ལོ་དུས་སུ་མཆོད་པ་

(ལོ་མཆོད)རང་གི་ཕ་མ་ཉེ་འབྲེལ་དང་དགེ་རྒན། བླ་མ་སོགས་སྐུ་འདས་ནས་ལོ་གཅིག་འཁོར་བའི་དུས་ཀྱི་མཆོད་པ་ལ་ཟེར། སྔར་བཙན་པོ་རིམ་བྱོན་གྱི་སྐབས་ཤུལ་དུ་ལུས་པའི་རྒྱལ་བློན་རྣམས་ཀྱིས་རང་གི་ཕ་མ་ཉེ་འབྲེལ་སོགས་འདས་རྗེས་བང་སོ་བརྩིགས་ཏེ། དེའི་ནང་དུ་འདས་པོའི་རྒྱུ་ནོར་ཟས་གོས་སོགས་ཀྱི་སྐལ་བ་བཞག བཙན་པོ་རང་ཉིད་ཀྱི་རྩིས་ཆེ་བའི་བློན་པོ་དང་། ཞབས་འབྲིང་འགའ་ཞིག་བང་སོ་སྲུང་མཁན་དུ་སྡོད་དགོས་པ་དང་། རྒྱལ་རྒྱུད་གསོན་པོ་རྣམས་དང་ཐུག་ཕྲད་བྱེད་མི་ཆོག་པ། ལོ་རྗེས་མའི་ལོ་མཆོད་འབུལ་མཁན་ཡོང་སྐབས་ཐག་རིང་པོ་ནས་དུ་བ་དང་དུང་བརྡ་བཏང་བ་དང་དུར་སྲུང་རྣམས་མི་གཞན་གྱིས་མི་མཐོང་བའི་སར་གབ་དགོས། དེའི་ཤུལ་དུ་རྒྱལ་བློན་འཚོ་སྡོད་རྣམས་ཀྱིས་ཟས་གོས། ནོར་ཕྱུགས། དངོས་རིགས་སོགས་བང་སོའི་མདུན་དུ་ཕུལ་ནས་ལོ་མཆོད་མྱ་ངན་ཞུས་ཟིན་པ་དང་། སླར་ཡང་དུ་བ་བཏང་སྟེ་ཕྱིར་ལོག་རྗེས་དུར་སྲུང་རྣམས་ཀྱིས་ལོ་མཆོད་དངོས་པོ་རྣམས་ལོངས་སྤྱོད་ཆོག་པའི་གནས་ཚུལ་སྐོར་《བཀའ་ཐང་སྡེ་ལྔ》ནང་གསལ་ཞིང་། བོད་དུ་ཕ་མ་ཉེ་འབྲེལ་དང་། རང་གི་དགེ་རྒན། བླ་མ་བཅས་སྐུ་གཤེགས་པའི་ཟླ་ཚེས་སེམས་ལ་བཟུང་ནས་ལོ་མཆོད་རྟག་པར་འབུལ་བའི་སྲོལ་ཡོད། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

དེང་ཞ་ཕིང།༢༠༢༠ལོ།བསྟོད་པ་ཆུ་འཛིན་དཀར་པོ་མ།བྷཧ་རཡིན།ལྦེ་ཁེ་རིག་མཛོདརྒྱ་གར་རྣམ་པར་རེག་བྱེད་མ་ཡིན་པའི་གཟུགས་༢༠༢༦ལོ།སྙན་ངག་གི་བསྟན་བཅོས་རྒྱ་མཚོའི་སྙིང་པོ་ཞེས་བྱ་བ་བཞུགས་སོ།།ཀིརྟི་སྐུ་ཕྲེང་གསུམ་པ་བསྟན་པ་རབ་རྒྱས་རྒྱན་དྲུག་མཆོག་གཉིས་བཙན་པོ་རིམ་བྱོན་གྱི་མཚན་བྱང་།གཞུང་བཀའ་པོད་ལྔ།ཉི་མ།ངོ་བོ་ཉིད་མེད་པ་གསུམ་རྨ་ཆུ།ཚུགས་ཐུབ་རིན་ཐང་།ཏུན་ཧོང་བྲག་ཕུག།རྒྱལ་སྲས་ཐོགས་མེད་བཟང་པོ།ཨི་ཤོ་ལེགས།མིང་རྒྱལ་རབས།ཁྱིམ་བཅུ་གཉིས་༄༅།། ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང་བཞུགས་སོ།།ཧིན་ཏུའི་ཆོས་ལུགས།བསམ་གཏན་ས་དྲུག་ཀུན་ཏུ་བཟང་པོ།གུང་རི་གུང་བཙན།བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།༢༠༠༢ལོ།བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཆེན་པོ་བཞི་གྲུབ་མཐའ་སོ་སོའི་བདེན་གཉིས་ཀྱི་འཇོག་ཚུལ་འཕགས་མ་སྒྲོལ་མ་ལ་བསྟོད་པ།ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་སྐྲ་སྐར་ཟླ་བ།ཕུར་བུ།ཕ་རོལ་དུ་ཕྱིན་པ་དྲུག་རྒྱ་གར་སྐད།ཝེ་ཁེ་རིག་མཛོད་ནང་འཕྲད་སྲིད་པའི་དཀའ་རྙོག་སེལ་ཐབས།མེས་དབོན་རྣམ་གསུམ།སེམས་ཁམས་རིག་པ།ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ་གཉའ་ལམ་རྫོང་།སྙིང་གཏམ་སུམ་ཅུ་པ་རྣམ་མཁྱེན་སྐད་བརྡ་རིག་པ།འཆད་རྩོད་རྩོམ་གསུམ་པ་ར་གུ་ཡེ།པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་རོལ་ཆ།ཕྰོ་ཟོ་ནན།ཉི་ཧོང་གི་མི།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ལས་རྒྱུ་འབྲས་ཆོས་ལུགས་་གཤིབ་བསྡུ་རིག་པ།ལྷག་བཅས་ཀྱི་ཕྲད་འཇུག་ཡུལ་བརྒྱད་སྐར་མ་སྨིན་དྲུགབྷེ་ལ་རསུ།སྒྱུ་རྩལ།ལམ་འབྲས་སྐོར་དགུ་གླ་བ།༡༩༩༡ལོ།ཤར་ཕྱོགས་པ་ཨོཾ་མ་ཎི་པ་དྨེ་ཧཱུྃ།རྟགས་འཇུག་ལས་དངོས་པོའི་དབང་གིས་བདག་གཞན་གཉིས་སུ་དབྱེ་ཚུལ་རྫས་འགྱུར་རིག་པ།སྙན་ངག་མཁན།དུས་ཚོད།སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།🡆 More