མེ་མཁའ་རྒྱ་མཚོ།

ཤིང་སྤྲེལ་ལོ་སྟེ། སྤྱི་ལོ་༦༢༤་ལོར་རིགས་ལྡན་རྒྱ་མཚོ་རྣམ་རྒྱལ་ཁྲིར་འཁོད་པ་དང༌། ཀླ་ཀློ་ཞུགས་པ་དུས་མཉམ། དེ་ནས་བརྩམས་ཏེ་རིགས་ལྡན་རྒྱལ་དཀའི་ལོ་མཐའ་སྤྱི་ལོ་༡༠༢༦་སྟེ་མེ་སྟག་ལོའི་བར་དུ་ལོ་ངོ་བཞི་བརྒྱ་དང་གསུམ་སོང་བ་དེ་ལ་རྒྱུད་ལས་མེ་མཁའ་རྒྱ་མཚོར་གྲགས། དེའི་ཕྱི་ལོར་རབ་བྱུང་དང་པོའི་འགོ་བཟུང་བས། དེ་དང་རབ་བྱུང་ལོ་གྲངས་བསྲེས་པ་ནི་ཀླ་ཀློའི་གནས་ཚད་ཀྱི་ལོ་གྲངས་བརྟག་ཆེད་ཡིན།

མེ་མཁའ་རྒྱ་མཚོ།

དེ་ནི་གྲངས་ངེས་ཅན་ཞིག་མཚོན་བྱེད་ཀྱི་མིང་བརྡ་ཞིག་ཏེ《གྲངས་ཀྱི་མངོན་བརྗོད》ལྟར་ན་མེ་ནི་གསུམ་དང་། མཁའ་ནི་ཀླད་ཀོར། ཐིག་དང་རྒྱ་མཚོ་ནི་བཞི་ཡི་མིང་གི་རྣམ་གྲངས་སུ་བཤད་པ་ལྟར་བྱ་ན་༣༠༤ཡིན་རུང་རྩིས་ཀྱི་ཚིག་ལས། འབྲི་གྲངས་བསྣན་པ་རང་གི་གཡས། སྒྱུར་བགོས་འཕྲི་བ་གཡོན་ལ་བརྩམས། །ལེས་གསུངས་པ་ལྟར་གྲངས་ཀྱ་མངོན་བརྗོད་ནི་བཟློག་ཏེ་ཀློག་དགོས་པས་གྲངས་༤༠༣ལ་ངོས་འཛིན་དགོས་ཤིང་། དེ་ཡང་ཤམྦྷ་ལའི་རིག་ལྡན་བརྩི་ཚུལ་དེ་ནི་དཔལ་དུས་ཀྱི་འཁོར་ལོའི་ལུགས་ཡིན་ལ་སངས་རྒྱས་སགུང་ལོ་གྱ་གཅིག(ལོ་འདིར་མྱ་ངན་ལས་འདས)སྟེང་ཤམྦྷ་ལའི་རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་དུས་འཁོར་རྩ་རྒྱུད་གསུངས་པ་ནས་མགོ་ཚུགས། མཁས་དབང་འཇིག་མེད་རིག་པའི་བློ་གྲོས་ཀྱིས《བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས》ནང་བདག་ཅག་གི་སྟོན་པ་ཤྭཀྱ་ཐུབ་པ་དགུང་ལོ་གྱ་གཅིག་པ་དཔའ་བོ་ལྕགས་འབྲུག་གི་ནག་ཟླའི་ཉ་ལ་དུས་འཀོར་གྱི་རྒྱུད་གསུངས་པ་ཤམབྷ་ལའི་རྒྱལ་པོ་ཟླ་བཟང་གིས་ཉན་ཏེ་ལོ་བཞིར་རྒྱལ་སྲིད་བསྐྱངས་ཞེས་གསུངས་པ་དེ་ནི་བསྡུས་རྒྱུད་ལ་“ལོ་འདི་ནི་དྲུག་བརྒྱའི་ལོ་ཡིས་གསལ་བར་མི་བདག་གྲགས་པ་ཤམབྷ་ལ་ཞེས་བྱ་བར་བྱུང”ཞེས་གསུངས་པ་དང་ཕལ་ཆེར་མཐུན་ཞིང་། ཁོང་གི་བཞེད་པ་ལྟར་ན་སྟོན་པའི་འདས་ལོ་ནི་སྤྱི་ལོ་མ་ཚུགས་གོང་གི་བརྒྱད་བརྒྱ་གྱ་གཅིག་ལོ་ལ་ངེས། འོན་ཀྱང་ཀུན་མཁྱེན་འཇམ་དབྱངས་བཞད་པའི་《བསྟན་རྩིས》དང་སུམ་པ་ཡེ་ཤེས་དཔལ་འབྱོར་གྱི་《ཆོས་འབྱུང་དཔག་བསམ་ལྗོན་པར》གསལ་བ་ལྟར་ན་སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་པའི་ལོ་ནི་མངོན་པར་སངས་རྒྱས་པའི་ཕྱི་ལོ་དགུང་ལོ་སོ་དྲུག་སྟེང་ཡིན་གྱི་མཐར་ཞི་བར་གཤེགས་པའི་ལོ་མ་ཡིན་ཟེར་ཡང་དེས་ན་བསྡུས་རྒྱུད་ཀྱི་ལུང་དང་འགལ་བས་སྔ་མ་གཙིགས་ཆེའོ་སྙམ། སྤྱིར་དུས་འཁོར་ལུགས་ལྟར་ན་སྟོན་པས་དུས་འཁོར་རྩ་རྒྱུད་གསུངས་(སྤྱི་ལོའི་སྔོན་གྱི་༨༨༢ལོ)ནས་ལོ་གཉིས་པར་ཤམབྷ་ལའི་རྒྱལ་པོ་ཟླ་བཟང་གིས་རྒྱུད་སྟོང་ཕྲག་བཅུ་གཉིས་པའི་འགྲེལ་པ་སྟོང་ཕྲག་དྲུག་ཅུ་པ་མཛད། ཟླ་བཟང་གི་རྗེས་སུ་རྒྱལ་པོ་དྲུག་གིས་ལོ་བརྒྱ་བརྒྱ་ལ་ཆོས་བསྟན། དེ་རིམ་པར་བརྗོད་ན་རྒྱལ་པོ་ལྷ་དབང་། གཟི་བརྗིད་ཅན། ཟླ་བས་སྦྱིན། ལྷའི་དབང་ཕྱུག སྣ་ཚོགས་གཟུགས། ལྷའི་དབང་ལྡན་ཏེ་དྲུག་པོ་ལོ་དྲུག་བརྒྱར་བཞུགས། ཟླ་བཟང་སོགས་བདུན་པོ་ལ་ཆོས་རྒྱལ་བདུན་ཞེས་གྲགས་སོ། ། དེ་རྗེས་རིགས་ལྡན་ཐོག་མ་འཇམ་དཔལ་གྲགས་པ་ནི་སྟོན་པས་རྩ་རྒྱུད་གསུངས་པའི་ལོ་དེ་ནས་ལོ་དྲུག་བརྒྱ་དང་བཞི་སོང་བའི་ལོར་ཤམྦྷ་ལའི་ཁྲིར་བཞུགས། བསྡུས་རྒྱུད་མཛད་ཅིང་དུས་ཀྱི་འཁོར་ལོའི་དབང་བསྐུར་བས་དྲང་སྲོང་ཉི་མ་ཤིང་རྟ་སོགས་ཐམས་ཅད་རྡོ་རྗེ་རིགས་གཅིག་ལ་མཛད་པས་འདི་ཕྱིན་ལ་རིགས་ལྡན་ཞེས་གྲགས། དེ་ཡང་ཐོག་མ་རིགས་ལྡན་འཇམ་དཔལ་གྲགས་པ་ནས། གཉིས་པ་མདྨ་དཀར་པོ། གསུམ་པ་བཟང་པོ་(བཟང་པོའི་ཁྲི་ལོ་དོན་བརྒྱད་པ་ལ་སྤྱི་ལོ་འགོ་ཚུགས) བཞི་པ་རྣམ་རྒྱལ། ལྔ་པ་བཤེས་གཉེན་བཟང་པོ། དྲུག་པ་རིན་ཆེན་ཕྱག བདུན་པ་ཁྱབ་འཇུག་སྦས་པ། བརྒྱད་པ་ཉི་མ་གྲགས། དགུ་པ་ཤིན་ཏུ་བཟང་པོ་སོགས་ནི་རེ་རེས་སྲིད་ལོ་བརྒྱ་བརྒྱ་བསྐྱངས་པས་ལོ་དགུ་བརྒྱ། དེ་ནས་རིགས་ལྡན་བཅུ་པ་རྒྱ་མཚོ་རྣམ་རྒྱལ་གྱིས་ལོ་བརྒྱ་དང་གྱ་གཉིས་ལ་ཆོས་བསྟན་པ་དང་། བཅུ་གཅིག་པ་རྒྱལ་དཀས་ལོ་ཉིས་བརྒྱ་དང་ཉེར་གཅིག་བསྟན་པས་རིགས་ལྡན་དེ་གཉིས་ཀྱིས་ཆོས་བསྟན་པའི་ཡུན་ཚད་བསྡོམས་པས་བཞི་བརྒྱ་དང་གསུམ་བྱུང་བ་ནི་མེ་མཁའ་རྒྱ་མཚོའི་ལོར་བཞག་པ་དེ་ཡིན། དེ་ནས་བཅུ་གཉིས་པ་ཉི་མ་(མེ་མཁའ་རྒྱ་མཚོ་རྫོགས་པའི་ཕྱི་ལོ་སྟེ་རིགས་ལྡན་ཉི་མའི་ཁྲི་ལོ་དང་པོ་དང་སྤྱི་ལོ་༡༠༢༧ལོ་ནས་རབ་བྱུང་དང་པོའི་འགོ་ཚུགས) བཅུ་གསུམ་པ་སྣ་ཚོགས་གཟུགས། བཅུ་བཞི་པ་ཟླ་འོད། བཅོ་ལྔ་པ་མཐའ་ཡས། བཅུ་དྲུག་པ་ས་སྐྱོང་། བཅུ་བདུན་པ་དཔལ་སྐྱོང་། བཅོ་བརྒྱད་པ་སེངྒ། བཅུ་དགུ་པ་རྣམ་གནོན། ཉི་ཤུ་པ་སྟོབས་པོ་ཆེ། ཉེར་གཅིག་པ་མ་འགགས་པ། ཉེར་གཉིས་པ་མི་ཡི་སེངྒ། ཉེར་གསུམ་པ་དབང་ཕྱུག་ཆེན་པོ། ཉེར་བཞི་པ་མཐའ་ཡས་རྣམ་རྒྱལ་ཏེ་དེ་དག་ཀྱང་སྲིད་སྐྱོང་བའི་ཡུན་ཚད་བརྒྱ་རེ་ཡིན། དེ་ནས་ཉེར་ལྔ་པ་དྲག་པོ་འཁོར་ལོ་ཅན་ཏེ་འཇམ་དཔལ་གྲགས་པ་ནས་འདིའི་བར་ལ་ཤམབྷ་ལའི་རིགས་ལྡན་ཉེར་ལྔར་གྲགས། གཞན་ཡང་རྒྱལ་པོ་ཟླ་བཟང་ནས་དྲག་པོ་འཁོར་ལོ་ཅན་བར་ཆོས་རྒྱལ་སོ་གཉིས་སུ་བགྲང་བའི་སྲོལ་ཡང་ཡོད། དྲག་པོ་འཁོར་ལོ་ཅན་ནི་ལོ་ལྔ་བཅུ་ཙམ་བཞེས་པ་ན་བྱང་ཕྱོགས་དག་སྦྱིན་བྱ་བར་ཀླ་ཀློའི་རྒྱལ་པོ་རྒྱལ་ཕྲན་གོ་དྲུག་དང་བཅས་བྱུང་ནས་ཤམབྷ་ལར་དམག་འདྲེན་པར་རྩོམ་པ་དེ་དྲག་པོས་བཅོམ་སྟེ་དུས་བཞི་(རྫོགས་ལྡན། གསུམ་ལྡན། གཉིས་ལྡན། རྩོད་ལྡན)ཕྱི་མའི་རྫོགས་ལྡན་གྱི་འགོ་ཚུགས་ཞེས་སྔོན་བྱོན་མཁས་དབང་དག་གིས་བཞེད་དོ། །དེ་ཡང་ཕུག་ལུགས་ལྟར་ན་སྤྱི་ལོ་ (༡༩༨༠)སྟེ་རབ་བྱུང་བཅུ་དྲུག་པའི་བགྲང་བྱ་ང་བཞི་པ་ལྕགས་ཕོ་སྤྲེལ་ནི་སྟོན་པའི་འདས་ལོ་ (༢༨༦༡)དང་དུས་འཁོར་ལུགས་ལྟར་ན་རིགས་ལྡན་ཉེར་གཅིག་པ་མ་འགགས་པའི་ཁྲི་ལོ་ང་བཞི་ཡིན། །

Tags:

🔥 Trending searches on Wiki བོད་སྐད:

སུམ་ཅུ་པའི་རྩ་བ་ལེགས་བཤད་ལྗོན་དབང་སྡེ་སྲིད་སངས་རྒྱས་རྒྱ་མཚོ།འཛམ་གླིང་སྤྱི་བསང་ཆུ་བཞི་སྒང་དྲུག་ཤེལ་གྲི།མངོན་པར་ཤེས་པ་དྲུག་བོད་ཡུལ༡༢ (གྲངས་ཀ།)སྣུམ་སྒྱུར་ཆས།མངོན་རྟོགས་རྒྱན་ཨེ་ལི་ཡཱ།ནང་སོག་རང་སྐྱོང་ལྗོངས།ཧྥིན་ལན།རྒྱལ་སྤྱིའི་ཕ་སྐད་ཉིན་མོལྷ་ཆོས།རྨ་ཆེན་རྫོང་།ཧོ་མུར།པ་པུ་འ་ནིའུ་གི་ནེ།སློབ་དཔོན་དཔའ་བོ།ལྷོ་སྒོ་མེ་ལོང་ཅན་ཀརྨ་ཞྭ་དམར་ཝུའུ་ཞི།མཁས་འཇུག་སྡོམ་བྱང་རང་ཤི་རྒྱབ་པ།རིང་བསྲེལ་།མདོ་སྨད་དུ་འཁྲུངས་པའི་མི་སྣ་གལ་ཆེན་ཁག་ཅིག་སྲིད་པའི་འཁོར་ལོ།དཀྱིལ་འཁོར།ཐང་གརབ་བྱུང་གི་བསླབ་བྱ་གཞི་ལྔ།དེབ་ཐེར་རྒྱ་མཚོ།གསའ་གཟིགསོང་ཁ་ལ་ཞིང་ཆེན།ཐེ་སླ།ཨོ་རྒྱན་དབང་ཕྱུགབོད་རང་སྐྱོང་ལྗོངས།སྲིད་སྐྱོང་ཀུན་གསལ་མེ་ལོང་།ཕ་དམ་པ་སངས་རྒྱས།རྒྱ་གར་གྱི་ཆོས་ལུགས།མ་སེའི་མི།འཁོར་ལོ།ཨཱལ་ཇི་ཡར་སི།ཧོའོ་མར་སིམ་བུ་སན།མོའོ་ལིས་ཨེར།སྤུར་རྒྱལ་བཙན་པོའི་དུས་རབས།སློབ་དཔོན་དབྱུག་པ་ཅན་འཇིགས་མེད་དབང་ཕྱུགདབྱར་རྩྭ་དགུན་འབུ་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་བཤད།འཕགས་པའི་ལྷ།དངུལ་ལོར།མི་རྟག་པ།མཚོན་ཆ།དགེ་འདུན་ཆོས་འཕེལ།འཇུ་མི་ཕམ་མདོ་སྡེ་རྒྱན་འགྲེལ་པའི་སྟོད་ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྙིང་འགྲེལ་སྐལ་བཟང་རྣ་བའི་དགའ་སྟོན།།མི་དགེ་བ་བཅུམཚན་ཡང་དག་པར་བརྗོད་པའི་འགྲེལ་པ་རྣམ་གསུམ་བཤད་པ་གངས་རིན་པོ་ཆེ།ཀརྨ་བཀའ་བརྒྱུད་༩༤ (གྲངས་ཀ།)བར་དོའི་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་མེག་སི་ཀོ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།🡆 More