འབྱུང་འཕྲོད།

འབྱུང་འཕྲོད།

སྤྱི་བཤད།

དེ་ནི་རྐང་བཙུགས་ཀྱི་བོད་ཀྱི་ལོ་ཐོ་བལྟ་སྟངས་ནས་འབྱུང་འཕྲོད་ཅེས་པ་ནི་གཟའ་དང་སྐར་མ་གཉིས་ཀྱི་འབྱུང་བ་ས་དང་མེ། རླུང་བཞིའི་ཁམས་གང་འཕྲོད་སྦྱོར་བ་སྟེ།

རྒྱས་པར་བཤད་པ།

དེ་ཡང་ཉི་མ་དང་མིག་དམར་གཉིས་ནི་འབྱུང་བ་མེ་ཡི་ཁམས་དང་། ཟླ་བ་དང་ལྷག་པ་གཉིས་ནི་འབྱུང་བ་ཆུའི་ཁམས། ཕུར་བུ་ནི་འབྱུང་བ་རླུང་གི་ཁམས། པ་སངས་དང་སྤེན་པ་གཉིས་ནི་འབྱུང་བ་ས་ཡི་ཁམས་དང་། དེ་བཞིན་དུ་རྒྱུ་སྐར་ཉེར་བརྒྱད་ལས། སྨིན་དྲུག་དང་། རྒྱལ། མཆུ། གྲེ། ས་ག ཁྲུམས་སྟོད། བྲ་ཉེ་བཅས་བདུན་ནི་འབྱུང་ཁམས་མེ་དང་། སྣར་མ། ལྷག་མཚམ། སྣྲན། ཆུ་སྨད། གྲོ་བཞིན། བྱི་བཞི། མོན་གྲུ་བཅས་བདུན་ནི་འབྱུང་ཁམས་ས། མགོ་དང་། ནབས་སོ། དབོ། མེ་བཞི། ནག་པ། ས་རི། ཐ་སྐར་བཅས་བདུན་ནི་འབྱུང་ཁམས་རླུང་། ལག སྐག སྣྲབས། ཆུ་སྟོད། མོན་གྲེ། ཁྲུམས་སྨད། ནམ་གྲུ་བཅས་བདུན་ནི་འབྱུང་ཁམས་ཆུ་བཅས་སོ་སོའི་ཁམས་གང་ཡིན་བརྟག་ཅིང་རྟོགས་པའི་རྗེས་འབྱུང་བ་རྣམ་པ་ལྔ་ཡི་ཁོངས་སུ་བསྡུས་པ་དང་། འབྱུང་བ་དེ་དག་ནང་ཕན་ཚུན་འཕྲད་པའི་སྐབས་ཁམས་མཐུན་མིན་དབང་གིས་དགེ་དང་མི་དགེའི་བྱ་བ་སྣ་ཚོགས་འབྱུང་བ་ཕྱི་རོལ་ཡུལ་གྱི་དངོས་པོར་མངོན་སུམ་དུ་མཐོང་རྒྱུ་ཡོད་པ་དེ་བཞིན་དུ།

གཟའ་སྐར་གཉིས་ཁམས་མཚུངས་པ་རྣམས་རེའུ་མིག།

དེ་ཡང་གཟའ་སྐར་གཉིས་ཁམས་མཚུངས་པ་རྣམས་རེའུ་མིག་ཏུ་བཀོད་པ་འདི་ལྟ་སྟེ།

མེ། ས། རླུང་། ཆུ།
༡ ཉི ༣ མིག ༦ སངས ༠ སྤེན ༥ ཕུར ༨ སྒྲ ༢ ཟླ ༤ ལྷག
༢ སྨིན་དྲུག ༣ སྣར་མ ༤ མགོ ༥ ལག
༧ རྒྱལ་ ༡༦ ལྷ་མཚམས ༦ ནབས་སོ ༨ སྐག
༩ མཆུ ༡༧ སྣྲོན ༡༡ དབོ ༡༨ སྣུབས
༡༠ གྲེ ༢༠ ཆུ་སྨད ༡༢ མེ་བཞི ༡༩ ཆུ་སྟོད
༡༥ ས་ག ༢༡ གྲོ་བཞིན ༡༣ ནག་པ ༢༢ མོན་དྲེ
༢༤ ཁྲུམས་སྟོད ༢༡ བྱི་བཞིན ༡༤ ས་རི ༡༥ ཁྲུམས་སྨད
༡ བྲ་ཉེ ༢༣ མོན་གྲུ ༠ ཐ་སྐར ༢༦ ནམ་གྲུ

འབྱུང་འཕྲོད་གསལ་བཤད།


འབྱུང་འཕྲོད་ས་ནི་དངོས་གྲུབ་སྦྱོར་བ།

དཔེར་ན་གཟའ་པ་སངས་༦དང་སྐར་མ་སྣར་མ་༢གཉིས་འཕྲད་པ་དེ་ལ་རྒྱས་པར་བཤད་ན། རང་ལ་ཅི་བསམ་འགྲུབ་པ་དང་། རྟེན་བཞེངས་པ། མཁར་བརྩིག་པ། ས་ཞིང་ཉོ་བ། རྒྱས་པའི་ལས་རྣམས་བྱ་བ་དང་། མདུན་མ་བྱེད་པ་སོགས་བརྟན་པའི་ལས་རྣམས་བྱ་བ་ཤིན་ཏུ་བཟང་།
འབྱུང་འཕྲོད་ཆུ་ནི་བདུད་རྩི་སྦྱོར་བ།

དཔེར་ན་གཟའ་ཟླ་བ་དང་སྐར་མ་ལག་འཕྲད་པ་དེ་རྒྱས་པར་བཤད་ན་རང་ཉིད་ཀྱི་ཚེ་སྟོབས་འཕེལ་ཞིང་སྨན་པས་སྨན་སྦྱོར་དང་ཁྲུས་བྱེད་པ། གཞན་ཡང་འཇིག་རྟེན་གྱི་བག་མ་གཏོང་ལེན་གྱི་བྱ་བ་བྱེད་པ། ཚེ་ཡི་དབང་བསྐུར་བ་དང་། ཚེ་སྒྲུབ་ཆོ་ག་བྱེད་པ། གཉེན་དང་ཚོང་བསྐྱེད་སོགས་འཕེལ་བའི་ལས་རྣམས་བྱ་བ་ལ་ཤིན་ཏུ་བཟང་།
འབྱུང་འཕྲོད་མེ་ནི་འཕེལ་འགྱུར་སྦྱོར་བ།

དཔེར་ན་གཟའ་མིག་དམར་དང་སྐར་མ་ཁྲུམས་སྟོད་འཕྲད་པ་དེ་རྒྱས་པར་བཤད་ན་ཟས་དང་གོས་སོགས་རྙེད་པ། ཚོང་གི་ལས་ཀ་བྱེད་པ་དང་། སྦྱིན་པ་གཏོང་བ། ས་བོན་འདེབས་པ། ནོར་རྒྱུན་མ་སྒྲུབ་པ། ཆུ་སྦྱིན་སྟེར་བ། རང་གི་ནོར་ལྟར་མཆོད་ཅིང་དངོས་གྲུབ་སྩོལ་བའི་རེ་བ་ཞུ་བ་སོགས་བྱེད་པ་བཟང་།
འབྱུང་འཕྲོད་རླུང་ནི་ཕུན་ཚོགས་སྦྱོར་བ།

དཔེར་ན་གཟའ་ཕུར་བུ་དང་སྐར་མ་མགོ་འཕྲད་པ་དེ་རྒྱས་པར་བཤད་ན་དེ་ནི་རང་ཉིད་ཀྱི་བསམ་པ་མྱུར་དུ་འགྲུབ་པ། བསྒྲུབ་བྱའི་བྱ་བ་དོན་གཉེར་བྱེད་པ། ཕན་ཚུན་ཁ་མཆུ་བསྡུམས་པ། གཡོ་དྲག་མྱུར་བའི་ལས་རྣམས་བྱ་བ་ལ་བཟང་།
འབྱུང་འཕྲོད་ས་ཆུ་ནི་ལང་ཚོ་སྦྱོར་བ།

དཔེར་ན་གཟའ་པ་སངས་དང་སྐར་མ་ཆུ་སྟོད་འཕྲད་པ་ གཟའ་སྤེན་པ་དང་སྐར་མ་ཁྲུམས་སྨད་འཕྲད་པ་དེ་ཤིན་ཏུ་སྐྱིད་ལ་འགའ་ཞིང་རྒྱས་པའི་སྟོན་མོ་བྱ་ཞིང་ཆེ་སར་འདོན་པ་དང་། གོས་གསར་པ་གྱོན་པ། རིན་ཆེན་ལ་སོགས་པའི་རྒྱན་ཆ་འདོགས་པ། དགའ་ཞིང་རོལ་པའི་རྩེད་མོ་སོགས་བྱ་བ་ལ་བཟང་།
འབྱུང་འཕྲོད་མེ་རླུང་ནི་སྟོབས་ལྡན་སྦྱོར་བ།

བཀྲིས་པའི་ལས་བྱ་བ་དང་། རིམ་གྲོ་ལྷ་གསོལ་ཆོས་སྤྱོད་བྱ་བ་དང་། ཞི་རྒྱས་དབང་གི་ལས་རྣམས་འགྲུབ་ན་བཟང་། རླུང་གཉིས་འཕྲད་པ་དང་ ས་ཆུ་འཕྲད་པ། མེ་རླུང་འཕྲད་པ། མེ་རླུང་འཕྲད་པ་དེ་གསུམ་ལ་གསོ་ཐུབ་གསུམ་ཞེས་བརྗོད།
འབྱུང་འཕྲོད་ཆུ་རླུང་ནི་མི་འཕྲོད་སྦྱོར་བ།

ཟས་ནོར་འཛད་པ་དང་། རྐུན་ཇག་འཇོམས་འཕྲོག་བྱེད་པ་སོགས་ཀྱི་མྱ་ངན་འོང་བས་དོན་མི་འགྲུབ།
འབྱུང་འཕྲོད་ཆུ་རླུང་ནི་མི་མཐུན་སྦྱོར་བ།

གཉེན་བཤེས་འབྱེད། དབྱེན་དང་ཕྲ་མ་གཞུག་པ་དང་ འགྲ་བོ་དབྱུང་བའི་ལས་རྣམས་བྱ།
འབྱུང་འཕྲོད་ས་མེ་ནི་སྲིག་པའི་སྦྱོར་བ།

སྡུག་བསྔལ་བསྐྱེད་པ་དང་། དམག་འདྲེན་དགྲ་བོ་གཞོམ་པ། དྲག་པོའི་ལས་དང་ཕན་ཚུན་རྩོད་པ། གཞན་ཡང་ཕ་རོལ་སྡུག་བསྔལ་བའི་ལས་རྣམས་འགྲུབ་པར་བྱ་བ་ཡིན། ས་རླུང་འཕྲད་པ་དང་། ཆུ་རླུང་འཕྲད་པ། ས་མེ་འཕྲད་པ་དེ་གསུམ་ངན་པ་གསུམ་ཞེས་བརྗོད།
འབྱུང་འཕྲོད་མེ་ཆུ་ནི་འཆི་བ་སྦྱོར་བ།

གཞན་གྱི་སྲོག་འཕྲོག་པར་བྱེད་པ་དང་། ཕ་རོལ་ན་གནོད་པའི་ལས་དང་། དུག་སྦྱོར་མཐུ་གཏད་ལ་སོགས་རིག་པས་སྒྲུབ། དེ་ལ་ནི་ཐ་ཆད་གཅིག་ཅེས་ཤིན་ཏུ་ངན་པར་བརྗོད།

 རྐང་བཙུགས་༼བོད་ཀྱི་ལོ་ཐོ་བལྟ་སྟངས༽ནས་བཤུས། 

Tags:

འབྱུང་འཕྲོད། སྤྱི་བཤད།འབྱུང་འཕྲོད། རྒྱས་པར་བཤད་པ།འབྱུང་འཕྲོད། གཟའ་སྐར་གཉིས་ཁམས་མཚུངས་པ་རྣམས་རེའུ་མིག།འབྱུང་འཕྲོད། འབྱུང་འཕྲོད་གསལ་བཤད།འབྱུང་འཕྲོད།

🔥 Trending searches on Wiki བོད་སྐད:

མི་ཁོམ་པའི་གནས་བརྒྱད།ལྷ་ས་གཙུག་ལག་ཁང་གྷེ་ལིམ།ཕུར་བུ།ཟླ་༧ཚེས་༦ཉིན་མཆོད་པ་བཤམས་ཚུལ་དབུས་ཨ་ཧྥེ་རི་ཁན་རི་པཔ་ལིཀ།འབྲོང་གཉན་ལྡེ་རུ།ཚོགས་བདགམཁན་ཆེན་ཞི་བ་འཚོ་རྐྱང་ཁྲ།ཆུ་ཤིང་བསྟན་་བཅོས་སེང་ག་གླིང་།ལོ་གྱོན་མའི་གཟུངས་ཡོན་རྒྱལ་རབས་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།ཟླ་༧ཚེས་༢༨ཉིན་ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་ཕྱོགས་བཅུའི་མུན་སེལ་ཆོས་ཟློས་གར།ཨེ་ཤེ་ཡ།ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་སྐར་མ་སྨིན་དྲུགས་འགུལ་རྒྱུན་ཤེས།གནས་ཆེན་པོ་བརྒྱད་ཏཱ་ལའི་བླ་མ་བོད་སྐད།ཡོན་ཏན་གཞིར་གྱུར་མ་ཟླ་༡༡ཚེས་༩ཉིན་ཟླ་༡༡ཚེས་༢༧ཉིན་དབུལ་ཕོངས།ཞང་ཞུང་རྒྱལ་རབས་༣༧ (གྲངས་ཀ།)ལྕགས་རིགས་བསྟན་བཅོས།ཟླ་༦ཚེས་༢ཉིན་གཞིས་ཀ་རྩེ་ས་ཁུལ།ཀུན་བཟང་བླ་མའི་ཞལ་ལུང་འགྲེམས་སྟོན་ཁང་།སློབ་དཔོན་ཆེན་པོ་ལེགས་ལྡན་འབྱེད་གསོ་བ་རིག་པ་ལྷ་གསོལ་འམ་བསང་གསོལཟླ་སྒྲོན།མང་སྲོང་མང་བཙན།རྩིས་རིགཀླུ་སྒྲུབ་དགོངས་རྒྱན།ཚེ་ཐར་གྱི་ཕན་ཡོན་བཞུགས་སོ།།རྒྱུད་སངས་རྒྱས་མཉམ་སྦྱོར་དཀའ་འགྲེལ་དུག་སེལ།བར་དོའི་ངོ་སྤྲོད་བསྡུས་པ་ནང་སེམས་ཀྱི་ནད་དམ་དུག་གམ་ཉོན་མོངས་གསུམ་ཟླ་༡༠ཚེས་༤ཉིན་ཟླ་བ་བཅུ་པཕར་ཕྱིན་དྲུག་ཟླ་༧ཚེས་༡༧ཉིན་རིགས་ལྔ།ཨ་ཏོ་ཧྥུ་ཧི་ཐི་ལེ།ལོ་སྐོར་བཅུ་གཉིས་ཊ་རོ་ཨ་སོ།སྨོན་ལམ་ཆེན་མོ།ནཱ་རོ་པ།ཧེན་ཐའེ།སྐྱེ་བོ་གསོ་ཐིགས།སྐྲ་སྐར་རྟ་དབང་དགོན་པ🡆 More