ཞབས་དཀར་ཚོགས་དྲུག་རང་གྲོལ་

ཞབས་དཀར་ཚོགས་དྲུག་རང་གྲོལ་ནི། རབ་བྱུང་བཅུ་གསུམ་པ་ལྕགས་མོ་གླང༼སྤྱི་ལོ་༡༧༨༡༽གི་ལོར་མདོ་སྨད་རེབ་གོང༼ད་ལྟའི་མཚོ་སྔོན་ཞིང་ཆེན་ཐུན་རིན་རྫོང་གི་ཁོངས༽ཞོ་འོང་གཉན་རྒྱ་ཞེས་པའི་གྲོང་སྡེར་ཡུམ་བཀྲ་ཤིས་བརྩེགས་པའི་སྲས་སུ་འཁྲུངས། ཆུང་དུས་སུ་མཚན་ངག་དབང་བཀྲ་ཤིས་སུ་གསོལ། དགུང་ལོ་བརྒྱད་ཀྱི་སྟེང་ཨ་མེས་ངག་དབང་གི་མདུན་དུ་ཡི་གེ་སྦྱོར་ཀློག་སྦྱངས་ཤིང་ཚེགས་མེད་དུ་མཁྱེན། དགུང་ལོ་བཅུ་པར་ཞོ་འོང་སྔགས་མང་ཆོས་ཐོག་གི་གྲལ་དུ་ཞུགས། དགུང་ལོ་བཅུ་བདུན་སྟེང་གླིང་རྒྱའི་ལྷ་བཟོ་བསྟན་པ་དར་རྒྱས་ལས་ལྷ་བྲིས་བསླབས་པས་རི་མོ་ལེགས་པོ་ཞིག་མཁྱེན། ཆུ་དམར་དགེ་འདུན་བཀྲ་ཤིས་རྒྱ་མཚོ་ལ་ཆོས་འབྲེལ་གྱི་ཐོག་མ་ཞུས་ཤིང་། གཡའ་མ་བཀྲ་ཤིས་འཁྱིལ་བའི་བླ་མ་འཇམ་དབྱངས་རྒྱ་མཚོ་དང་ཨོ་རྒྱན་འཕྲིན་ལས་རྣམ་གཉིས་ཀྱི་ཞབས་པད་བསྟེན་ནས་མདོ་སྔགས་ཆོས་ཀྱི་གདམས་པ་མང་དུ་གསན། དགུང་ལོ་ཉེར་གཅིག་གི་སྟེང་དུ༼སྤྱི་ལོ༡༨༠༡༽རབ་བྱུང་དང་བསྙེན་རྫོགས་བསྒྲུབས། དེ་ནས་རྒྱལ་མཁན་ཆེན་དང་ལྷན་དུ་རྩེ་གཞུང་དབེན་པའི་དགའ་ཚལ་དུ་ཕེབས་ཏེ། ཆོས་རྒྱལ་ངག་གི་དབང་པོ༼ཆིང་ཝང་ངག་དབང་དར་རྒྱས༽སྤྱི་བོའི་ཅོད་པན་དུ་བསྟེན་ཏེ་མདོ་སྔགས་ཆོས་ཀྱི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་ཐོས་བསམ་དཔྱིས་ཕྱིན་པ་མཛད་ཅིང་། མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ལ་མངའ་བརྙེས། ཚོགས་དྲུག་གི་ཞེན་འཛིན་རང་སར་གྲོལ་བའི་བརྡར་མཚན་ལ་ཚོགས་དྲུག་རང་གྲོལ་དུ་གསོལ། རབ་བྱུང་བཅུ་གསུམ་པའི་མེ་སྟག༼སྤྱི་ལོ༡༨༠༦༽ནས་རྒྱལ་ཁམས་ཕྱོགས་མེད་འགྲེམས་ཏེ་སྒྲུབ་པ་སྙིང་པོར་མཛད། གངས་ཅན་བོད་ཀྱི་གནས་ཆེན་ཡོད་དོ་ཅོག་ལ་ཕལ་ཆེར་ཞབས་ཀྱིས་བཅགས་ཏེ། དབེན་གནས་བརྒྱ་ཕྲག་ཏུ་ལོ་སུམ་ཅུའི་རིང་ལ་སྒྲུབ་པ་ལྷུར་ལེན་མཛད་ནས་གྲུབ་པ་བརྙེས་ཤིང་འགྲོ་དོན་བསམ་གྱིས་མི་ཁྱབ་པ་མཛད། རང་གྲོལ་མཚན་ཅན་དྲུག་དང་། ཐུགས་སྲས་སངས་རྒྱས་རིན་ཆེན། སྤྱང་ལུང་སྤྲུལ་བའི་སྐུ་སོགས་གཙོས་མདོ་དབུས་གཙང་གསུམ་གྱི་གྲུབ་མཐའ་རིས་སུ་མ་མཆིས་པའི་སློབ་མ་ཁྲི་སྟོང་མང་པོ་ཞིག་བསྐྱངས་པས། ཁོང་གི་མཚན་སྙན་གྱི་རྔ་གསང་བོད་ཁམས་ལས་ཆེས་ཆེར་བརྒལ་ཏེ་བལ་ཡུལ་མཐིལ་དུའང་ཁྱབ། ལྗགས་རྩོམ་གྱི་སྐོར་ལ《རང་རྣམ》དང《མགུར་འབུམ》སོགས་ཁྱོན་བསྡོམས་པོད་ཉེར་ལྔ་ཙམ་ཡོད་པར་གྲགས།  དགུང་ལོ་དོན་གཅིག་པ་རབ་བྱུང་བཅུ་བཞི་པའི་ལྕགས་ཕག༼སྤྱི་ལོ༡༨༥༡༽ལོར་རང་ཡུལ་རེབ་གོང་ནས་གཟུགས་སྐུའི་བཀོད་པ་བསྡུས།

Tags:

🔥 Trending searches on Wiki བོད་སྐད:

ཀརྨ་པ་དུས་གསུམ་མཁྱེན་པ་པེར་ཅིན།བྷེ་ལ་རསུ།ཟླ་༧ཚེས་༡༩ཉིན་རྗོར་ཌན།ཐའི་ལེན།ཇོ་ནང་འཇོར་ཇི་ཡ། (རྒྱལ་ཁབ།)འཚོ་བ།བར་བ་ཌོ་སི།གཅེར་བུ་བའི་ཆོས་ལུགས།པ་ག་ཏཏན་ནེ་སི་སྤོ་ལོ།རམས་ཕྱིས།མུ་ཁྲི་བཙན་པོ།ཆབ་མདོ།ཁྲག་གཏར་བའི་གསོ་བཅོས་ཚོང་དཔོན་ནོར་བུ་བཟང་པོ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་ནིའུ་ཛི་ལེན་ཌི།འཁོར་བ།ཧྥ་རན་སི།ཁུ་རན་གསུང་རབ།༢༠༠༤ལོ།སྐྲ་སྐར་ཁ་ཐོག་གི་ཆགས་སྦྱོར།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།རྒྱན་དྲུག་མཆོག་གཉིས་ཝེ་ཧི་ས་ཡེ་ཕོ་བྲང་།དམྱལ་ཁམས་བཅོ་བརྒྱད།ཀཿཐོག་རིག་འཛིན་ཆེན་པོ་སྐུ་ཕྲེང་རིམ་བྱོན་རྣམ་ཐར་བསྡུས་པ།ལུས་རྟེན་མཆོག་གི་དལ་བ་བརྒྱད་ཨེ་ཛེའི་ནད་ཀུན་མཁྱེན་འཇམ་དབྱངས་བཞད་པ་མང་ཐོས་ཀླུ་སྒྲུབ་རྒྱ་མཚོ།རྫོགས་ཆེན་དགོན།ཀྲུང་གོའི་རྒྱལ་རབས།ལུང་རྟོགས་རྒྱ་མཚོ།བཀྲ་ཤིས་བརྒྱད་པ་ཚངས་དབྱངས་རྒྱ་མཚོ།མ་ལ་སུང་རྒྱུགས་འགྲན།ཚའོ་ཚའོ།ལམ་གཙོ་རྣམ་གསུམ་དར་ལྕོགབོན་ཐེག་པ་རིམ་དགུ་ར་ཧྥ་ཨེལ་ལོ་སན་ཛིའོ།ལྷ་བསང་།ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།བདེ་སྨུག་བཟོད་པ།སྙན་ངག་གི་སྡོམ་ཚིག བེ་རི་འཇིགས་མེད།བཀའ་བློན་ཀེ་རི་སིའི་སྐད།བོད་ཡིག་ཉན་ཤུལ་མཁྱེན་རབ་འོད་གསལ།པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་ཁུ་ནུའི་ངག་སྒྲོན་ཨི་ཏ་ལི།རོལ་མོའི་བྱེ་བྲག་བཅོ་བརྒྱད།རིག་གནས་གསར་བརྗེ་ཆེན་པོཔྲ་ཏིའི་སུམ་རྟགས་ཁྰ་ལེ་ཧྥོར་ནི་ཡ།བཙན་བྱོལ་བོད་གཞུང་།རིན་ཆེན་མང་སྦྱོར་ཆེན་མོ་སྐྱ་ཀ།ཤེས་རབ་སྙིང་པོ་ཨི་རི་ཏྲའ།དངུལ་ལོར།བཞང་བཞའ་ཀོ་ཝོའུ་སོ་མཚན་མཐུན་དགའ་རོགས་སྒྲིག་པ།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།🡆 More