བཀྲ་ཤིས་བརྒྱད་པ

ཨོ། སྣང་སྲིད་རྣམ་དག་རང་བཞིན་ལྷུན་གྲུབ་པའི།

བཀྲ་ཤིས་ཕྱོགས་བཅུའི་ཞིང་ན་བཞུགས་པ་ཡི།

སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས།

ཀུན་ལ་ཕྱག་འཚལ་བདག་ཅག་བཀྲ་ཤིས་ཤོག

སྒྲོན་མེའི་རྒྱལ་པོ་རྩལ་ལྡན་དོན་འགྲུབ་དགོངས།

བྱམས་པའི་རྒྱན་དཔལ་དགེ་གྲགས་དཔལ་དམ་པ།

ཀུན་ལ་དགོངས་པ་རྒྱ་ཆེར་གྲགས་པ་ཅན།

ལྷུན་པོ་ལྟར་འཕགས་རྩལ་གྲགས་དཔལ་དང་ནི།

སེམས་ཅན་ཐམས་ཅད་ལ་དགོངས་གྲགས་པའི་དཔལ།

ཡིད་ཚིམས་མཛད་པ་རྩལ་རབ་གྲགས་དཔལ་ཏེ།

མཚན་རྩམ་ཐོས་པས་བཀྲ་ཤིས་དཔལ་འཕེལ་བ།

བདེ་བར་བཤེགས་པ་བརྒྱད་ལ་ཕྱག་འཚལ་ལོ།

འཇམ་དཔལ་གཞོན་ནུ་དཔལ་ལྡན་རྡོ་རྗེ་འཛིན།

སྤྱན་རས་གཟིགས་དབང་མགོན་པོ་བྱམས་པའི་དཔལ།

ས་ཡི་སྙིང་པོ་སྒྲིབ་པ་རྣམ་པར་སེལ།

ནམ་མཁའི་སྙིང་པོ་འཕགས་མཆོག་ཀུན་ཏུ་བཟང་།

ཨུཏྤལ་རྡོ་རྗེ་པད་དཀར་ཀླུ་ཤིང་དང་།

ནོར་བུ་ཟླ་བ་རལ་གྲི་ཉི་མ་ཡི།

ཕྱག་འཚན་ལེགས་བསྣམས་བཀྲ་ཤིས་དཔལ་གྱི་མཆོག

བྱང་ཆུབ་སེམས་དཔའ་བརྒྱད་ལ་ཕྱག་འཚལ་ལོ།

རིན་ཆེན་གདུགས་མཆོག་བཀྲ་ཤིས་གསེར་གྱི་ཉ།

འདོད་འབྱུང་བུམ་བཟང་ཡིད་འོངཀཱ་མ་ལ།

སྙན་གྲགས་དུང་དང་ཕུན་ཚོགས་དཔལ་བེའུ།

མི་ནུབ་རྒྱལ་མཚན་དབང་བསྒྱུར་འཁོར་ལོ་སྟེ།

རིན་ཆེན་རྟགས་མཆོག་བརྒྱད་ཀྱི་ཕྱག་འཚན་ཅན།

ཕྱོགས་དུས་རྒྱལ་བ་མཆོད་ཅིང་དགྱེས་བསྐྱེད་མ།

སྒེག་སོགས་ངོ་བོ་དྲན་པས་དཔལ་སྤེལ་བའི།

བཀྲ་ཤིས་ལྷ་མོ་བརྒྱད་ལ་ཕྱག་འཚལ་ལོ།

ཚངས་པ་ཆེན་པོ་བདེ་འབྱུང་སྲིད་མེད་བུ།

མིག་སྟོང་ལྡན་དང་རྒྱལ་པོ་ཡུལ་འཁོར་སྲུང་།

འཕགས་སྐྱེས་པོ་དང་ཀླུ་དབང་མིག་མི་བཟང་།

རྣམ་ཐོས་སྲས་ཏེ་ལྷ་རྫས་འཁོར་ལོ་དང་།

ཏྲི་ཤུ་ལ་དང་མདུང་ཐུང་རྡོ་རྗེ་ཅན།

པེ་ཝཾ་རལ་གྲི་མཆོད་རྟེན་རྒྱལ་མཚན་འཛིན།

ས་གསུམ་གནས་སུ་དགེ་ལེགས་བཀྲ་ཤིས་སྤེལ།

འཇིག་རྟེན་སྐྱོང་བ་བརྒྱད་ལ་ཕྱག་འཚལ་ལོ།

བདག་ཅག་དེང་འདིར་བྱ་བ་རྩོམ་པ་ལ།

བགེགས་དང་ཉེ་བར་འཚེ་བ་ཀུན་ཞི་ནས།

འདོད་དོན་དཔལ་འཕེལ་བསམ་དོན་ཡིད་བཞིན་འགྲུབ།

བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག

Tags:

🔥 Trending searches on Wiki བོད་སྐད:

པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་འཁོར་གཡུགས་གཙོག་སྐྱོན།དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་ཚན་རིགདགེ་འདུན་ཆོས་འཕེལ།ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།སྲིད་སྐྱོང༌།ཐའི་ལེན།ཚད་མ་རྣམ་འགྲེལ།འཇམ་དཔལ་དབྱངས།རྟ་མགྲིན།རྒྱ་གར་སྐད།སུན་ཀྲུང་ཧྲན།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།བལ།ཚུལ་ཁྲིམས་གསུམ་མི་དགེ་བ་བཅུཨེ་ཤེ་ཡ།ཟླ་བ།བོན།ལེའུ་མེ་ཏོག་ལུག་མིགམི་རྟག་པ།ཡར་ལྷ་ཤམ་པོ།ཁྱད་པར་བརྗོད་པའི་རྒྱན་ལྔ་སྐྱིད་གྲོང་རྫོང་ཁ་དོག་སྐོར་གླེང་བ།མི་ཆོས་ཆེན་མོ་གཙང་མ་བཅུ་དྲུགཀུན་ཏུ་བཟང་པོ།ཨུཀ་རཡི་ནི།ཀླུ་སྒྲུབ་དགོངས་རྒྱན།ཀླུ་ཀུན་ཏུ་དགའ་བའི་ཟློས་གར་གྱི་མཆན་དཔྱད་རགས་བསྡུས།སྙན་ངག་ལེའུ་དང་པོ་ཐུན་མོང་མ་ཡིན་པའི་རྒྱན་གྱི་རྣམ་གཞག། བེ་རི་འཇིགས་མེད།མོག་མོག་རིགས་པའི་ཚོགས་དྲུགརྣམ་པར་སྣང་མཛད།ལམ་གྱི་གཙོ་བོ་རྣམ་གསུམ་གྱི་སྙིང་འགྲེལ་སྐལ་བཟང་རྣ་བའི་དགའ་སྟོན།།ཚེ་རིང་རྣམ་དྲུག་དུང་དཀར་ཚིག་མཛོད་ཆེན་མོ།ཡོན་ཏན་གཞིར་གྱུར་མ་མི་རྟག་དྲན་བསྐུལ་མ།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽བེ་ནིན།བོད་ཡིག་འབྲས་ལྗོངས།རྒྱལ་སྲས་ཐོགས་མེད་བཟང་པོ།རིན་ཆེན་གཡུ་རྙིང་ཉེར་ལྔ་༢༠༡༦ལོའི་དབྱར་ཁའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།ཝི་ཏི་ནམ།རྨ་ཆུ།ལོ་སྐོར་བཅུ་གཉིས་ཁྱི་རྒན་སྐར་ཚོམ་བ་ཧ་མཱ་སི།དོན་འགྲུབ་རྒྱལམོ་ན་ལི་ས།ཕུར་བུ།བར་དོ་དྲུག་གི་རྩ་ཚིག་སེང་ག་གླིང་།ཛིར་ཀོ་ནིམ།རྣམ་པར་རེག་བྱེད་མ་ཡིན་པའི་གཟུགས་ཧེན་ཐའེ།ཨིན་རྡུ་ནི་ཤིས་ཡ།🡆 More