དེ་སྒྲ་

དེ་སྒྲ་བཤད་པ། ཆོས་དབྱང་ཛིག་པོ་

དེ་སྒྲ་ནི་དོན་དགུ་ལ་འཇུག་སྟེ། ཐ་སྙད་ཀྱི་དབང་གིས་གསུམ་དང་། དངོས་བོའི་དབང་གིས་བཞི། དུས་ཀྱི་དབང་གིས་གཉིས་ལ་འཇུག་གོ། དེ་ལ་བོ་ལ་ཐ་སྙད་དབང་དུ་བྱས་པ་གསུམ་ནི། ཐ་སྙད་འདས་པ་དང་། རྣམ་གྲངས་གཞན་བརྗོད་པ་དང་། ལྷག་བཅས་ཏེ་གསུམ་མོ།

1-1 དང་པོ་ཐ་སྙད་འདས་པ་ལ་འཇུག་པ་ནི། དཔེར་ན། བོད་ཡུལ་ནི་ས་མཐོའོ། དེ་ལ་གངས་རི་དང་བྲག་རི་མང་ངོ་ལྟ་བུ་དང་། མེ་འཁོར་ནི་ཤིན་ཏུ་ཆེའོ།དེ་རླངས་འཁོར་ལས་མགྱོགས། དེ་སྐྱེལ་འདྲེན་ལ་ཤིན་ཏུ་གལ་ཆེ། ལྟ་བུ་སྟེ། དོན་དེ་འདས་མ་འདས་གང་ཡིན་ཡང་རུང་མིང་གི་ཐ་སྙད་ཙམ་འདས་པ་ལ་མིང་དེ་སླར་འདྲེན་མི་དགོས་པར་དེ་ཞེས་བརྗོད་པའི་གོ་བ་ལྟ་བུའོ།

1-2 གཉིས་པ་རྣམ་གྲངས་གཞན་བརྗོད་ལ་འཇུག་པ་ནི། དཔེར་ན། ལྟོ་ལྡིར་བ་གང་དང་གང་ཡིན་པ་དེ་དང་དེ་ནི་བུམ་པའོ། གདུང་འདེགས་པ་གང་དང་གང་ཡིན་པ་དེ་དང་དེ་ནི་ཀ་བའོ། ལྟ་བུ་སྟེ། བུམ་པ་དང། ཀ་བའི་རྣམས་གྲངས་གཞན་དུ་མ་ཡོད་པ་གང་སྒྲ་དང་དེ་སྒྲས་གོ་བར་བྱེད་པ་ལྟ་བུའོ།

1-3 གསུམ་པ་ལྷག་བཅས་ལ་འཇུག་པ་ནི། དཔེར་ན། ཡོད་དེ། བརྗོད་དེ། ལྟ་བུ། སྔར་ལྷག་བཅས་ཀྱི་སྐབས་སུ་བཤད་པ་རྣམས་ཏེ་དོན་སྔ་མ་ལས་གཞན་ཞིག་འདྲེན་རྒྱུ་ཡོད་མེད་ལ་མི་ལྟོས་པར་ཚིག་གི་ཐ་སྙད་ལྷག་མ་ཙམ་འདྲེན་ཅིང་སྟོན་པའོ། འདི་གསུམ་ནི་མིང་ཚིག་གི་ཐ་སྙད་དང་བརྗོད་བྱའི་དངོས་པོ་གཉིས་ཀྱི་ནང་ནས། གཙོ་བོར་ཐ་སྙད་ཁོ་ན་ལ་འཇུག་པས་ན་ཐ་སྙད་ལ་འཇུག་པ་ཞེས་བྱའོ། །

གཉིས་པ་དེ་སྒྲ་དངོས་པོ་ལ་འཇུག་པ་བཞི་ནི། བདེན་པ་དང་། གསང་བ་དང་། བདག་གི་བ་དང་། ཕ་རོལ་པ་ལ་འཇུག་པ་བཞི་ལས།

2-1 དང་བོ་བདེན་པ་ལ་འཇུག་པ་ནི། དཔེར་ན། དེ་བཞིན་ཉིད། དེ་ཁོ་ན་ཉིད། ཆོས་རྣམས་ཀྱི་དེ་ཉིད། ལྟ་བུའི་བརྗོད་བྱའི་དངོས་པོ་དེའི་ངོ་བོ་ཉིད་དམ་རང་བཞིན་ནམ་བདེན་པར་སྟོན་པར་བྱེད་པའོ།

2-2 གཉིས་པ་གསང་བ་ལ་འཇུག་པ་ནི། དཔེར་ན། དེ་མ་བཤད། དེ་མ་སྟོན། དེ་སུ་ལའང་མ་སྟོན། ལྟ་བུ་གསང་བྱའི་དངོས་པོ་དེའི་བརྡ་སྔར་སོང་ཟིན་པས་གང་ཟག་ལ་གསང་བྱ་དེ་བཤད་ཚེ། གསང་བྱའི་རང་མིང་མི་སྨོས་པར། དེ་ཞེས་བརྗོད་པ་ལྟ་བུའོ།

2-3 གསུམ་པ་བདག་གི་བ་ལ་འཇུག་པ་ནི། དཔེར་ན། རང་གི་ཡོ་བྱད་སོགས་ལ་མིག་གཏད་དེ། ཁོའི་དེ། བདག་གི་དེ། བདག་ཉིད་ཀྱི་དེ། ངའི་དེ་ལྟ་བུ་བདག་གི་བའམ་བདག་དང་འབྲེལ་བའི་དངོས་པོ་ལ་དེ་སྒྲ་འཇུག་པ་ལ་ཟེར་ཞིང་། བདག་ཉིད་ལ་དེ་སྒྲ་མི་འཇུག་གོ།

2-4 བཞི་བ་ཕ་རོལ་པོ་ལ་འཇུག་པ་ནི། དཔེར་ན། མེ་དེ། རྟ་དེ། བོད་དེ། རྒྱ་དེ། ཁྱེད་ཀྱི་དེ། གཞན་གྱི་དེ། ལྟ་བུ་སྟེ་གང་ཟག་ཕ་རོལ་བོདང་། དེ་དང་འབྲེལ་བའི་དངོས་པོ་གཉིས་ཀ་ལ་དེ་སྒྲ་འཇུག་གོ། བརྗོད་བྱའི་དངོས་པོའི་ངོ་བོ་ཉིད་རང་མིང་གིས་བརྗོད་མ་བརྗོད་ལ་མ་ལྟོས་པར་དེ་ཞེས་བརྗོད་པས་གོ་བར་བྱེད་པས་ན་འདི་བཞི་བ་ལ་འཇུག་པའི་དེ་སྒྲ་དངོས་པོ་ལ་འཇུག་པ་ཞེས་བཤད་དོ།

གསུམ་པ་དུས་ཀྱི་དབང་གིས་གཉིས་ལ་འཇུག་པ་ནི། དཔེར་ན། འདས་་དང་མ་འོངས་པ་ལ་འཇུག་པ་གཉིས་ཏེ།

3-1 དང་བོ་འདས་པ་ལ་འཇུག་ནི། དཔེར་ན། སྔོན་གྱི་བསྐལ་བ་དེ་ལ། དུས་རབས་སྔོན་མ་དེའི་སྐབས་ལོ་དེའི་ནང་། ཟླ་བ་སྔ་མ་དེ་ལ། ཁ་སང་གི་དུས་དེ་ལ། ལྟ་བུ་སྟེ། བསྐལ་བ་དང། ལོ་དང་། ཟླ་བ་དང་། ཞག་དང་། ཟ་མ་གང་རུང་ཞིག་དུས་ད་ལྟ་བར་བཟུང་བའི་འདས་པ་ཐམས་ཅད་ལ་དེ་སྒྲ་འཇུག་གོ།

3-2 གཉིས་པ་མ་འོངས་པ་ལ་འཇུག་པ་ནི། དཔེར་ན། སང་གི་དུས་དེ་ཙམ་ན། ཟླ་བ་རྗེས་མ་དེ་ལ། ལོ་རྗེས་མ་དེ་ལ། མ་འོངས་དམངས་གཙོ་རང་ལུགས་ཀྱི་སྐབས་དེ་ལ། ལྟ་བུ་སྟེ་བསྐལ་བ་འདི་ད་ལྟ་བ་བྱས་ཚེ། བསྐལ་བ་སྔོན་མ་ཡན་ཆད་འདས་པ་དང་། བསྐལ་བ་རྗེས་མ་ཕན་ཆད་མ་འོངས་པ་དང་། ལོ་འདི་ད་ལྟ་བར་བཟུང་ཚེ། ལོ་སྔ་མ་འདས་པ་དང་། ལོ་རྗེས་མ་མ་འོངས་པ་དང་། དེ་བཞིན་དུ་ད་ལྟའི་སྐད་ཅིག་མ་འདི་ལ་ལྟོས་ནས། སྐད་ཅིག་སྔ་མ་འདས་པ་དང་། སྐད་ཅིག་ཕྱི་མ་མ་འོངས་པར་འཇོག་དགོས་པ་སོགས་གཅིག་གཅིག་ལ་ལྟོས་ནས་འཇོག། དེ་སྒྲ་ནི་དངོས་པོའི་ནང་ནས་བདག་ལ་མི་འཇུག། དུས་ཀྱི་ནང་ནས་ད་ལྟ་བ་ལ་མི་འཇུག་སྟེ། བདག་ལ། ང་རང་། ང་། ཁོ་བོ། བདག་ཉིད་ཟེར་བ་ལས་དེ་སྒྲ་མི་འཇུག་ལ། བདག་དང་འབྲེལ་བའི་དངོས་པོ་ལ་འཇུག་པ་གོང་བཞིན་ནོ། །

Tags:

🔥 Trending searches on Wiki བོད་སྐད:

སི་ཏུའི་འགྲེལ་ཆེན་ཏུརཀ་མེ་ནི་སྟན།ཁམས་དཀར་གཏོང་བ་ས་སྐྱའི་ལེགས་བཤད་རྩ་འགྲེལ་རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་པའི་དཀར་ཆག་དབེན་ས་པ་བློ་བཟང་དོན་གྲུབ།འཁོར་བ།ཐོན་མིའི་ཞལ་ལུང་སེང་ག་ཕོར།གློག་བརྙན།མཆོད་རྟེནརྭ་སྒྲེང་དགོན་པ།མངོན་པ་སྡེ་བདུན་སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།དོན་གྲུབ་རྒྱལ།བཙན་པོའི་བང་སོ།ར་མོ་ཆེའི་གཙུག་ལག་ཁང་།བྷེ་ལ་རསུ།བྷང་ལ་རྡེ་ཤུ།ཀརྨ་པ་ཕུར་བུ།སྐྱ་ཀ།༢༠༣༣ལོ།ཚོགས་གཉིས་མེ་མཁའ་རྒྱ་མཚོ།སྲིད་པ་འཁོར་ལོ་ཧོར་ཟླ་བཅུ་གཉིས་གླང་ཆེན།གཅེར་​བུ་​བའི་​ཆོས་​ལུགས།ཀྲི་ཀྲིའི་རྨི་ལམ་ལུང་བསྟན་མདོ་༡༩༩༡ལོ།ཏུན་ཧོང་བྲག་ཕུག།ཁམས་གསུམ་རྣམ་པར་ཐར་པའི་སྒོ་གསུམ་༢༠༢༦ལོ།གླང་དར་མ།ཨ་ཧྥུའུ་རྒན་སི་ཐན།བཀྲ་ཤིས་རྟགས་བརྒྱད།ཀརྨ་ཤ་ཏམ་ལྡེ་འཕྲུལ་ནམ་གཞུང་།གཤིན་རྗེ།༢༠༠༢ལོ།ཐོན་མི་སམ་བྷོ་ཊ་གསེར་ཏོག་བློ་བཟང་ཚུལ་ཁྲིམས་རྒྱ་མཚོ་རྣམ་བདུན་གྱི་དཔྱད་པ་ཀླད་པ་གངས་རིན་པོ་ཆེ།ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ་རུ་ཐར་ཧྦོར་ཌིམ།ཡིག་བརྒྱ་ཇ།༢༠༣༧ལོ།༢༠༤༠ལོ།ནོའོ་བྷེལ་བྱ་དགའ་རགས་མཁན་གྱི་མིང་ཐོ།ལྕང་མ།མནོལ་བསང་ལྷ་ཆབ་སྔོན་མོ་༢༠༡༨ལོ།རིན་ཆེན་ལྕགས་རིལ་ཆེན་མོ་རྩ།རྫ་ཆུ་ཁ་སྲིད་པའི་འཁོར་ལོ།གདོང་ཤོགཚངས་དབྱངས་རྒྱ་མཚོའི་མགུར་གླུ།དོན་འགྲུབ་རྒྱལརྒྱལ་བ་དགེ་འདུན་རྒྱ་མཚོ།ཆབ་མདོ།ངོ་བོ་ཉིད་མེད་པ་གསུམ་ས་སྐྱ་པ།སེང་ག་གླིང་།🡆 More