བཀྲ་ཤིས་རྟགས་བརྒྱད།

བཀྲ་ཤིས་པའི་མཚོན་བྱེད་རྟགས་བརྒྱད་ཀྱི་རི་མོའི་མཚོན་ཚུལ་མདོ་ཙམ་ བརྗོད་པར་བྱ་བ་ལ་སྤྱིར་དེ་དག་སོ་སོའི་སྐབས་སུ་བབས་པའི་མཚོན་བྱ་ འདི་དང་འདི་ན་འོ་ཞེས་སྨྲ་བར་མི་ནུས་ཀྱང་།ད་ལམ་གཡང་སྐྱབས་ནོར་ བུ་ཆ་བདུན་གྱི་གཡང་རྫས་འགྲེལ་བཤད་ནང་གསུངས་པ་ལྟར་ན།

 བཀྲ་ཤིས་རྟགས་བརྒྱད།  མི་གཞན་གྱིས་ཁྱེད་ཀྱི་ཤོག་ལྷེ་འདིའམ་དུམ་བུ་འདི་འབྲེལ་དགོས་པའི་བསམ་འཆར་འདུག „བཀྲ་ཤིས་རྟག་བརྒྱད།“!
ཞིབ་ཅིང་ཕྲ་བའི་གླེང་མོལ་ མང་པོ་མཐོང་ཐུབ།

༡.འཁོར་ལོ་ནི།བརྗོད་བྱ་སྡེ་སྣོད་གསུམ་དང་།རྗོད་བྱེད་བསླབ་པ་ གསུམ་གདུལ་བྱའི་རྒྱུད་ལ་འཕོ་བར་བྱེད་པའི་ཆོས་ཀྱི་འཁོར་ལོའི་མཚོན་ཚུལ་ཡིན།

༢.གདུགས་ནི།འགྲོ་བའི་ཉོན་མོངས་པའི་ཚ་གདུང་སེལ་བར་བྱེད་པའོ།

༣.རྒྱལ་མཚན་ནི།ཕ་རོལ་བདུད་དང་མུ་སྟེགས་ཕམ་པར་བྱས་ཏེ།མཚན་ དང་དཔེ་བྱད་ཀྱི་ཡོན་ཏན་ཡོངས་སུ་རྫོགས་པར་མཚོན་པའོ།

༤.དཔལ་བེའུ།?པ་ཊ་?ནི།ཡོན་ཏན་ཐམས་ཅད་རབ་ཏུ་རྫོགས་ཤིང་། ཡེ་ཤེས་ལྔ་ཡི་དཔལ་དང་ལྡན་པའོ།

༥.དུང་དཀར་གཡས་འཁྱིལ་ནི།སྙན་པ་དམ་པའི་ཆོས་ ཀྱི་སྒྲ་སྒྲོགས་པའི་ཚངས་པའི་གསུང་དབྱངས་མཚོན་པའོ།

༦.བུམ་པ་ནི།ཡོན་ཏན་བཅུད་ཀྱིས་རབ་ཏུ་གང་ཞིག་ རྣམ་དཀར་བསོད་ནམས་ཀྱི་རྟེན་བྱེད་པ་མཚོན་པའོ།

༧.པདྨ་ནི།སྲིད་པར་གནས་ཀྱང་སྲིད་པར་མ་ཆཊ་པར་ ལས་ཉོན་གྱི་དྲི་མས་མ་གོས་པ་མཚོན་པའོ།

༨.གསེར་ཉ་ནི།གཡང་རྣམས་ཉེས་པའི་སྐྱོན་སྤངས་པར་ བྱེད་པའི་མཚོན་ཚུལ་ཡིན་པ་བཅས་གསུངས་འདུག གཞན་ ཡང་འཕཊ་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ ཆེན་པོའི་མདོ་ལས།ན་མོ་དབུ་ལ་བཀྲ་ཤིས་གདུཊ་ལྟར་སྐྱོབས། སྐུ་ལ་བཀྲ་ཤིས་མི་ནུབ་རྒྱལ་མཚན་མཆོག གསུང་ལ་བཀྲ་ཤིས་ ཆོས་དུང་གཡས་སུ་འཁྱིལ།ཐུགས་ལ་བཀྲ་ཤིས་དཔལ་གྱི་བེ་འུ་ གསལ།སྤྱན་ལ་བཀྲ་ཤིས་རིན་ཆེན་གསེར་གྱི་ཉ། ལྗགས་ལ་བཀྲ་ ཤིས་པད་མོ་ལོ་འདབ་རྒྱས།མགུལ་ལ་བཀྲ་ཤིས་རིན་ཆེན་བུམ་ པ་འཁྱིལ། ཕྱག་ལ་བཀྲ་ཤིས་ཡོན་ཏན་ནོར་བུ་མཆོག ཞབས་ལ་ བཀྲ་ཤིས་འཕྲིན་ལས་འཁོར་ལོ་ལྔ། བཀྲ་ཤིས་རྫས་བརྒྱད་དངོས་ གྲུབ་དམ་པའི་མཆོག རྫས་མཆོག་བརྒྱད་ཀྱི་བཀྲ་ཤིས་གང་ཡིན་པ། དེང་འདིར་བདག་ཅག་རྣམས་ལ་བཀྲ་ཤིས་ཤོག བཀྲ་ཤིས་དེས་ཀྱང་ རྟག་ཏུ་བདེ་ལེགས་ཤོག་ཅེས་གསུངས་པ་སོགས་འགྲེལ་བཤད་ མཚོན་ཚུལ་རྒྱས་བསྡུས་ཅི་རིགས་མཆིས་ཀྱང་འདིར་དེ་ཙམ་གྱིས་ མཚོན་པར་བགྱིས་པ་ལགས་སོ།


ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

བཀྲ་ཤིས་རྟགས་བརྒྱད། ཟིན་ཐོ་འམ་དཔྱད་གཞི།བཀྲ་ཤིས་རྟགས་བརྒྱད། དཔྱད་གཞིའི་དཀར་ཆག།བཀྲ་ཤིས་རྟགས་བརྒྱད། ད་དུང་གཟིགས།བཀྲ་ཤིས་རྟགས་བརྒྱད། ཕྱི་ཕྱོགས་དྲ་མཐུད།བཀྲ་ཤིས་རྟགས་བརྒྱད།

🔥 Trending searches on Wiki བོད་སྐད:

ཐེག་པ་རིམ་དགུའི་རྣམ་གཞག་མདོར་བསྡུས།ཉན་ཤུལ་མཁྱེན་རབ་འོད་གསལ།འབྲས་སྤུངས་དགོན།ས་སྐྱ་དགོན།རང་བཞིན་བརྗོད་པའི་རྒྱན་བཞི་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།བཟོད་པ།ཨུ་རུ་སུའི་སྐད།རང་བྱོན་ལྔ་ལྡན།ཆ་གསུམ་དང་ལན་ཆགས་གཏོར་མ་འབྱུང་བཞི་གསུམ་ལས་བཞི་ཧེག་ཐ།རྒྱ་གར་ཆོས་འབྱུང་ར་མོ་ཆེའི་གཙུག་ལག་ཁང་།ཚོང་ལས།དགའ་ལྡན་དགོན།མཎྜལ།གསར་འགོད།རྒྱལ་དབང་སྐུ་འཕྲེང་རིམ་བྱོན།ཡོན་ཏན་རྒྱ་མཚོ།རྣམ་དབྱེ་བདུན་པ་གནས་གཞི་ནོར་བུ་གླིང་ག་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་པ་ཚེ་ཏན་ཞབས་དྲུང་ཁ་ཏར།པདྨ་འོད་འབར་ཨེ་ཛེའི་ནད་ནུ་ཁུ་ཨ་ལོ་ཧྥ།སོག་པོ།རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།སུ་ཁུ་རེ།ལོག་ལྟ་བཞི་སྐད་བརྡ་རིག་པ།ཞྭ་ལྷ་ཁངཀུན་བཏགས་ཟླ་༡༢ཚེས་༢༦ཉིན་འཇམ་དཔལ་མཚན་བརྗོད་གཅེར་བུ་བའི་ཆོས་ལུགས།ལུས་རྟེན་མཆོག་གི་དལ་བ་བརྒྱད་པཎ་ཆེན་ཤཱཀྱ་མཆིག་ལྡན་པུའུ་ལུའུ་སེལ​།ཨའོ་ཐ།མཆུ་སྡེ་ལྔ་དགའ་ལྡན་ལྔ་མཆོད་ཆེན་མོ་ཇིང་ཁི་ཁན།ལོངས་སྐུ་མ་རིག་པ།ཧྥ་རན་སིའི་སྐད།ཁ་ཐོག་གི་ཆགས་སྦྱོར།བོོད་ཀྱི་རྒྱལ་རབས་རིམ་བྱོན་ཚེ་མདོཞང་ཞུང་རྒྱལ་རབས་ཀྱི་བང་སོ།རྩ།རྔ་བ་བོད་རིགས་ཆ་བ༹ང་རིགས་རང་སྐྱོང་ཁུལ་ས་སྐྱའི་ལེགས་བཤད་རྩ་འགྲེལ་སློབ་དཔོན་དབྱུག་པ་ཅན་ཞུས་ཀོང་ཆི།༡༧༧༤ལོ།ཤ་ལོ་མོ།བར་དོའི་ངོ་སྤྲོད་བསྡུས་པ་དཔལ་དུས་ཀྱི་འཁོར་ལོ་ཕྱག་འཚལ་བའི་དགོས་པ་རྒྱ་གར།རོལ་མོའི་བྱེ་བྲག་བཅོ་བརྒྱད།འཇོར་ཇི་ཡ། (རྒྱལ་ཁབ།)དམིགས་བརྩེ་མ།གྲོ།མི་དགེ་བ་བཅུམ་གཅིག་ལབ་སྒྲོན།ར་རྒོད།ཀོ་ཀིའི་གླུ་དབྱངས། (Google)ནད་རིགས་བཞི་བརྒྱ་རྩ་བཞི་🡆 More