པང་གདན།

བོད་རིགས་ཀྱི་བུད་མེད་ཚོས་ཚོན་ཁྲ་ཡིད་དུ་འོང་བའི་པང་གདན་འཆིང་བའི་སྲོལ་དེ་ཇི་ལྟར་དར་བ་དང་། དེ་ལ་འགྱུར་བ་གང་ཞིག་བྱུང་ཡོད་ཟེར་ན། དེང་སྐབས་རང་རེས་མཐོང་བའི་བུད་མེད་ཚོས་འཆིང་བའི་པང་གདན་ནི་དུས་ཡུན་རིང་པོའི་ནང་རྒྱུན་ཆད་མེད་པར་ལེགས་བཅོས་བྱས་ནས་བྱུང་བ་ཞིག་ཡིན། པང་གདན་འཆིང་སྲོལ་ནི་གནམ་གཤིས་དང་། འཚོ་བའི་དགོས་མཁོར་གཞིགས་སྟེ་ཆགས་པའི་གོམས་སྲོལ་ཞིག་མིན་ནམ་སྙམ། གང་ལགས་ཤེ་ན། ཐོག་མར་པང་གདན་འཆིང་དགོས་དོན་ནི་གཅིག་ནས་བུད་མེད་ཚོས་ཕྲུ་གུ་པང་དུ་ཉར་བ་དང། མེ་ཤིང་སྒྲུག་པ་སོགས་ཀྱི་ཟད་རྟེན་ཡིན་ཞིང་། གཉིས་ནས་བོད་རིགས་ཀྱི་བུད་མེད་ཚོ་ནི་ལས་ལ་བརྩོན་ཞིང་ཁྱིམ་སྐྱོང་མཁས་པའི་སྤྱོད་ཚུལ་བཟང་པོ་ལྡན་ཡོད་པས་ཕྱིར་འགྲོ་སྐབས་མེ་ཤིང་དང་། གཟན་རྩ་སོགས་མཐོང་ཚེ་སྒྲུག་པའི་གོམས་གཤིས་ཡོད་སྟབས་པང་གདན་ནི་བཅིངས་པ་དེས་མདུན་ཕྱོགས་ཀྱི་རླུང་བཀག་ནས་དྲོད་ལ་ཕན་པ་བཅས་ཀྱི་ནུས་པ་ཐོན་གྱི་ཡོད། སྤྱི་ཚོགས་གོང་འཕེལ་ཕྱིན་པ་དང་དུས་མཚུངས་མིའི་འཚོ་བ་ཡང་རིམ་བཞིན་ལེགས་སུ་ཕྱིན་པ་དང་བསྟུན་ནས་པང་གདན་ལའང་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་སྟེ་མཚོན་ཁྲ་ཡིད་དུ་འོང་བ་དང་། སྤུས་ཚད་ཇེ་མཐོར་ཕྱིན་སྟེ་ཐོག་མར་བེད་སྤྱོད་ཁོ་ནར་དམིགས་པ་ནས་རྗེས་སུ་མཛེས་ཆས་སུ་གྱུར་པ་རེད། དེང་སྐབས་བོད་རིགས་བུད་མེད་ཚོས་རྒྱག་པའི་པང་གདན་ནི་མཛེས་ཆས་ཁོ་ན་ཡིན་ པ་དང་། མཚོན་ཁྲ་ཡང་འདྲ་མིན་སྣ་ཚོགས་ཡོད་ལ་སྤུས་ཚད་ལའང་དྭངས་ཞེན་ཆེན་པོ་བྱེད་ཀྱི་ཡོད་པ་སྟེ། སྣམ་བུ་བྱིང་མའི་པང་གདན་དང་། སྤུ་ཕྲུག་གི་པང་གདན། ཤད་མའི་པང་གདན། སི་ཤན་གྱི་པང་གདན་སོགས་རིམ་པ་མང་པོ་ཡོད་པའི་ཁར། མཛེས་རྒྱན་དུ་གོས་ཆེན་དང་ཀིན་ཁབ་སོགས་ལས་གྲུབ་པའི་གྲུ་གདན། པང་མཐུད་བཅས་རྒྱག་པས། ཐུན་མོང་མ་ཡིན་པའི་བུད་མེད་ཀྱི་ཆས་གོས་ཞིག་ཏུ་གྱུར་ཡོད། དེ་བཞིན་པང་གདན་འཆིང་སྟངས་ལའང་ཡུལ་ལུང་སོ་སོའི་ཁྱད་ཆོས་ལྡན་ཡོད་པ་སྟེ། སྟོད་ཕྱོགས་སུ་བུད་མེད་ཀྱིས་རྒྱབ་མདུན་གཉིས་ཀར་པང་གདན་རྒྱབ་གདན་དུ་འཆིང་སྲོལ་ཡོད་པའི་ཁར། རྒྱབ་གདན་འདེམས་བྱེད་དངུལ་རྒྱན་འདྲ་མིན་སྣ་ཚོགས་ཡོད་པ་དང་། དབུས་ཕྱོགས་ལ་བུད་མེད་ཆང་ས་མ་བརྒྱབ་གོང་པང་གདན་འཆིང་སྲོལ་མེད།

པང་གདན།

ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

པང་གདན། ཟིན་ཐོ་འམ་དཔྱད་གཞི།པང་གདན། དཔྱད་གཞིའི་དཀར་ཆག།པང་གདན། ད་དུང་གཟིགས།པང་གདན། ཕྱི་ཕྱོགས་དྲ་མཐུད།པང་གདན།བུད་མེད་

🔥 Trending searches on Wiki བོད་སྐད:

ཕ་རོལ་དུ་ཕྱིན་པ་དྲུག་འགྲོ་བ་རིགས་དྲུག་རྐང་རྩེད་སྤོ་ལོ།བོད་ཀྱི་ལྷ་མོའི་འཁྲབ་གཞུང་བརྒྱད་སུམ་ཅུ་པའི་རྩ་ཚིག་ཇི་ཡོ་ཝ་ནི་ཇི་ཡ་ཁོའོ་མེ་ཊི།མངོན་བརྗོད་ཟློས་གར།འཛམ་གླིང་རྒྱལ་རབས་༡༩༩༤ལོ།ཀན་སུའུ་ཞིང་ཆེན།༡༧༣༣ལོ།ཟླ་༨ཚེས་༡༤ཉིན་བཀའ་བརྒྱུད་པ།ཚད་མ་རིག་པའི་ཤེས་བྱ་རྒྱལ་སྲས་ཐོགས་མེད་བཟང་པོ།རྫ་དཔལ་སྤྲུལ་གློག་བརྙན།སློབ་དཔོན་དཔའ་བོ།གླང་གོག་ཕོ་བྲང་ཡུམ་བུ་བླ་སྒང།བེ་རི་ལིམ།དགའ་ལྡན་གསེར་ཁྲི་རིམ་བྱོན་རབ་རྟོག་གི་རྒྱན་གསུམ།མའུ་རི་ཊིའུ་སུ།བླ་མ།ཁ་ན་མ་ཐོ་བ་གཉིས་ཚེ་རིང་འགྱུར་མེད།བཀའ་འགྱུར་རོ་ཅོག་གི་སྙིང་པོ་བསྡུས་པའི་གཟུངས་བཞུགས་སོ་ཀོ་རི་ཡ།ཁ་ཐོག་གི་ཆགས་སྦྱོར།འཆི་ཁ་བར་དོའི་ངོ་སྤྲོད་གསལ་བའི་མེ་ལོང་འོད་གསལ་ཉི་མའི་སྙིང་པོ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ལྷ་བླ་མ་བྱང་ཆུབ་འོད་བསྟན་རྒྱས་སྨོན་ལམ།ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཆོས་འཁོར་དུས་ཆེན།ཁ་སྐྱེལ་པ།༢༠༢༤ལོ།རྒྱན་དྲུག་མཆོག་གཉིས་མར་ཁེ་སེ་རིང་ལུགས།ལྟུང་བཤགས་རྙིང་མ།མྱུར་མཛད་མ།མི་ལ་རས་པ་ཁོ་རོར།དབྱིན་ཇི་མཉམ་འབྲེལ།དགག་སྒྲ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་མངལ་སྐྲན་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཆུ་ཤིང་བསྟན་་བཅོས་ཨཱལ་གྷོར།ས་ཡི་སྙིང་པོ།བློ་སྦྱོང་ཚིག་རྐང་བརྒྱད་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་མཱར་ཁོ་ཕོ་ལོ།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ། ཚོར་བའི་རླབས་རིས།🡆 More