ཞང་ཀང

ཞང་ཀང(རྒྱ་ཡིག: 香港、 དབྱིན་ཡིག: Hong Kong)་ མིང་ཡོངས་ལ་ཟེར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཞང་ཀང་དམིགས་བསལ་སྲིད་འཛིན་ཁུལ(རྒྱ་ཡིག: 中華人民共和國香港特別行政區、 དབྱིན་ཡིག: Hong Kong Special Administrative Region of the People's Republic of China)་ གྱི་སའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ ༡༡༠༦དང་ མི་གྲངས་ཁྲི ༧༢༩ལྷག་ཡོད འདུས་སྡོད་བྱེད་པའི་མི་རིགས་ནི་རྒྱ་རིགས་དང་ཧེའུ་རིགས་སོགས་ཡིན མངའ་ཁོངས་སུ་ཞང་ཀང་གླིང་ཕྲན་དང་ཅིའུ་ལུང་ ཞིན་ཅེ། ཉེ་འགྲམ་གྱི་གླིང་ཚོམ་སོགས་ཡོད།

ཞང་ཀང
ཞང་ཀང(香港)
ཞང་ཀང
མེ་ཏོག་སྨུག་པོ་དར་དམར(紫荊花旗)
ཞང་ཀང
འཛིན་ཁུལ་ཁབ(區徽)
ཞང་ཀང
ཞང་ཀང་ས་ཁྲ

ལོ་རྒྱུས།

ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ནི་ལྷོ་རྒྱ་མཚོའི་ཉེ་འགྲམ་དང་ཀྲུའུ་ཅང་གཙང་བོའི་ཤར་ཕྱོགས་སུ་ཆགས་ཡོད། ༡༨༤༢ལོའི་ཉལ་ཐའི་དམག་འཁྲུག་གི་རྗེས་ནས་དབྱིན་ཇི་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་གཏོགས་ལ། ༡༩༩༧ལོའི་ཟླ ༧ པའི་ཚེས ༡ ཉིན་ཞང་ཀང་ཀྲུང་གོ་ལ་ཕྱིར་སྤྲད། དེ་རྗེས་ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་ཞིག་ཏུ་གྱུར་པ་རེད།

དཔལ་འབྱོར།

ཞང་ཀང་ནི་འཛམ་གླིང་གི་མིང་དུ་གྲགས་པའི་རང་དབང་ཚོང་ལས་གྲུ་ཁ་ཞིག་ཡིན་ལ། ད་ལྟ་འཕེལ་རྒྱས་སུ་སོང་ནས་ཡ་གླིང་དང་ཞི་བདེ་རྒྱ་མཚོའི་ས་ཁུལ། ཐ་ན་འཛམ་གླིང་ཡོངས་ཀྱི་དངུལ་རྩ་ལྟེ་གནས་གལ་ཆེན་དང་། ཚོང་གཉེར་ལྟེ་གནས། འཕྲུལ་ཆས་ཆུང་བའི་རིགས་ཀྱི་བཟོ་སྐྲུན་ལྟེ་གནས། མཁའ་སྐྱོད་ལྟེ་གནས། ཆ་འཕྲིན་ལྟེ་གནས་བཅས་སུ་གྱུར་ཡོད།

ཡུལ་སྐོར།

ཞང་ཀང་ནི་འཛམ་གླིང་སྟེང་མིང་གྲགས་ཆེ་བའི་ཡུལ་སྐོར་གྲོང་ཁྱེར་ཞིག་ཡིན་ཏེ། ཡུལ་སྐོར་བྱེད་ས་གཙོ་བོ་ལ་རི་བོ་ཐའེ་ཕིང་ཧྲན་དང་། སྟག་གཟིག་བྱེས་བཞུགས་སྤྲོ་ཁང་། རྒྱ་མཚོའི་གླིང་ག སུང་རྒྱལ་རབས་ཀྱི་དུས་སྐབས་ལྟར་བཞེངས་བའི་མཁར་གྲོང་། མཚོ་ཁུགས་ཁྲུས་ར་བཅས་ཡོད་དོ།།

Tags:

དབྱིན་ཡིགརྒྱ་ཡིག

🔥 Trending searches on Wiki བོད་སྐད:

༢༠༠༩སྐྱེས་པའི་མཚན་མཐུན་དགའ་གྲོགས་༢༠༢༥ལོ།པོ་ཅུ་གྷལ།བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།༢༠༥༠ལོ།ཇ།སྡོམ་པ་གསུམ་གྱི་བསྟན་བཅོས་སྙིང་པོ་བསྡུས་པ་སྟག་ལུང་བྲགགློག་བརྙན།དེ་ཤོ་ལེགས།ནང་པའི་རྩ་གཞུང་ཀུན་བཏུས།སློབ་དཔོན་དབྱུག་པ་ཅན་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆོས་ཀྱི་རྒྱལ་མཚན།ལོ་གྱོན་མའི་གཟུངས་༄༅།། ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང་བཞུགས་སོ།།རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་ཏེ་ལོ་པ།མ་ངེས་པའི་ས་པ་བརྒྱད།བསམ་གཏན་བཞི་ལྷོ་ཡི་འཛམ་བུའི་ཀླུ་རི།དབྱིན་ཇི་མཉམ་འབྲེལ།མེ་མཁའ་རྒྱ་མཚོ།རབ་བྱུང་བརྩི་ཚུལ་ཟླ་བ།རིན་ཆེན་རཏྣ་བསམ་འཕེལ་རོལ་ཆ།ཚེ་ཡི་རིག་བྱེད།བླ་བྲང་དགོན།རླུང་།པཎ་ཆེན་སྐུ་ཕྲེང་རིམ་བྱོན་བཅུ་ཕག་གྲུའི་སྲིད་སྐྱོང་དུས་རབས།༡༩༩༡ལོ།བཤེས་པའི་སྤྲིངས་ཡིགའབྲི་རུ་རྫོང་།ཀཱ་རི་ཀ་ལྔ་བཅུ་ཡུལ་ཤུལ།རྡོ་རྗེ་འཇིགས་བྱེད།སྙན་ངག་གི་སྡོམ་ཚིག བེ་རི་འཇིགས་མེད།གླང་ཆེན།རྐང་རྩེད་སྤོ་ལོ།མཐུན་གསུམརྒྱལ་བ་དགེ་འདུན་གྲུབ་ལམ་རིམ་བསྡུས་དོན་༢༠༣༤ལོ།བློ་བཟང་རྒྱ་མཚོ།འཚོ་བ།སེང་ག་གླིང་།ངོ་བོ་ཉིད་མེད་པ་གསུམ་ཧྥི་ལི་པིན།སྐར་མ།༢༠༡༨ལོ།རྣམ་དབྱེ་བདུན་པ་གནས་གཞི་རྣམ་པར་ཐར་པའི་སྒོ་གསུམ་མུ་སྟེགས་ཀྱི་སྟོན་པ་དྲུགརང་བཞིན་ལྷན་ཅིག་སྐྱེས་མའི་མཁའ་འགྲོ།ཉི་མ།རབ་ཏུ་བྱུང་བའི་ལས་སུ་བྱ་བ་གཉིས།མངལ་སྐེའི་འབྲས་སྐྲན།ལས་ཀྱི་མཐའ་མ་ལོག་པ་དབེན་ས་པ་བློ་བཟང་དོན་གྲུབ།མྱང་ཏིང་ངེ་འཛིན།དག་ཡིག་མདོར་བསྡུས་མཁས་འཇུག་སྡོམ་བྱང་སྐྱེ་དགུའི་བདག་མོ་སྙིང་གཏམ་སུམ་ཅུ་པ་༢༠༣༥ལོ།༄༅།། ས་ག་ཟླ་བ།འབྲུག་ཡུལ།🡆 More