མངོན་པ་སྡེ་བདུན་

བྱེ་བྲག་སྨྲ་བ་རྣམས་ཀྱིས་སངས་རྒྱས་ཀྱི་བཀའ་ཡིན་པར་འདོད་པ་དང་། མདོ་སྡེ་པ་ཡན་ཆད་ཀྱིས་དགྲ་བཅོམ་པ་བདུན་གྱིས་རང་དབང་དུ་བརྩམས་པའི་བསྟན་བཅོས་ཡིན་པར་འདོད་པའི་གཞུང་བདུན་ཏེ། ཇི་སྐད་དུ། ཆོས་ཀྱི་ཕུང་པོ་ཤཱ་རིའི་བུས། གདགས་པའི་བསྟན་བཅོས་མོའུ་འགལ་བུས། ཁམས་ཀྱི་ཚོགས་ནི་གང་པོས་བྱས། རྣམ་ཤེས་ཚོགས་ནི་ལྷ་སྐྱིད་ཀྱིས། ཡེ་ཤེས་ལ་འཇུག་ཀ་ཏྱའི་བུས། རབ་ཏུ་དབྱེ་བ་དབྱིག་བཤེས་ཀྱིས། ཡང་དག་འགྲོ་བའི་རྣམ་གྲངས་ནི། གསུས་པོ་ཆེ་ཡིས་བྱས་ཞེས་གྲགས། ཞེས་སོ། བྱེ་བྲག་སྨྲ་བ་རྣམས་ཀྱིས་བདུན་པོ་འདི་དག་བཀའ་ཡིན་པར་འདོད་དེ། བཅོམ་ལྡན་འདས་ཀྱིས་ཆོས་རྣམས་ཀྱི་རང་དང་སྤྱིའི་མཚན་ཉིད་འཐོར་བུའི་ཚུལ་དུ་གསུངས་པ་རྣམས་ཤཱ་རིའི་བུ་སོགས་དགྲ་བཅོམ་པ་བདུན་གྱིས་ཕྱོགས་གཅིག་ཏུ་བསྡུས་པའི་ཕྱིར། དཔེར་ན་མདོ་སྡེ་དང་། འདུལ་བ་ལྟ་བུའོ། གལ་ཏེ་དེ་ལྟར་མ་ཡིན་ན་མདོ་ལས་སྡེ་སྣོད་གསུམ་ཞེས་པའི་སྡེ་སྣོད་གསུམ་མངོན་པའི་སྡེ་སྣོད་མ་ཚང་བར་འགྱུར་བའི་སྐྱོན་ཡོད་ཟེར། མདོ་སྡེ་པ་ཡན་ཆད་ཀྱིས། མངོན་པ་སྡེ་བདུན་པོ་འདི་དག་བསྟན་བཅོས་ལས་བཀའ་ཡིན་པར་མི་འདོད་དེ། དེའི་ནང་འདུས་མ་བྱས་དངོས་པོར་བཤད་པས། འཕགས་པ་དག་ནི་དེ་ལྟར་མི་བཞེད་པའི་ཕྱིར་དང་། བཅོམ་ལྡན་འདས་ཀྱི་བཀའ་ལ་མངོན་པའི་སྡེ་སྣོད་མ་ཚང་བའི་སྐྱོན་ཡང་ཡོད་པ་མ་ཡིན་ཏེ། མངོན་པའི་སྡེ་སྣོད་ཟུར་དུ་མེད་པ་བདེན་ཡང་། མདོ་སྡེ་དང་འདུལ་བ་གཉིས་ཀྱི་ནང་ན་ཆོས་རྣམས་ཀྱི་རང་སྤྱིའི་མཚན་ཉིད་སྤྱི་ཁྱབ་ཏུ་བསྟན་པའམ་གསེབ་ཚགས་རྣམས་ནས་བསྟན་པའི་ཕྱིར། འདི་དག་དགྲ་བཅོམ་པ་དེ་དག་གི་དགོངས་པ་འགྲེལ་བར་བྱེད་པའི་བསྟན་བཅོས་ནི་བྱེ་བྲག་སྨྲ་བའི་གཞུང་གི་གཙོ་བོ་《བྱེ་བྲག་བཤད་མཛོད་ཆེན་མོ》ཞེས་བྱ་བ་དེ་ཡིན་ཞིང་། ཕྱིས་སློབ་དཔོན་དབྱིག་གཉེན་གྱིས་གསན་ནས། བསྟན་བཅོས་དེ་དག་ཐམས་ཅད་ཀྱི་བརྗོད་པར་བྱ་བའི་སྙིང་པོ་མ་ལུས་བསྡུས་ནས། ཐེག་པ་དམན་པའི་ལུགས་སུ་《ཆོས་མངོན་པ་མཛོད་ཀྱི་ཚིག་ལེའུར་བྱས་པ》ཞེས་བྱ་བ་གནས་བརྒྱད་དང་ལྡན་པའི་བདག་ཉིད་ཅན་གྱི་བསྟན་བཅོས་ཆེན་པོ་དེ་མཛད་དོ།

མངོན་པ་སྡེ་བདུན།

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

དུང་དཀར་ཚིག་མཛོད་ཆེན་མོ་བྷོ་ཙི་ཝ་ན།ཡིའུ་ལི་ཝུའུ་སི་ཁའེ་ས།སྐད་རིགས།ཁོ་ཧྥེ།རྒྱལ་སྲས་ལག་ལེན་སོ་བདུན་མ་ཧྥ་ར་ཨན་ཇེ་ལི་ཁོ།གཙོ་ངོས།གེ་སར་རྒྱལ་པོ།དགེ་བ་བཅུ་བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན།ཚད་མ་རིག་པའི་ཤེས་བྱ་ལྷ་སྡེ་གནམ་ལོ་ཡགཁ་པུལ།གུ་རུ་ཆོས་ཀྱི་དབང་ཕྱུག་ཚོགས་གླུ་མེ་ཏོག་ཧོང་ཀྲང་།ཚོར་བ་ལྔ་དབྱིབས་རྩིས་རིག་པ།ནུ་མ།ཨན་ཇེ་ལི་ནའ་ཇོའོ་ལི།ཁྲི་ལྡེ་གཙུག་བརྟན།ཕྱོགས་བཅུའི་མུན་སེལ་ལུགས་ཀྱི་བསྟན་བཅོས།བློ་སྦྱོང་ཚིག་རྐང་བརྒྱད་མ་རྣམ་དབྱེ་བཞི་བ་དགོས་ཆེད་མངོན་པར་ཤེས་པ་དྲུག་ཀྲུང་གོའི་རྒྱལ་རབས།གོང་དཀར་རྫོང་།གཏེར་སྟོན་རཏྣ་གླིང་པ་སློབ་གྲྭ་ཆེན་མོ།པྰེ་ལེ་ཌིམ།སེང་ག་གླིང་།བོད་བརྒྱུད་ནང་བསྟན།དཔལ་དུས་ཀྱི་འཁོར་ལོ་༄༅།། ས་ག་ཟླ་བ།ཡོ་རོབ་གླིང་།ཧེ་ནོ།ཀརྨ་ཤ་ཏམ་སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།བཀྲ་ཤིས་བརྒྱད་པསི་ལོ་ཝེ་ནི་ཡ།ཞི་བ་ལྷ།གཉའ་ཁྲི་བཙན་པོ་པོར་ཊོ་-ནོ་བོ།ལྟུང་བཤགས་ཧེན་ཐའེ།རྒྱལ་དབང་སྐུ་འཕྲེང་རིམ་བྱོན།ཨེ་ཁོའོ་ཌོར།ཨའི་ནུ་སྐད།འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།བེ་ཤིང་།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།ཝི་ཏི་ནམ།ཅ་ཐའེ་ཅི།རྒྱལ་སྲས་ལག་ལེན།ཁོར་ཡུགགསེར།སྐྲག་པ།ཚེ་བརྟན་སྒྲོལ་མ།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།༨༩ (གྲངས་ཀ།)ཁམས་གསུམ་རིན་ཆེནཞི་བདེ་རྒྱ་མཚོ་ཆེན་པོ།ཡུ་ཊོབ་རླངས་ཆུ།ཏའེ་མི།མེག་སི་ཀོ་གསར་མ།ལི་སྨིད།🡆 More