གསལ་བསྒྲགས་འགྲོ་བ་མིའི་ཐོབ་ཐང༌༢༠༠༤ལོ།ཁྲི་སྲོང་ལྡེ་བཙན།ཀུན་རྟོགས་བརྒྱད་ཅུ་འཕྱི་བ།བཻ་རོ་ཙ་ན་དགའ་ལྡན་ཁྲི་ཐོག་ང་བཞི་བ་ཁྲི་ཆེན་ངག་དབང་མཆོག་ལྡན།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤའི་བསྟོད་གསོལ་བཞུགས་སོ།སུམ་ཅུ་པའི་རྩ་ཚིག་བཀའ་བརྒྱུད་ཆོས་འབྱུང་མདོར་བསྡུས་སྐྱ་ཀ།ཁོ་ལོམ་བི་ཡ།ས་སྡེ་ལྔ།ཟླ་༨ཚེས་༤ཉིན་རྡོ་གྲུབ་རིན་པོ་ཆེ་འཇིགས་མེད་བསྟན་པའི་ཉི་མ་གཉེན་པོ་སྟོབས་བཞི་སྒྲོལ་མའི་ལོ་རྒྱུས་རོལ་རྩེད།ངག་དབང་བློ་བཟང་རྒྱ་མཚོ་རྗེ་བཙུན་ཐོགས་མེད།ཧྥི་ལི་པིན།ཁྱབ་འཇུག་གི་འཇུག་པ་བཅུ་ཧྲང་ཧའེ་གྲོང་ཁྱེར།ཁྱིམ་ཐབ་མེད་པར་གནས་པའི་མི་ཚེ།བློ་གྲོས་འབྱུང་གནས།ཟླ་༨ཚེས་༧ཉིན་འབྲུག་ཡུལ།འཛམ་གླིང་འཁྲུག་ཆེན་གཉིས་པ་བོད་ཀྱི་འདྲ་གཟུགས་ཡི་གེ་ཏུ་ནི་ཤི་ཡ།སྣར་ཐང་སྔགས་བཀླག་ཐབས་ཨ་ཟེ་རྦཡི་ཇན།རྭ་སྒྲེང་དགོན།༢༠༢༣ལོའི་ཨེ་སི་རལ་དང་ཧ་མ་སི་བར་གྱི་འཐབ་འཁྲུག🡆 More