སྐྲ་སྐར་

མི་སུ་དང་གང་གིས་སྐྲ་འབྲེག་སྐྲ་བཅོས་བྱེད་པ་ལ་ཉི་མ་བཟང་ངན་གྱི་དབྱེ་བ་མ་ཤེས་ན། རེས་འགའ་ཟླ་བ་དེ་ལ་ནད་བྱུང་བ་དང་། མིག་མི་གསལ་བ། བྱ་བ་ལམ་འགྲོ་མེད་པ་སོགས་འབྱུང་སྲིད་པས་དེའི་ཚུལ་ཤེས་པར་འདོད་ན་འདི་ལྟ་སྟེ། ༈བྱང་ཆུབ་སེམས་དཔའི་སྐྲ་ཡི་ལེའུ་ལས། ཚེས༡ཚེ་ཐུང་། ཚེས་༢ནད་མང་། ཁ་མཆུ་འོང་། ཚེས་༣ཕྱུག་པོ་འོང་། ཚེས་༤དབང་ཐང་ཆེ། མདངས་རྒྱས། ཚེས་༥ནོར་འཕེལ། ཚེས་༦མདངས་འཕྲོག་ངན། ཚེས་༧ཁ་སྨྲས་ཞལ་ལྕེ་འོང་། ཚེས༨ ཚེ་རིང་། ཚེས་༩ན་ཆུང་དང་འཕྲད། ཚེས་༡༠དགའ་བ་འཕེལ། ཚེས་༡༡དབང་པོ་རྣོ་ཤེས་རབ་འཕེལ། ཚེས་༡༢ནད་འོང་སྲོག་ལ་གཟེན། ཚེས་༡༣བརྩོན་འགྲུས་ཆེ་མཆོག་ཏུ་བཟང་། ཚེས་༡༤ལོངས་སྤྱོད་འཕེལ། ཚེས་༡༥བསོད་ནམས་ཆེ། ཚེས་༡༦རྒྱུ་བ་ངན། ཚེས་༡༧མིག་མི་གསལ། ཤ་རྩི་སྔོ། ཚེས་༡༨ནོར་སྟོར་ངན། ཚེས་༡༩ཆོས་འཕེལ། ཚེས་༢༠ལྟོག་ངན། ཚེས་༢༡དལ་ཡམས་འོང་། ཚེས་༢༢ནད་འཕེལ། ཚེས་༢༣ཕྱུག་པོ་འོང་། ཚེས་༢༤རིམས་ནད་འོང་། ཚེས་༢༥མིག་ཚག་ངན། ཚེས་༢༦བདེ་སྐྱིད་འོང་། ཚེས་༢༧བཀྲ་ཤིས། ཚེས་༢༨འཐབ་མོ་འོང་། ཚེས་༢༩བླ་འཁྱམས་ཅན། སྐད་མཛེས། ཚེས་༣༠ཁ་སྨྲས་འོང་། གཤིན་དང་འཕྲད། བྱེ་བྲག་ཏུ་གཟའ་ཉི་མ་དང་མིག་དམར་ལ་ངན། སྤར་ཁ་ལི་དང་ཁེན་གྱི་ཉི་མར་ངན། ཁྱི་དང་སྟག་གི་ཉི་མར་སྤངས། སྐྲ་བཀྲུ་བ་སོགས་ནི་རྟེན་འབྲེལ་བཅུ་གཉིས་གཙོ་བས་འདི་དང་མི་འདྲ་བ་གོང་དུ་ལྟོས། ཡང་ཧོར་ཟླ་བཅུ་གཉིས་པའི་ཚེད་༨དང་། བཅུ་གཅིག་པའི་ཚེས་༨ལ་སྐྲ་བྲེག་ན་སྡིག་པ་འདག བཅུ་གཉིས་པའི་༢༥ལ་ཤེསརབ་འཕེལ་ཞེས་བཻ་དཀར་ལས་གསུངས་སོ། ཞར་བྱུང་བུ་ཆུང་ལོ་གསུམ་ལོན་ཚེ་ཆུང་སྐྲ་འབྲེག་པ་ལ་ཚེས་གྲངས་མི་གཙོ་སྟེ། སྐར་མ་སྣར་མ་༣ནས། མགོ་༤། ལག་༤། ནམ་སོ༦། རྒྱལ་༧། སྐག་༨། མཆུ་༩། གྲེ་༡༠། དབོ་༡༡། མེ་བཞི་༡༢། ནག་པ་༡༣། ས་རི་༡༤། ས་ཀ་༡༥རྣམས་ལ་བཟང་། དེ་ལས་གཞན་པའི་སྐར་མ་རྣམས་ནི་ངན་པའོ།། །།

Tags:

🔥 Trending searches on Wiki བོད་སྐད:

རྒྱལ་དབང་སྐུ་འཕྲེང་རིམ་བྱོན།གོ་དང་དཀྱི་ར།ཟླ་༤ཚེས་༢༨ཉིན་བདེ་སྐྱིད་ལྡན་པའི་སྡོང་བོའི་གྲོགས་བྱ་ཏེ་དག་ཡིག་མདོར་བསྡུས་ཁྲུང་ཆིང་གྲོང་ཁྱེར།གཡགསྲོང་བཙན་སྒམ་པོ།ཛོ་ར་སིའི་ཆོས་ལུགས།ལྦེ་ཁེ་རིག་མཛོདམ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།དག་ཡིག་ཉེར་མཁོ་བསྡུས་པ་པེ་རུ།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།༠ (གྲངས་ཀ།)ཟླ་༡༠ཚེས་༢༤ཉིན་ཟླ་༥ཚེས་༤ཉིན་སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།ཏཱ་ལའི་བླ་མ་འབྲོང་གཉན་ལྡེ་རུ།ཚོགས་གླུ་མཛོ་སྒང་རྫོང་མཇེ་ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་མཁན་ཆེན་ཞི་བ་འཚོ་༄༅། ཞོ་སྟོན།མཁན་པོ་ངག་ཆུང་སྙིང་གཏམ་སུམ་ཅུ་པ་ཏུ་ནི་ཤི་ཡ།རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས།༢༠༡༤ལོ།དུང་དཀར་ཚིག་མཛོད་ཆེན་མོ་ཕུར་བུ།གྲུབ་མཐའ་སོ་སོའི་བདེན་གཉིས་ཀྱི་འཇོག་ཚུལ་ལི་ཆེ་ཏན་སཏིན།སློབ་དཔོན་ཐུ་མི་སམ་བྷོ་ཊ།ཆོས་ལུགས།པུ་རུ་ཟིལ།རྒྱ་གར་ཆོས་འབྱུང་ཕྱོགས་ཀྱི་གླང་པོ།རི་མོ།དན་མྲགརྒྱལ་བ་བསྟན་འཛིན་རྒྱ་མཚོ་བ་རག་ཨོ་པྰ་མ།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།ཟླ་༡༠ཚེས་༢༥ཉིན་ཚད་མ་སྡེ་བདུན་རྣམ་དབྱེ་གསུམ་པ་བྱེད་སྒྲ་ཆོས་ལུགས་་གཤིབ་བསྡུ་རིག་པ།སློབ་དཔོན་དབྱིག་གཉེན་ཧྥ་ཤི་སིའི་རིང་ལུགས།སྙན་ངགམེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་༢༠༤༡ལོ།ཆབ་མདོ་རྫོང་།གསར་འགྱུར།ཉི་མ།ཟླ་༤ཚེས་༣༠ཉིན་ཞི་པན་ཡ།འདོད་པའི་དབང་ཕྱུགསི་ཏོག་ཧོ་ལིམ།བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་བཙུན་པ།འཇམ་དབྱངས་སྐྱིད།ཇི་བའོ་ཊི།ཨལ་པ་ཉི་ཡ།🡆 More