ཁྱབ་འཇུག་གི་འཇུག་པ་བཅུ་

གོང་དུ་བཤད་མ་ཐག་པའི་མུ་སྟེགས་ཁྱབ་འཇུག་པ་རྣམས་ཀྱིས་ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་སྟེ་རྫུ་འཕྲུལ་གྱི་བཀོད་པ་ངོ་མཚར་ཅན་བཅུ་ཞེས་མུ་སྟེགས་པའི་རིག་བྱེད་ཀྱི་གཞུང་ལས་བཤད། སྲོལ་ཡོད་པ་དེ་ཡིན་ཏེ། ༡ཉ་ཡི་གཟུགས་སུ་སྤྲུལ་ནས་རིག་བྱེད་ཀྱི་གཞུང་རྒྱ་མཚོའི་ནང་དུ་ནུབ་པ་དེ་བཏོན་པ། །༢ས་གཞི་ཆེན་པོ་འདི་རྒྱ་མཚོའི་ནང་དུ་ནུབ་པ་དེ་རུས་སྦལ་གཟུགས་སུ་སྤྲུལ་ནས་བཏེགས་པ། ༣ཕག་རྒོད་ཀྱི་གཟུགས་སུ་སྤྲུལ་ནས་ས་གཞི་ཆེན་པོ་འདི་རྒྱ་མཚོར་ནུབ་པ༌དེ་སླར་ཡང་བཏེགས་པ། ༤ལུས་པོ་མི་ལ་སེང་གེའི་མགོ་ཅན་དུ་སྤྲུལ་ནས་ལྷ་མ་ཡིན་འགྲོ་སྐྱོབ་གསེར་ཅན་བསད་པ། །༥མིའུ་ཐུང་དུ་སྤྲུལ་ནས་ལྷ་མ་ཡིན་སྟོབས་ལྡན་ལ་གོམ་པ༌དོའི་ས་སློང་ནས་ཕམ་པར་བྱས་པ། ༦་རྒྱལ་པོ་ཤིང་རྟ་བཅུ་པའི་བུ་དགའ་བྱེད་རཱ་མ་ཎར་སྤྲུལ་ནས་སྲིན་པོ་ལངྐ་མགྲིན་བཅུ་བསད་པ། ༧དགྲ་སྟ་ཐོགས་པའི་དགའ་བྱེད་དུ་སྤྲུལ་ནས་ས་སྟེང་གི་རྒྱལ་རིགས་ཐམས་ཅད་བརླག་པར་བྱས་པ། ༨གྲི་ཥྣར་སྤྲུལ་ནས་ལྷ་མ་ཡིན་མང་པོ་བསད་པ། ༩ས་སྟེང་གི་རྒྱལ་རིགས་དང་རང་ཉིད་ཀྱི་སྤུན། ལྷ་མ་ཡིན། སྲིན་པོ་སོགས་མང་པོ་བསད་པའི་སྡིག་པ་སྦྱང་བའི་ཆེད་དུ་སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་མི་རྣམས་ལ་དགེ་བ་བཅུའི་ཆོས་བསྟན་པ། ༡༠མ་འོངས་པའི་དུས་སུ་འཛམ་བུའི་གླིང་དུ་མུ་སུལ་མན་གྱི་ཆོས་ལུགས་ཤུགས་ཆེར་དར་ནས་ཧིན་རྡུ་དང༌། ནང་པ་སོགས་ཆོས་ལུགས་གཞན་དག་རྩ་མེད་དུ་བསྣུབས་མཁན་ཞིག་འབྱུང་བ་དེའི་ཚེ་ན། ཁྱབ་འཇུག་གིས་རིགས་ལྡན་ཀཱ་ལ་ཀིར་སྤྲུལ་ནས་ལྷ་མིན་གྱི་དཔུང་ཚོགས་དེ་དག་ཚར་བཅད་པ་བཅས་འདི་སྐོར་གྱི་ལོ་རྒྱུས་ཞིབ་པར་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི《ལྷ་ཆེན་པོ་ཁྱབ་འཇུག་གི་འཇུག་པ་བཅུའི་གཏམ་རྒྱ་བལ་མཁས་པའི་ངག་རྒྱུན་གངས་ཅན་རྣ་བའི་བདུད་རྩི》ཞེས་པ་ཞིག《ཁམས་སྤྲུལ་སྙན་འགྲེལ》ལྕགས་དཔར་མའི་ཤོག་གྲངས༧༠༧ནས༧༢༣བར་གསལ་བ་དེར་གཟིགས། གཞན་ཡང་འགྲེལ་ཚུལ་གཞན་ཞིག་ནི། ཉ། རུས་སྦལ། ཕག་རྒོད། མིའི་སེང་གེ མིའུ་ཐུང༌། རཱ་མ་ཎ། ནག་པོ། ཤཱཀྱ་ཐུབ་པ། རིགས་ལྡན། ཀཱིརྟི་ཙི་རྣམས་ལས་འཇུག་པ་དང་པོ་ནི། རིག་བྱེད་བཞི་རྒྱ་མཚོའི་ནང་དུ་ནུབ་པ་ཁྱབ་འཇུག་གིས་ཉ་རུ་སྤྲུལ་ཏེ་བཏོན་པ། གཉིས་པ་ནི། རུས་སྦལ་གྱི་གཟུགས་ཀྱིས་འཇིག་རྟེན་བཏེགས་ནས་རྒྱུན་དུ་གནས་པ། གསུམ་པ་ནི། ཕག་རྒོད་ཀྱི་གཟུགས་ཀྱིས་ཚངས་པའི་འཇིག་རྟེན་མན་ཆད་མནན་པ། བཞི་པ་ནི། སྨད་མི་ལ་སྟོད་སེང་གེའི་གཟུགས་ཀྱིས་ལྷ་མིན་གྱི་དབང་པོ་འགྲོ་སྐྱོབ་གསེར་ཅན་ལྟོ་དྲལ་ནས་བསད་པ། ལྔ་པ་ནི། མིའུ་ཐུང་ལ་སྤྲུལ་ནས་ལྷ་མིན་སྟོབས་ཅན་གོམ་པ་གསུམ་གྱིས་བསླངས་ཤིང་བསླུས་པ། དྲུག་པ་ནི། ཛ་མཱད་ཨགྣའི་བུ་དགྲ་སྟ་རཱ་མར་སྤྲུལ་ཏེ་རྒྱལ་རིགས་སྲིད་སྒྲུབ་ལ་སོགས་བསད་དེ་རྒྱལ་སྲིད་མེད་པར་བྱས་པ། བདུན་པ་ནི། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎར་སྤྲུལ་ནས་རང་གི་ཆུང་མ་སྲིན་པོ་ལིངྐ་མགྲིན་བཅུས་ཕྲོགས་པས་སྤྲེའུ་ཧ་ལུ་མལྗུ་ལ་གྲོགས་བཅོལ་ཏེ་སྲིན་པོ་བཏུལ་བ། བརྒྱད་པ་ནི། ནག་པ་རྩོད་པའི་དུས་སུ་སེམས་ཅན་གྱི་དོན་བྱས་པ། དགུ་པ་ནི། སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ནས་སྔོན་རྒྱལ་རིགས་བསད་པའི་སྡིག་པ་སྦྱངས་པ། བཅུ་པ་ནི། རིགས་ལྡན་བྲམ་ཟེའི་བུ་ཀཱིརྟི་ཙི་ཞེས་བྱ་བ་འོང་བ་ན་འབྱུང་བས་སེམས་ཅན་མང་པོ་བཏུལ་བའི་མཐར་དུས་ལྡོག་པ་རྟོགས་པར་འགྱུར་བའོ། །

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

ཀིབ།༡༩༩༤ལོ།ཚེ་ཐར་གྱི་ཕན་ཡོན་བཞུགས་སོ།།ལོན་ཊོན།པང་གདན།ལེན་རྒྱུད།སྨེ་བ་དགུ།མངོན་པ་སྡེ་བདུན་ཀེར་ལངས།དངོས་སྟོབས་ཀྱི་རིགས་པ་ཀློང་ཆེན་རབ་འབྱམས་པ་དྲི་མེད་འོད་ཟེར།སྨེ་བ་བརྩི་སྟངས་འབྱུང་རྩིས་ཟླ་ཟེར་ལྷག་བཅས་ཀྱི་ཕྲད་འཇུག་ཡུལ་བརྒྱད་གདོང་ཤོགཔཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་ཐེ་རོན་ཕུ།གྲངས་གནས་ཀྱི་ཀློག་སྟངས་ཤུགས་འཁོར།ཕར་ཕྱིན་དྲུག་ཀེ་རི་སིའི་སྐད།རྒྱུད་བཞི་མེ་གསོད་ཆུ་སྒོ།ཟླ་༡༠ཚེས་༡༥ཉིན་སྤྲིན།སྨུག་པོའི།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།རིན་ཆེན་བྱུ་དམར་ཉེར་ལྔ་བྷང་ལ་རྡེ་ཤུ།གཡུང་དྲུང་བོན།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་སངས་རྒྱས། (ཐ་སྙད།)རྒྱལ་སྲས་ཐོགས་མེད་བཟང་པོ།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་༢༠༢༠ལོ།ཞི་བདེ་རྒྱ་མཚོ་ཆེན་པོ།གོ་འཇོ་རྫོང་།དགའ་ལྡན་ཁྲི་ཐོག་བཅོ་ལྔ་པ་པཎ་ཆེན་བསོད་ནམས་གྲགས་པ།གངས་རིན་པོ་ཆེ།མཁས་འཇུག་སྡོམ་བྱང་ལྷག་བཅས་ཟླ་༨ཚེས་༢༡ཉིན་སྐྲ་བཞར་མཁན།བསམ་ཡས་དགོན།གུ་རུའི་རྣམ་ཐར།པོལ.ཀའོ་ཀེང་།འཕྲུལ་འཁོར།སྐྱབས་འགྲོ་ལོ་སྐོར་བཅུ་གཉིས་དགེ་བ་བཅུ་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་སྙན་ངག་གི་སྡོམ་ཚིག བེ་རི་འཇིགས་མེད།དགའ་ལྡན་དགོན།ཁམས་གསུམ་ས་དགུ་མི་ཁོམ་པའི་གནས་བརྒྱད།ཧྥའེ།གཉའ་ཁྲི་བཙན་པོ་འཛམ་གླིང་འཁྲུག་ཆེན་གཉིས་པ་ནང་ཆེན་རྒྱལ་རབསཐོན་མི་སམ་བྷོ་ཊ་སུམ་བ་བཅུ་པ།གྲུབ་མཐའི་རྣམ་གཞག་འཇམ་མགོན་ཞལ་ལུང་གི་འགྲེལ་བ་ཀོ་ཀིའི་གླུ་དབྱངས། (Google)བསམ་ཡས་གཙུག་ལག་ཁང་སྙན་ངག་མེ་ལོང་བཞུགས་སོ།།དགེ་ལྡན་སུམ་རྩེན་གླིང་།སྒལ་ཐག་སྲོག་ཆགས་རིག་གནས་བཅུ།🡆 More