ཞི་བ་ལྷ།: རྒྱལ་སྲས་

སངས་རྒྱས་ཆོས་ལུགས་ཀྱི་བཤད་སྲོལ་ལྟར་ན། ཞི་བ་ལྷ་ནི་རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་མངོན་སུམ་དུ་རྗེས་སུ་བཟུང་བ་ཞིག་སྟེ། སྤྱི་ལོའི་དུས་རབས་བདུན་པའམ་བརྒྱད་པ་ཙམ་ལ་རྒྱ་གར་རྡོ་རྗེ་གདན་གྱི་ནུབ་ཕྱོགས་ཡུལ་འཁོར་མོ་བཟང་ཞེས་བྱ་བར་རྒྱལ་པོ་དགེ་བའི་གོ་ཆ་ཞེས་བྱ་བའི་སྲས་སུ་འཁྲུངས། མཚན་ཞི་བའི་གོ་ཆ་ཞེས་བཏགས། སྐུ་ན་ཕྲ་མོ་ནས་རིག་གནས་ཐམས་ཅད་ལ་མཁས་པའི་ཕུལ་དུ་ཕྱིན། རྗེ་བཙུན་འཇམ་དཔལ་དབྱངས་ཀྱིས་ཞལ་གཟིགས། ཡབ་འདས་ཏེ་སང་ཉིན་རྒྱལ་སྲིད་ལ་དབང་བསྐུར་བའི་དོ་ནུབ་བྲོས་ནས་ན་ལེནྡྲར་པཎྜི་ཏ་ལྔ་བརྒྱའི་ཁྱུ་མཆོག་རྒྱལ་བའི་ལྷ་ལས་རབ་ཏུ་བྱུང་སྟེ། མཚན་ཞི་བ་ལྷ་ཞེས་བཏགས། རྗེ་བཙུན་འཇམ་དཔལ་དབྱངས་ལས་ཆོས་གསན་ཏེ་མདོ་སྔགས་ཀྱི་བཀའ་དང་གདམས་པ་མ་ལུས་པ་ཐུགས་སུ་ཆུད་ཀྱང་། ཕྱི་རོལ་དམ་པ་མ་ཡིན་པའི་སྐྱེ་བོ་རྣམས་ཀྱི་ངོར་སྤྱོད་ལམ་ཟ་ཉལ་བཤང་བ་མ་གཏོགས་གླེགས་ལམ་ཀློག་པ་ལ་སོགས་གཞན་གང་ཡང་མ་མཐོང་བས་འདུ་ཤེས་གསུམ་པ་ཞེས་གྲགས། ནམ་ཞིག་ཆོ་འཕྲུལ་ཟླ་བ་ལ་གསུང་རབ་འདོན་པའི་རེས་མོས་ཡོད་པ་ལས། དགེ་འདུན་ཕལ་མོས་ནན་ཞུས་བྱས་པ་ཇི་བཞིན་དཔལ་ན་ལེནྡྲའི་དགེ་འདུན་ཐམས་ཅད་འདུས་པའི་དབུས་སུ་ཁྲི་ལ་བཞུགས་ཏེ། མདོ་སྔོན་ཆད་གྲགས་པ་ཞིག་འདོན་ནམ། མི་གྲགས་པ་ཞིག་འདོན་ཞེས་བཀའ་བསྩལ་པས་སྔོན་མ་གྲགས་པ་ཞིག་གསུང་བར་ཞུས་པས། བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པའི་བསྟན་བཅོས་ཆེན་པོ་གསུངས་ཏེ། གང་ཚེ་དངོས་དང་དངོས་མེད་དག །ཅེས་པའི་བར་གསུངས་ནས། དེ་ཕྱིན་གསུང་བཞིན་ནམ་མཁའ་ལ་ཇེ་མཐོ་ཇེ་མཐོར་སོང་ནས་མཐར་སྐུ་མི་སྣང་བར་གསུང་གྲགས་པའི་སྒོ་ནས་གཞུང་མ་རྫོགས་ཀྱི་བར་རྒྱུན་མ་ཆད་པར་བཏོན་ཏེ་གཤེགས། དེ་གཟུང་ཐོབ་པ་རྣམས་ཀྱིས་ཇི་ལྟར་ཟིན་པ་བསྡུས་པས་ཤོ་ལོ་ཀ་སྟོང་ཚང་བ་དེ་ཡིན་ཞེས་ལུང་བསྟན་ནོ། །སློབ་དཔོན་འདིས་མཛད་པའི་བསྟན་བཅོས་ལ་གོང་དུ་བརྗོད་པའི་སྤྱོད་འཇུག་དང༌། བསླབ་བཏུས་ལ་སོགས་ཡོད་དོ། །

Tags:

🔥 Trending searches on Wiki བོད་སྐད:

ཨུ་རུ་སུས་ཡུག་རེན་ལ་བཙན་འཛུལ་བྱས་པ།དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པགཟའ་སྐར་རིག་པ།སུམ་ཅུ་པ་དབུ་མ་ལ་འཇུག་པ་ཞེས་པའི་མཚན་བྱང་པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་མྱུར་མཛད་མ།སྙན་ངག་གི་བསྟན་བཅོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།བོད་པའི་དགོན་སྡེའི་ཐོ།མནོལ་བསང་ལྷ་ཆབ་སྔོན་མོ་ཟླ་༧ཚེས་༢༡ཉིན་འཕྲུལ་འཁོར།སྒྲ་སྦྱོར་ཡི་གེ་སྟག་རི་གཉན་གཟིགས།བདེ་སྨོན་འགྲེལ་པ་སྒྲུང་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྟངས་དང་འབྲི་ཐབས།རིགས་ལྔ།ཏཱ་ལའི་བླ་མ་ཐང་གབོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་སོ་ཁྲི་བཙན་པོ།འབྱུང་རྩིས་ཟླ་ཟེར་དཀོན་མཆོག་གསུམ།པཎ་ཆེན་སྐུ་ཕྲེང་རིམ་བྱོན་བཅུ་གཟི་སུམ་བ་བཅུ་པ།ལྷག་བཅས་དང་ལྷག་མེད་མྱང་འདས་སློབ་དཔོན་དབྱིག་གཉེན་རིག་གནས་གསར་བརྗེ་ཆེན་པོསྙིང་གཏམ་སུམ་ཅུ་པ་ཁུ་ནུའི་ངག་སྒྲོན་སྡེ་སྲིད་སངས་རྒྱས་རྒྱ་མཚོ།ཨ་ཤོམ།ཆོས་རྒྱལ་ཟླ་བཟང་ཟག་མེད་ཕྱག་འཚལ་སྐབས་འདོན་རྒྱུའི་སྨོན་ཚིགཚད་མ་རྣམ་འགྲེལ།མེ་མཁའ་རྒྱ་མཚོ།མེས་དབོན་རྣམ་གསུམ།སངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་ནོར་ནག་གཙོ་ངོས།བོད་རང་སྐྱོང་ལྗོངས།གནམ་བསྐོས་དགའ་ལྡན་ཕོ་བྲང་བཀའ་བསྡུ་གསུམ་བཙན་པོའི་བང་སོ།བོད་ཀྱི་ཡུལ་གྲུ་སོ་སོའི་སྐད།ཁ་དོག་སྐོར་གླེང་བ།ཞེ་ཁུ་སི་པེར།ལ་ཕུའི་ཨང་ཝ་ལེ།བེ་ནིན།སིད་ནེ་ཟློས་གར་ཁང་།སྡོད་རྩར་ཁབ་རྒྱག་པ་ཆོས་ཀྱི་རྒྱལ་པོ།དགེ་བ་བཅུ་རྣམ་བདུན་གྱི་དཔྱད་པ་པདྨ་སྐལ་བཟང་པཎ་ཆེན་སྐུ་ཕྲེང་དང་པོ་མཁས་དགེ་ལེགས་དཔལ་བཟང་་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་མིགགསོ་བ་རིག་པ་ས་སྐྱའི་སྲིད་སྐྱོང་དུས་རབས།མེ་ཏོགལོ་དུས་སུ་མཆོད་པ་ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་ཨོཾ་མ་ཎི་པ་དྨེ་ཧཱུྃ།ཏི་ཤྲཱི་རས་པ།🡆 More