དག་ཡིག་ངག་སྒྲོན།

དག་ཡིག་ངག་སྒྲོན་ཞེས་པའི་དཔེ་ཆ་འདི་ནི་བོད་གངས་ཅན་ལ་ཡོངས་སུ་གྲགས་པའི་དག་ཡིག་ཆེན་པོ་ཞིག་སྟེ། སྤྱི་ལོ༡༥༣༨ ལ་བརྩམས་གྲུབ་པ་རེད།

མཛད་པ་པོ།

འདི་དཔལ་ཁང་ལོ་ཙཱ་བ་དང་དཔལ་ཁང་ཆོས་མཛད། ཀརྨ་འཕྲིན་ལས་ཕྱོགས་ལས་རྣམ་རྒྱལ། ངག་དབང་ཆོས་ཀྱི་རྒྱ་མཚོ་དབྱངས་ཅན་སྙེམས་པའི་སྡེ་ཞེས་སོགས་མཚན་གྱི་འབོད་ ཚུལ་མང་བའི་མཁས་པ་ཆེན་པོ་དེའོ། །དཔལ་སྒང་ཞེས་པའི་བྲིས་ སྲོལ་ཡང་འདུག

མཚན་ཆ་ཚང་།

བོད་ཀྱི་བརྡའི་བྱེ་བྲག་གསལ་བར་བྱེད་པའི་བསྟན་བཅོས་ཚིག་ལེའུར་བྱས་པ་མཁས་པའི་ངག་གི་སྒྲོན་མ།

གོ་རིམ་སྒྲིག་སྟངས།

སྤྱིར་ལེའུ་གསུམ་དུ་ཕྱེ་སྟེ། སྔོན་འཇུག་སོགས་ཡི་གེའི་སྦྱོར་བ་རྒྱས་པར་བཤད་པ་དང་། རྣམ་དབྱེ་དང་ཕྲད་སོགས་གཅེས་པ་སྣ་ཚོགས་ཐུན་མོང ་དུ་བཤད་པ། ཡི་གེའི་སྦྱོར་བ་ལ་འཁྲུལ་པ་སྤོང་བ་བཤད་པའོ། །དེ་ལས་ལེའུ་དང་པོ་ལ། བརྗོད་དོན་ཀཱ་ལི་ སུམ་ཅུ་ལ། །རྐྱང་པ་འཕུལ་དང་མགོ་ཅན་དང་། །དབྱངས་ལྔ་ཡ་ར་ལ་ཝའི་འདོགས། །རྗེས་འཇུག་དཔེ་སོགས་རིམ་པས་བསྟན། །ཅེས་གསུངས་པའི་གོ་རིམ་ལྟར་བརྩམས་ཡོད་པ་རེད།


ལེགས་བཤད།

པེ་ཅིན་པར་མའི་ཤོག་ངོས༣༩ ཕྲེང་༦ ནས། དེང་སང་བྱིས་པའི་སྐྱེ་བོ་རྣམས། །བརྡ་དག་འདི་ཀོ་ལུང་རིགས་ཀྱིས། །དཔྱད་པ་ཆུང་ཞིང་ཚེགས་མེད་དུ། །ཤེས་སྙམ་འཁྲུལ་པས་ མགོ་བོ་རྨོངས། །ཞེས་གསུངས་སོ། །

དཔེ་སྐྲུན་བྱས་ཚུལ།

ཐོག་མའི་གནས་ཚུལ་མ་ཤེས་ཀྱང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་གྱིས་དག་ཡིག་ངག་སྒྲོན་གྱི་འགྲེལ་པ་ཚིག་གསལ་ཞེས་པ་བརྩམས་པ་དེ་འཕྲལ་དུ་སྡེ་དགེ་པར་ཁང་དུ་རྩ་འགྲེལ་གཉིས་ཀའི་ཤིང་པར་བརྐོས་ནས་འགྲེམས་སྤེལ་བྱས། སྤྱི་ལོ༡༩༨༥ ཟླ༡༠ པར་པེ་ཅིན་དུ་རྩ་འགྲེལ་གཉིས་ཀ་སྡེ་དགེའི་ཤིང་པར་ལྟར་པར་དུ་བསྐྲུན། ཕྱིས་སུ་བོད་ལྗོངས་ སློབ་གྲྭ་ཆེན་མོའི་དགེ་རྒན་ཀུན་བཟང་རྣམ་རྒྱལ་གྱིས་ཡང་འགྲེལ་བརྩམས་ནས་རྩ་འགྲེལ་གསུམ་ཆ་མི་རིགས་དཔེ་སྐྲུན་ཁང་ གིས་དཔར། སྤྱི་ལོ༢༠༠༧ ཟླ༤ པར་པར་ཐེངས་དྲུག་པ་བརྒྱབ་པའོ། །

མཚམས་སྦྱོར་བྱེད་མཁན་ནི། རོང་བན། ༡༡:༥༧, ༡༠ ཟླ་བདུན་པ། ༢༠༡༡ (UTC)

Tags:

དག་ཡིག་ངག་སྒྲོན། མཛད་པ་པོ།དག་ཡིག་ངག་སྒྲོན། མཚན་ཆ་ཚང་།དག་ཡིག་ངག་སྒྲོན། གོ་རིམ་སྒྲིག་སྟངས།དག་ཡིག་ངག་སྒྲོན། ལེགས་བཤད།དག་ཡིག་ངག་སྒྲོན། དཔེ་སྐྲུན་བྱས་ཚུལ།དག་ཡིག་ངག་སྒྲོན།

🔥 Trending searches on Wiki བོད་སྐད:

ཆོས་ལུགས་་གཤིབ་བསྡུ་རིག་པ།རྣམ་ཤེས་ཚོགས་བརྒྱད་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོ།ཁྲིམས་རྩོད་པ།བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་མ་ཧེ།མང་སྲོང་མང་བཙན།རྒྱལ་སྲིད་སྣ་བདུན་ལ་སྦྱར་བའི་འབེལ་གཏམ་མཚོ་དབུས་གེ་སར་ཞང་ཞུང་རྒྱལ་རབས་ལོ་རྒྱུས།བར་དོ་དང་པོའི་འོད་གསལ་ངོ་སྤྲོད་ནང་སེམས་ཀྱི་ནད་དམ་དུག་གམ་ཉོན་མོངས་གསུམ་ཟླ་༡༠ཚེས་༢༦ཉིན་རྫས་འགྱུར་རིག་པ།བསམ་ཡས་གཙུག་ལག་ཁང་།ཡང་འཇུག་གཉིས་བྱང་ཆུབ་སེམས་པའི་རྟོག་བརྗོད།ཝལ་མར།རང་བཞིན་བརྗོད་པའི་རྒྱན་བཞི་ཧིན་ཏུའི་ཆོས་ལུགས།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ། ཚོར་བའི་རླབས་རིས།དཔལ་དུས་ཀྱི་འཁོར་ལོ་ཧོར་གྱི་རྒྱལ་རབས་མངོན་རྟོགས་རྒྱན་གཞིས་ཀ་རྩེ་ས་ཁུལ།མི་ལ་རས་པ་ཕྱོགས་བཅུའི་མུན་སེལ་ཟླ་བ་བཅུ་གཉིས་པཐོན་མི་སམ་བྷོ་ཊ་རྒྱ་གར་གི་ལོ་རྒྱུས།ཁ་ཆེ་པཎ་ཆེན་ཞང་ཞུང་རྒྱལ་རབས་ཀྱི་བང་སོ།དེ་ཤོ་ལེགས།སྟག་མའི་མེ་ཏོགབོོད་ཀྱི་རྒྱལ་རབས་རིམ་བྱོན་རྒྱལ་དར།མོ་ན་ཁོ།བཀྲ་ཤིས་གཡང་རྩེ་གི་ས་ཁོངས།བྷར་མ།ཆོས་འཁོར་དུས་ཆེན།རིག་གནས་བཅུ།ས་སྐྱ་ལེགས་བཤད།ཤུག་གསེབ་དགོནགཞིས་ཀ་རྩེ།ཚན་རིགསྒྱུ་རྩལ།མི་ཁོམ་པའི་གནས་བརྒྱད།སེམས་ཁམས་རིག་པ།བུ་ཤ་ཟོས་པའི་དགེ་སློང་མ་ཞིག་གི་གཏམ་རྒྱུད་བདེ་སྨོན་འགྲེལ་པ་ཨི་ཏ་ལི།ས་སྐྱའི་ལེགས་བཤད་རྩ་འགྲེལ་མཚོ་འགགའབྱུང་འཕྲོད།ཆང་རགཡང་རླུང་།པ་བུ་ལོ་པི་ཀ་སོ།ཕྱོགས་ཀྱི་གླང་པོ།བྲག་དམར་དགོན།རྒྱལ་ཁབ་དག་གི་མིང་།ཚྭ་རྒྱུ།ཚ་རོང་ཟླ་བཟང་དགྲ་འདུལ་སུམ་བྷ་རྡོ་ཀུབ།ཡེ་ཤུའི་ཆོས་ལུགསཉི་མ།མྱུར་མཛད་མ།🡆 More