མྱུར་མཛད་མ།

མྱུར་མཛད་མ་བཞུགས་སོ། །

༄༅། །ཧཱུཾ་མྱུར་མཛད་སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །

ཞབས་གདུབ་དང་བཅས་བི་ནཱ་ཡ་ཀ་ནན། །

ནག་པོ་ཆེན་པོ་སྟག་གི་ཤམ་ཐབས་ཅན། །

ཕྱག་དྲུག་སྦྲུལ་གྱི་རྒྱན་གྱིས་རྣམ་པར་བརྒྱན། །

གཡས་པ་གྲི་གུག་བར་བ་འཕྲེང་བ་འཛིན། །

ཐ་མ་ཌ་མ་རུ་ནི་དྲག་ཏུ་འཁྲོལ། །

གཡོན་པ་ཐོད་པ་དང་ནི་མདུང་རྩེ་གསུམ། །

དེ་བཞིན་ཞགས་པ་བཟུང་ནས་འཆིང་བར་བྱེད། །

དྲག་པོའི་ཞལ་ནས་མཆེ་བ་རྣམ་པར་གཙིགས།།

སྤྱན་གསུམ་དྲག་པོའི་དབུ་སྐྲ་གྱེན་དུ་འབར། །

དཔྲལ་བར་སིནྔྷུ་ར་ཡིས་ལེགས་པར་བྱུགས། །

སྤྱི་བོར་མི་བསྐྱོད་རྒྱལ་བོའི་རྒྱས་བཏབ་བརྟན། །

ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་ཅན། །

རིན་ཆེན་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན། །

ཤིང་ལས་བྱོན་ནས་གཏོར་མ་ལེན་མཛད་པའི། །

དཔལ་ལྡན་ཕྱག་དྲུག་པ་ལ་ཕྱག་འཚལ་ལོ། །

སངས་རྒྱས་བསྟན་པ་གཉན་པོ་བསྲུང་བ་དང༌། །

དཀོན་མཆོག་དབུ་འཕང་གཉན་པོ་བསྟོད་པ་དང༌། །

བདག་ཅག་དཔོན་སློབ་འཁོར་དང་བཅས་རྣམས་ཀྱི། །

རྐྱེན་ངན་བར་ཆད་ཐམས་ཅད་ཞི་བ་དང༌། །

ཅི་འདོད་དངོས་གྲུབ་མྱུར་དུ་སྩལ་ཏུ་གསོལ། །

ཧཱུཾ བླ་མ་མགོན་པོ་དབྱེར་མེད་ལ། །

བདག་ནི་གུས་པས་སྐྱབས་སུ་མཆི། །

བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །

ཉོན་མོངས་མ་ལུས་སེལ་བར་ཤོག།

མགོན་པོ་བླ་མ་དབྱེར་མེད་ལ། །

བདག་ནི་གུས་པས་སྐྱབས་སུ་མཆི། །

བདག་སོགས་སེམས་ཅན་ཐམས་ཅད་ཀྱིས། །

བར་ཆད་མ་ལུས་སེལ་བར་ཤོག།

དགེ་བ་འདི་ཡིས་ཚེ་རབས་ཀུན་ཏུ་བདག།

རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་དང་། །

དེ་ཡི་འགལ་རྐྱེན་སེལ་ཞིང་མཐུན་རྐྱེན་བསྒྲུབ། །

བླ་མ་མགོན་པོ་དབྱེར་མེད་འགྲུབ་གྱུར་ཅིག

Tags:

🔥 Trending searches on Wiki བོད་སྐད:

ལོ་དུས་སུ་མཆོད་པ་ཚད་མེད་བཞི་༢༠༡༨ལོ།ཕེན་སུལ་ཝེ་ནའི་ཡ།ཧུང་གྷ་རི།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།༢༠༢༣ལོའི་ཨེ་སི་རལ་དང་ཧ་མ་སི་བར་གྱི་འཐབ་འཁྲུགནག་ཆུ་རྫོང་།རྒྱལ་བ་ཐུབ་བསྟན་རྒྱ་མཚོ།ཚད་མ་རིག་པ་འབྲོང་གཉན་ལྡེ་རུ།བསྟོད་པ་ཆུ་འཛིན་དཀར་པོ་མ།རྨ་ཆུ།དེ་ཤོ་ལེགས།དེབ་ཐེར་སྔོན་པོ་སྟོད་མི་འཇིགས་པ་བཞི།ལ་ཕུའི་ཨང་ཝ་ལེ།རྒྱལ་རྩེ་ཆགས་སྦྱོར་གྱི་ཨ་ལས་པད་གོགབོད་ཡུལ།ཇོ་མོ་གངས་དཀརགླང་དར་མ།གནམ་རྩེ་ལྡེང་འདོད་པའི་བསྟན་བཅོས།བོད་རྒྱ་ཚིག་མཛོད་ཆེན་མོརི་མོ།རྒྱལ་རྩེ་དཔལ་འཁོར་ཆོས་སྡེ།གངས་རིན་པོ་ཆེ།ལི་ཝང།རྫས་འགྱུར་རིག་པ།དུང་དཀར་བློ་བཟང་འཕྲིན་ལས།དེ་སྒྲ་ན་སྒྲ་འཇུག་ཡུལ་བཅུ་བཞི་སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་༢༠༢༠ལོ།ལྷག་བཅས་དང་ལྷག་མེད་མྱང་འདས་དཔེ་རྒྱན་སུམ་ཅུ་སོ་གཉིས་སྐུ་གཟུགས་བཞེངས་པའི་ཕན་ཡོན།ས་སྐྱ་པ།འདི་སྒྲ་ཞིབ་འཇུག།བུད་མེད་དུས་ཆེན་པཎྜི་ཏ་སྨྲི་ཏི་རོང་པ་ཤེས་རབ་སེང་གེ།ལྷག་བཅས་ཀྱི་ཕྲད་འཇུག་ཡུལ་བརྒྱད་གཉའ་ལམ་རྫོང་།རུ་ཝན་ཌ།ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ངམ་རིང་རྫོང་པུ་ལྡེ་གུང་རྒྱལ།གླ་བ།ཁལ་ཁ་རྗེ་བཙུན་དམ་པ་ངག་དབང་བློ་བཟང་ཆོས་ཀྱི་ཉི་མ་བསྟན་པའི་དབང་ཕྱུག་འབྲས་སྤུངས་དགོན།ཁོ་ཕེན་ཧ་ཀེན།ཚད་མའི་རྟོག་གེའི་ཚིག་དོན་བརྒྱད་བཀྲ་ཤིས་བརྒྱད་པཨུ་རུ་སུ།མིའི་རིགས་ཀྱི་ཆགས་སྦྱོར་གྱི་བྱ་སྤྱོད།ཟླ་༡༡ཚེས་༢༧ཉིན་འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ།པི་པི་ལིང་།རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཚར་ཆེན་བློ་གསལ་རྒྱ་མཚོ།ཞབས་དཀར་ཚོགས་དྲུག་རང་གྲོལ་སྒྱུ་རྩལ།ཕྱག་འཚལ་སྐབས་འདོན་རྒྱུའི་སྨོན་ཚིག༨ (གྲངས་ཀ།)ཆགས་སྦྱོར་བྱེད་པ།སྐར་མ།སུམ་ཅུ་པའི་རྩ་ཚིག་🡆 More