རྣམ་དབྱེ་བཞི་བ་དགོས་ཆེད་

རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་བྱས་པ་ཙམ་མམ་བྱེད་པ་ཙམ་ཞིག་སྟོན་པ་མ་ཡིན་པར། རྣམ་དབྱེ་སྦྱར་སའི་གཞི་དེའི་ཆེད་དུའམ་དོན་དུ་བྱ་བ་ཅི་རིགས་སྟོན་པ་ཞིག་དགོས་ཏེ། དཔེར་ན། རྒྱལ་ཁབ་འཕེལ་ཐབས་སུ་བཟོ་གྲྭ་འཛུགས། ཞེས་པའི་རྒྱལ་ཁབ་འཕེལ་ཐབས་རྣམ་དབྱེ་སྦྱར་སའི་གཞི་དང་། གཞི་དེ་ལ་བཟོ་གྲྭ་འཛུགས་པའི་བྱ་བ་བྱེད་ཙམ་སྟོན་པ་ཡིན་ན། དེའི་རྣམ་དབྱེ་སུ་དེ་གཉིས་པ་ལས་སུ་བྱ་བར་འགྱུར་མོད། དེ་ལྟར་མ་ཡིན་པར་རྒྱལ་ཁབ་འཕེལ་ཐབས་ཀྱི་ཆེད་དུའམ་དོན་དུ་བཟོ་གྲྭ་འཛུགས་པར་སྟོན་པ་ཡིན་ལ། དེ་རྣམ་དབྱེ་སུ་སྒྲའི་ནུས་པས་གོ་བ་ཡིན། ཚིགས་བཅད་སོགས་ཀྱི་སྐབས། སུ་མེད་ན། རྒྱལ་ཁབ་འཕེབ་ཐབས་བཟོ་གྲྭ་འཛུགས། ཞེས་བརྗོད་ཚེ་རྣམ་དབྱེ་སུ་བསྡུས་པ་ཡིན་པར་ཤེས་དགོས། གོས་སུ་རས་འཐག་ལྟ་བུ་ལ། རྣམ་དབྱེ་སུ་མེད་ན་གོས་རས་འཐག་ཅེས་པ་གོས་ཀྱི་ཆེད་དུ་རས་འཐག་པར་མི་གོ་བར། རས་འཐག་པ་ཙམ་དུ་འགྱུར་རོ། ལ་དོད་བཞི་བ་དགོས་ཆེད་ལ་འཇུག་པ། དཔེར་ན། རྒྱལ་ཁབ་འཕེལ་ཐབས་སུ་བཟོ་གྲྭ་འཛུགས། གོས་སུ་རས་འཐག། ཁ་ཟས་སུ་འབྲས་ཉོས། སྡོད་ཁང་སུ་ཁང་བ་བརྩིགས། རི་དྭགས་བདའ་རུ་རི་མགོར་སོང་། གྲོགས་དགའ་རུ་རོགས་རམ་བྱེད། ཡོན་ཏན་ལོན་པ་རུ་བརྩོན་འགྲུས་བསྐྱེད། དགྲ་འགོག་པར་རུ་མཚོན་ཆ་བསྒྲིག། འཚོ་བ་རུ་ངལ་རྩོལ་བྱེད། ལོ་ཐོག་ལེགས་པར་ལུད་ལྡུག། གྲོགས་དགའ་བར་རོགས་རམ་བྱེད། ལོ་ཐོག་ཏུ་ཞིང་རྨོ། དགྲ་འགོག་ཏུ་སྔོན་ལ་སོང་། གྲ་སྒྲིག་ཏུ་ལས་བྱེད་པ་འཚོགས། མེ་ཏོག་ཏུ་ཆུ་དྲངས། ལྟོ་རྒྱབ་ཏུ་ཞིང་ལས་བྱས། དོན་འགྲུབ་ཏུ་འབད་བརྩོན་བགྱིས། ལས་དོན་སྒྲུབ་ཏུ་ཞིང་གྲོང་ལ་སོང་། ཁང་ཐོག་འགེབ་ཏུ་རྫ་གྱོ་བཟོས། འགྲུལ་བ་ཕ་རོལད་སྒྲོལ་ཏུ་ཆུ་ཁར་སོང་། དཔལ་འབྱོར་འཕེལ་ཏུ་བཟོ་ཞིང་ལ་འབད། སྐད་ཡིག་བསྒྱུར་ཏུ་ཉི་ཧོང་ལ་སོང་། རིག་གནས་མཐར་ཕྱིར་ཏུ་ཧུར་བརྩོན་བྱས། ས་ཞིང་དུ་ས་རྒོད་བརྐོས། ཞིང་ནང་བོང་མ་རྡུང་དུ་སོང་། རྒྱལ་ཁབ་སྲུང་སྐྱོབ་ཏུ་མཚོ་དམག་བསྒྲིག། སྐད་ཡིག་སྦྱོང་དུ་ལྷ་སར་སོང་། ཞིབ་དཔྱོད་དུ་མི་ཁ་ཤས་སོང་། རྩད་བཅོད་དུ་མི་མངགས། དོན་འགྲུབ་ཆེད་དུ་འབད་འབུངས་བགྱིས། སྙན་སྒྲོན་དུ་ཡི་གེ་ཕུལ། ཚོད་བགམ་དུ་གཏམ་དྲིས། ཕ་རོལ་བོ་ལ་ཚོད་བགམ་དུ་ཕྱིན། ཁྱམས་རར་ཞལ་འཛོམས་དུ་ཕྱིན། བཅའ་ལག་གཡར་དུ་སོང་། གྲོས་བསྡུར་དུ་འཚོགས། ཆུ་ཡུར་དུ་ས་རྐོ། བཞེས་ཕོར་དུ་དཀར་ཡོལ་ཉོས། མཚམས་སྦྱོར་དུ་ཡི་གེ་བྲིས། ནད་སེལ་དུ་སྨན་པ་བསྟེན། འཆིང་འགྲོལ་དུ་འཐབ་རྩོད་བྱེད། འོད་གསལ་དུ་སྒེའུ་ཁུང་བཏོན། སྐོམ་ན་ཇ་འཐུང་། ཟས་གཡོ་བ་ན་མེ་འབུད། རིག་པ་སློབ་པ་ན་བརྩོན་འགྲུས་བྱེད་ལྟ་བུ། ལ་ཡིག་དེ་ཀུན་གྱི་ཚབ་ཏུ་འཇུག་པ་ནི། རྒྱལ་ཁབ་འཕེལ་ཐབས་ལ་བཟོ་གྲྭ་འཛུགས། གོས་ལ་རས་འཐག། ཡོན་ཏན་ལེན་པ་ལ་བརྩོན་འགྲུས་དགོས། འཚོ་བ་ལ་ངལ་རྩོལ་བྱེད། མགྲོན་པོ་ལ་མེ་བཏང་། ནད་པ་ལ་སྨན་བྱིན། དགྲ་འགོད་ལ་སྔོན་དུ་སོང་། གྲ་སྒྲིག་ལ་ལས་བྱེད་འཚོགས། མེ་ཏོག་ལ་ཆུ་འདྲེན། རིག་པ་སློབ་པ་ལ་བརྩོན་འགྲུས་བྱེད། ཟས་གཡོ་བ་ལ་མེ་འབུད། དོན་སྒྲུབ་ལ་བརྩོན་། སྐད་ཡིག་བསྒྱུར་ལ་ཉི་ཧོང་དུ་སོང་། བོང་མ་བརྡུང་ལ་སོང་། ཞིབ་དཔྱོད་ལ་སོང་། རྩད་གཅོད་ལ་སོང་། ཡི་གེ་ལེན་ལ་སོང་། རྒྱན་ལ་མུ་ཏིག་ཉོས། ཚོད་བགམ་དཀའ་གནད་འདྲི། གྲོས་བསྡུར་ལ་སོང་། བཞེས་ཕོར་ལ་དཀར་ཡོལ་ཉོས། ནད་སེལ་ལ་སྨན་པ་བསྟེན། ཟས་གཡོ་བ་ན་བྱ་བ་ཅི་སྒྲུབ་དགོས་ཞེས་དྲིས་པའི་ལན་དུ། ཟས་གཡོ་བ་ན་མེ་གཏོང་ཞེས་པའི་ན་ཡིག་ནི་དགོས་ཆེད་ཡིན་ལ། ཟས་གཡོ་བའི་དུས་སུ་མེ་གཏོང་བ་ལ་བསམ་ནས་ཟས་གཡོ་བ་ན་མེ་གཏོང་ཞེས་པའི་ན་ཡིག་ཚེ་སྐབས་ཡིན། དེ་བཞིན་དུ་སྐོམ་པས་གདུང་བའི་མི་ལ། སྐོམ་གདུང་སེལ་ཆེད་དུ་ཇ་འཐུང་། ཞེས་བརྗོད་འདོད་ནས། སྐོམ་ན་ཇ་འཐུང་ཞེས་བརྗོད་པའི་ནི་ཡིག་ན་ིདགོས་ཆེད་ཡིན་ཏེ། སྒྲ་ནི་བརྗོད་འདོད་རྗེས་འབྲང་ཕྱིར།

Tags:

🔥 Trending searches on Wiki བོད་སྐད:

རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ལོ་རྟགས་ཀྱི་བདུན་ཟུར་རྩིས་རིགའཇོར་ཇི་ཡ། (རྒྱལ་ཁབ།)ས་སྐྱ་ལེགས་བཤད།བརྡ་སྤྲོད་ཀྱི་གཞུང་།བཀྲ་ཤིས་རྟགས་བརྒྱད།འཛམ་གླིང་འཁྲུག་ཆེན་དང་པོ།སྒྲ་ཚན།རང་བྱུང་གྲངས།ཞབས་བྲོ།གླང་ཆེན་ཁ་བབས།ཁྱི།སྦི་རགབརྡ སྐདརྣམ་དབྱེ་བཞི་བ་དགོས་ཆེད་བློ་སྦྱོང་ཚིག་རྐང་བརྒྱད་མ་དགེ་བ་བཅུ་ཁེ་ནི་ཡ།མུ་ཧ་མད།བྷུལ་ག་རི་ཡ།རྡོ་རྗེ་གཅོད་པ་སྙན་ངགབར་དོའི་དྲུག་ཁྲིད་ཀྱི་ཟིན་བྲིས་ཀུན་གསལ་མེ་ལོང་ལོ་གྱོན་མའི་གཟུངས་ཟླ་༤ཚེས་༡༡ཉིན་གཏེར་སྟོན་སངས་རྒྱས་གླིང་པ་དམྱལ་བ།ལི་པི་ཡ།ནེའུ་ཡོར་ཀ།སྲོག་ཆགས་བསམ་པ་ལྷུན་འགྲུབ་མ་བཞུགས་སོ།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།༢༠༠༤ལོ།ཁུང་ཙིའི་གཞུང་ལུགས།གུ་རུའི་རྣམ་ཐར།མ་ཎི་བཀའ་འབུམ།བོད་མི།ཁུརོ་ཤི་ཡ།ཨུ་རུ་སུ།ལེ་པ་ནོན།དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།བལ་ཡུལ།ཁམས་དཀར་གཏོང་བ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།ལེ་ཨོ་ན་ཏོ་ཏ་ཧྥིན་ཆི།ཞི་བདེ་རྒྱ་མཚོ་ཆེན་པོ།ཆོས་རྗེ་རྒོད་ཚང་པ་མགོན་པོ་རྡོ་རྗེ་སྨེ་བ་བརྩི་སྟངས་འབྱུང་འཕྲོད།ཧེལ་སིན་ཀི།རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།དབྱིབས་རྩིས་རིག་པ།ཟངས་ཆས་སྤྱོད་པའི་དུས་རབས།སི་ལོ་ཝེ་ནི་ཡ།ཌ་ཀར་རྫོང་ཁག་ལུགས་ཀྱི་བསྟན་བཅོས།ཏཱལ་་ལིན།རྒྱལ་སྤྱིའི་སྒྲ་རྟགས།ད་ལྟའི་བྱ་བ།🡆 More