རྣམ་དབྱེ་བདུན་པ་གནས་གཞི་

རྣམ་དབྱེ་སྦྱར་སའི་གཞི་དེ་ལ་བྱ་བ་ཞིག་བྱས་པའམ་བྱེད་པ་དང་། གཞི་དེའི་ཆེད་དུ་བྱས་པ་དང་བྱེད་འགྱུར་གང་ཡང་མི་སྟོན་པར། གཞི་དེ་ལ་ཆོས་ཞིག་གནས་པར་ཙམ་སྟོན་པ་སྟེ། དཔེར་ན། རྩྭ་ལྷས་ན་རྟ་ཡོད་ཅེས་པས་གཞི་རྩྭ་ལྷས་སུ་རྟ་ཡོད་པ་ཙམ་ལས། གཞི་རྩྭ་ལྷས་ལ་བྱ་བ་ཞིག་བྱས་པའམ་བྱེད་པ་དང་། རྩྭ་ལྷས་ཀྱི་ཆེད་དུ་བྱས་པའམ་བྱེད་འགྱུར་ལྟ་བུ་གང་ཡང་མི་སྟོན། བར་གྱི་རྣམ་དབྱེ་མེད་ན་རྩྭ་ལྷས་རྟ་ཡོད་ཅེས་རྩྭ་ལྷས་དང་རྟ་གཉིས་སོ་སོར་ཡོད་པ་སྟོན་པ་ལས། རྩྭ་ལས་དེ་ཉིད་རྟ་གནས་སའི་གཞི་ཡིན་པར་གོ་མི་ནུས་སོ། ལ་དོན་བདུན་པ་གནས་གཞི་ལ་འཇུག་པ་དཔེར་ན། ཤར་ཕྱོགས་སུ་ཡོད། ལྷོ་ཕྱོགས་སུ་ཡོད། ནམ་མཁའ་རུ་ཉི་ཟླ་ཡོད། ལྷོ་རུ་རྒྱ་མཚོ་ཡོད། ནམ་མཁར་ཉི་ཟླ་ཡོད། ལྷོར་རྒྱ་མཚོ་ཡོད། ཐབ་ཏུ་མེ་ཡོད། ཁྲི་ཐོག་ཏུ་བཞུགས། ལག་ཏུ་སྨྱུ་གུ་ཡོད། བྱང་དུ་རླུང་ཆེ། ཞིང་དུ་མྱུ་གུ་སྐྱེས། ལྕགས་རི་ཚུན་ཆད་དུ་མི་ཁྱིམ་མང་། བར་ཤོད་དུ་མི་མང་། གཡོན་དུ་དཔེ་ཆ་ཡོད། མདུན་དུ་དཀར་ཡོལ་ཡོད། གནམ་དུ་འཇའ་ཚོད་བཀྲ། ལམ་དུ་མི་མང་། མཁར་དུ་བཟོ་ལས་ཡོད། ཤར་དུ་འཕྲུལ་འཁོར་མང་། བོད་ཡུལ་དུ་འབྱོར་པ་ཆེ། སྐྱེད་ཚལ་དུ་མེ་ཏོག་བཞད། ནམ་མཁའ་ན་ཉི་མ་ཤར། ས་གཞི་ན་རྩི་ཤིང་རྒྱས། རི་ན་རི་དྭགས་གནས། ཐབ་ན་མེ་ཡོད། སྤང་ན་མེ་ཏོག་བཞད། བྱང་ན་རླུང་ཆེ། བར་ཤོད་ན་མི་མང་། སྣོད་ན་དངོས་རྫས་མང་། མདུན་ན་དཀར་ཡོལ་མཛེས། གནམ་ན་འཇའ་ཚོན་བཀྲ། ལམ་ན་མི་ཡོད། མཁར་ན་བཟོ་གྲྭ་ཡོད། སྐྱེད་ཚལ་ན་རྨྱ་བྱ་ཡོད། ལྟ་བུའོ། ལ་ཡིག་ནི། ཤར་ཕྱོགས་ལ་ཡོད། ནམ་མཁའ་ལ་ཉི་ཟླ་ཡོད། ལྷོ་ལ་རྒྱ་མཚོ་ཡོད། བྱང་ལ་ལྷག་པ་ཆེ། ཁྲི་ཐོག་ལ་བཞུགས། རྒྱབ་ལ་ཡོད། ཐབ་ལ་མེ་འབར། ལྕགས་རི་ཚུན་ཆད་ལ་མི་ཁྱིམ་མང་། གཡོན་ལ་དཔེ་ཆ་ཡོད། མདུན་ལ་སྣག་བུམ་ཡོད། རྒྱལ་ཡོངས་ལ་མི་རིགས་མང་། གནམ་ལ་ཉི་ཟླ་སྐར་གསུམ་འཛོམས། མཁར་ལ་ཚོང་ཁྲོམ་ཆེ། རང་ཡུལ་ལ་བདེ་སྐྱིད་འཛོམས་ལྟ་བུའོ།

Tags:

🔥 Trending searches on Wiki བོད་སྐད:

བདེ་སྨོན་འགྲེལ་པ་ཟླ་༡༠ཚེས་༤ཉིན་ལྷ་ས་གྲོང་ཁྱེར།ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་སྐད་རིགས།ས་འགུལ་རྒྱུན་ཤེས།རྒྱ་གར་གི་ལོ་རྒྱུས།དེ་སྒྲ་ཏེ་ལོ་པ།སངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་ལྕང་མ།རྒྱུད་བླ་མ་ཕར་ཕྱིན་དྲུག་ཚེ་རིང་མཆེད་ལྔ་སློབ་ཆུང་དག་ཡིགགླ་བ།ཧོར་ཟླ་བཅུ་གཉིས་བཀྲ་ཤིས་ལྷུན་པོ་དགོན།ཧི་མ་ལ་ཡ།བྱང་ཀོ་རི་ཡ།ཏུར་ཀི།ཨུ་རུ་སུ།གསོ་རིགདྲང་པོ།མཚུར་བུ་དགོན།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ། ཟུངས་ཁྲགཀཱ་རི་ཀ་ལྔ་བཅུ་༢༠༤༣ལོ།ཨ་ཧྥུའུ་རྒན་སི་ཐན།དབུས་མཐའ་རྣམ་འབྱེད་དག་ཡིག་ངག་སྒྲོན།ཚེ་སྨོན་གླིང་བོད་ཀྱི་རྒྱལ་རབས་རིགས་ལྔའི་སྐུ་ལྔ།བོད་ཀྱི་ལོ་ཐོ།སྨན་རྩིས་ཁང་།རྣམ་དབྱེ་བཞི་བ་དགོས་ཆེད་སྡོམ་གསུམ་རྣམ་ངེས་སྲོང་བཙན་སྒམ་པོ།དངུལ་ཆུ་དབྱངས་ཅན་གྲུབ་པའི་རྡོ་རྗེ་རྣམ་བདུན་གྱི་དཔྱད་པ་སའི་གོ་ལ།རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ།སུམ་ཅུ་པ་དུས་ཚོད།ཁ་ཆེ་ཕ་ལུ།བསམ་ཡས་གཙུག་ལག་ཁང་།གློཏྟལཟློས་གར།ཚད་མ་རྣམ་འགྲེལ།སངས་རྒྱས་ཀྱི་མཛད་རྣམ་མདོར་བསྡུས་ཨེ་ལི་ཡེ་ཏེ།མེས་དབོན་རྣམ་གསུམ།སྒྲུང་རྩོམ་གྱི་རྒྱུ་ཆ་འཚོལ་སྡུད་བྱེད་སྟངས་དང་འབྲི་ཐབས།མ་ངེས་པའི་ས་པ་བརྒྱད།དབུ་མ་རྒྱན་གྱི་ཚིག་ལེའུར་བྱས་པ་ལྡེ་སྣོལ་པོ།ལྕང་སྐྱ་རོལ་པའི་རྡོ་རྗེ་མིའི་རིགས་དཔྱད་པའི་རིག་པ།འཁྲུངས་སྐར།ལྡུམ་སྒོང་།ཚད་མའི་རྟོག་གེའི་ཚིག་དོན་བརྒྱད་ལྷོ་བྲག་སྲས་མཁར་དགུ་ཐོག།སངས་རྒྱས་ཀྱི་ས་ཆེན་པོ་མུ་སྟེགས་ཀྱི་སྟོན་པ་དྲུགཁང་རྩིག་བཟོ་རིག༢༠༤༨ལོ།པཎ་ཆེན་སྐུ་ཕྲེང་བརྒྱད་པ་བསྟན་པའི་དབང་ཕྱུག་སེང་ག་གླིང་།ཕྱོགས་བཅུའི་མུན་སེལ་🡆 More