རིགས་ལྔ།

སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་ཀྱི་གཞུང་ལས་བཤད་ཚུལ་ལ། སེམས་ཅན་གང་ཡིན་ཀྱང་སངས་རྒྱས་པའི་ཚེ་ན་རང་ཉིད་ཀྱི་མ་དག་པའི་ཕུང་པོ་ལྔ་གནས་འགྱུར་ཏེ་རྒྱལ་བ་རིགས་ལྔའི་ངོ་བོར་སངས་རྒྱས་པ་སྟེ། གཟུགས་ཀྱི་ཕུང་པོ་གནས་འགྱུར་བའི་དག་ཆ་ལྷ་སྐུར་འཆར་བ་ནི་སངས་རྒྱས་རྣམ་པར་སྣང་མཛད་ཡིན་པས་དེའི་སྐུ་མདོག་དཀར་པོ་དང་། དེ་བཞིན་དུ་ཚོར་བའི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་རིན་ཆེན་འབྱུང་ལྡན་ཡིན་པས་དེའི་སྐུ་མདོག་སེར་པོ། འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་འོད་དཔག་མེད་དང་དེའི་སྐུ་མདོག་དམར་པོ། འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་དོན་ཡོད་གྲུབ་པ་དང་དེའི་སྐུ་མདོག་ལྗང་ཁུ། རྣམ་ཤེས་ཀྱི་ཕུང་པོ་གནས་འགྱུར་བའི་སངས་རྒྱས་མི་བསྐྱོད་པ་དང་དེའི་སྐུ་མདོག་སྔོན་པོ་ཡིན་པ་བཅས་ནི་རང་རང་གི་སྒྲུབ་གཞིའི་རླུང་གི་ཁ་དོག་དེའི་རང་མདངས་ལ་བརྟེན་ནས་བྱུང་བ་ཡིན་ཞེས་བཤད་སྲོལ་ཡོད། ཞིབ་པར་གསང་སྔགས་ཀྱི་གཞུང་རྣམས་སུ་གསལ་ལ། ཡང་འདྲེན་ཚུལ་གཞན་ཞིག་ནི། ཉན་ཐོས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས་དང་། རང་སངས་རྒྱས་ཀྱི་ཐེག་པ་མངོན་པར་རྟོགས་པའི་རིགས། དེ་བཞིན་གཤེགས་པའི་རིགས། མངོན་པའི་རིགས། རིགས་མེད་པ་བཅས་ལྔའོ། ཡང་ན། མི་བསྐྱོད་པ། རིན་འབྱུང་། འོད་དཔག་མེད། དོན་གྲུབ། རྣམ་སྣང་སྟེ་ལྔའོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

བོད་ཀྱི་སྐད་ཡིག།ཇོ་ནང་ཆོས་འབྱུང་།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།མི་ལ་རས་པ་ས་སྐྱ་ལེགས་བཤད།༡༩༨༩བཀྲ་ཤིས་བརྒྱད་པཧུང་གྷ་རི།ཚད་འབྲས་རེ་ནིམ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤལྦེ་ཁེ་རིག་མཛོདཁ་ན་མ་ཐོ་བ་གཉིས་སྦྲ་ཆེན་རྫོང་།ས་མོའ།རིག་བྱེད།ཚ་ལུ་མ་སྐྱུར་མོ།པདྨ་འབྱུང་གནས།སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་བཅའ་ལྒ།སྐུ་འབུམ་དགོན།ལྷ་ས།ཟླ་༨ཚེས་༡༤ཉིན་ཀ་ན།སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བསྡུ་བ་ཐེངས་གསུམ་རབ་བྱུང་བརྩི་ཚུལ་བྱ་ཁྱིའུ།ཁ་ཐོག་གི་ཆགས་སྦྱོར།ཡོ་རོབ་གླིང་།སེ་པན་སྐད།རབ་རྟོག་གི་རྒྱན་གསུམ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།རྒྱལ་སྲས་ལག་ལེན་སོ་བདུན་མ་སྡེ་བཞིའི་ལུང་ཇོ་ཁང་།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་མགྱོགས་ཡིག་པྲ་ཏིའི་སུམ་རྟགས་འབྲུག་ཡུལ།བརྩེ་དུང་།མི་ལྡན་རྣམ་གཅོད་ཀྱི་སྒྲ།༨ (གྲངས་ཀ།)འཇང་རིག་གནས་གསར་བརྗེ་ཆེན་པོཔཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་རྙིང་མའི་གདན་ས་ཆེན་པོ་དྲུག་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་རྫ་དཔལ་སྤྲུལ་༡༩༠༦ལོ།གཏམ་པད་མའི་ཚལ་གྱི་ཟློས་གར་ལྷ་བླ་མ་བྱང་ཆུབ་འོད་མའུ་རི་ཊིའུ་སུ།ལྟུང་བཤགས་དངོས་ཁམས་རིག་པ་འཛམ་གླིང་འཁྲུག་ཆེན་གཉིས་པ་༢༠༢༤ལོ།པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།འཕྲུལ་འཁོར།རྭ་སྒྲེང་ཐུབ་བསྟན་འཇམ་དཔལ་ཡེ་ཤེས་བསྟན་པའི་རྒྱལ་མཚན།འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།🡆 More