ཨེན་ཊཱག་ཊི་ཀ་

ཨེན་ཊཱག་ཊི་ཀ

ཨེན་ཊཱག་ཊི་ཀ་
ཨེན་ཊཱག་ཊི་ཀ
ཨེན་ཊཱག་ཊི་ཀ་
ཨེན་ཊཱག་ཊི་ཀ

འཛམ་གླིང་ནང་ལུ་ གླིང་ཆེན་༧ ཡོདཔ་ཨིནམ་དང་ དེ་ནང་ལས་གཅིག་འདི་ཨེན་ཊཱག་ཊི་ཀ་འདི་ཨིནམ་དང་ ས་གོ་ཡང་འཛམ་གླིང་གི་ས་གོ་ལྷོ་ཕྱོགས་ཁ་ཐུག་ལུ་ཡོདཔ་ཨིན། ས་གོ་འདི་ལྷོ་ཁ་ཐུག་འབདཝ་ལས་ ཉིནམ་གནམ་མེད་ས་མེད་ཕོག་ནི་མེདཔ་ལས་ ཁཝ་རྐྱབ་སྟེ་འཁྱེག་གི་གང་སྟེ་ཡོད་པའི་ས་གླིང་ཅིག་འབད་ནི་དེ་གིས་ མི་གིས་གཞིས་མ་ཆགས་པར་ཡོདཔ་ལས་ ད་ལྟོ་རྒྱལ་ཁབ་ཡང་མེན་པའི་གུར་ རྒྱལ་ཁབ་ག་གི་ཡང་དབང་སྟེ་མེདཔ་ཨིན།

གླིང་ཆེན་འདི་གླིང་ཆེན་གཞན་དང་ཕྱདཔ་ད་སྦོམ་ཆུང་གི་གྲས་ལས་ཨང་ ༥ པ་ཨིནམ་དང་ སའི་རྒྱ་ཚད་འབད་བ་ཅིན་ཀི་ལོ་མི་ཊར་གྲུ་བཞི་ ༡༤,༢༠༠,༠༠༠ ༼ས་ཡ་བཅུ་བཞི་ཉིས་འབུམ་ཐམ་པ་༽ ཡོདཔ་ཨིན་པས། ས་གླིང་འདི་དུས་རྒྱུན་རང་འཁྱེག་གི་གང་སྡོདཔ་ལས་ དཔྱ་སྙོམས་ལུ་འཁྱེག་གི་སྟུག་ཚད་ཀི་ལོ་མི་ཊར་ ༡.༩ དེ་ཅིག་ཡོདཔ་ཨིན། འཁྱེག་འདི་ནང་ འཛམ་གླིང་ནང་འཐུང་བཏུབ་པའི་ཆུ་གི་བརྒྱ་ཆ་ ༧༠ དེ་ཅིག་འཁྱེག་སྦེ་ཡོདཔ་ཨིན་པས།

ས་གླིང་འདི་ནང་ ཆརཔ་ཡང་དཀོན་དྲག་ཡོདཔ་ལས་ ས་གོ་འདི་སྐམ་དྲགས་དང་ བསིལ་དྲགས་ དེ་ལས་རླུང་འཚུབ་ཆེ་སུ་ཡོད་མི་ཅིག་ཨིན། ད་ལྟོའི་གནས་སྟངས་ནང་ ས་གླིང་འདི་རྒྱལ་ཁབ་ ༣༠ དེ་ཅིག་གིས་སྤྱི་རུབ་སྦེ་བདག་འཛིན་འཐབ་དོ་ཡོདཔ་ཨིནམ་དང་ དེ་ཡང་གཙོ་བོ་རང་ སྤྱི་ལོ་ ༡༩༥༩ ལུ་རྒྱལ་ཁབ་འདི་ཚུ་གིས་བར་ན་ ཆིངས་ཡིག་ཅིག་བཟོ་ཡོདཔ་ལས་བརྟེན་ཨིན་པས། ས་གླིང་འདི་ནང་ གཏན་རྐྱང་སྡོད་མི་མེད་རུང་ སྐབས་སྐབས་སྦེ་སྡོད་མི་འདི་ མི་གྲངས་ ༡༠༠༠ ལས་ ༥༠༠༠ བར་ན་འོང་དོ་ཡོདཔ་ཨིན་པས།

ཁུངས་གཏུགས།

https://www.duhoctrungquoc.vn/wiki/en/Antarctica


Template:Commons

Tags:

🔥 Trending searches on Wiki ཇོང་ཁ:

ཨའིསི་ལེནཌ་འཇར་པན།ཨར་མེ་ནི་ཡ།རྟ་མགོཀྲུང་ཀོའབྲུགཡུ་ནའི་ཊེཊ་ཀིང་ཌམདར་དཀར་ན་རྫོང་ཁགབར་ཆད་ལམ་སེལ་མ།ཐིམ་ཕུགའཇིགས་མེད་ཁེ་སར་རྣམ་རྒྱལ་དབང་ཕྱུགའབྲུག་གི་རི་དྭགས་སེམས་ཅན།བཀྲིས་སྒང་སུའིཊ་ཛར་ལེན་རྒྱལ་ཡོངས་སེམས་ཅན། ༼འབྲོང་གྱིམ་ཙི༽ཨ་པུའུ་ནོ་ཧ་ལུའུ་ཁ་སི།ཨཕ་ག་ནིསི་ཏཱན།༡༩༠༠དཔལ་རྒ་ལོ་སོག་པོ།ཀོ་ལོམ་བི་ཡབོན།རྒྱ་གར།ལེ་བཱ་ནཱོན་མགོན་པོའི་བཤགས་པ།འབྲུག་ཀུ་ཝེཊ་བངྒ་ལ་དེཤ།༢༠༢༤ཨེ་ཤར་ཡ་རང་ལུགས་ཤེས་བྱ།ཁྲོམ་སྒྱུར།རླུང་རྟ་ཡར་བསྐྱེད་བསངས་མཆོད།ཨཕ་རི་ཀ་སུའི་ཌན་འཁོར་བར་འཁོར་ཚེ་སྨོན་ལམ།མིག་དམརཀྲོང་གསར་འབྲུག་རྒྱང་བསྒྲགས་ལས་འཛིནཁས་བླངས། Volunteerismམེཀ་སི་ཀོཨིཛ་རཱེལ་ཨཕ་ག་ནིསི་ཏཱན་༢༠༠༩ཞོང་གར་རྫོང་བལ་ཡུལ་སྐུ་འཁོར་གྱི་རྒྱུད་པ།ལྟ་རྫོང་ས་ག་ཟླ་བའི་དུས་ཆེན།རྫོང་ཁ་སྒྲོལ་ཆོག་བསྡུས་པ་དོན་གཉིས་ལྷུན་གྲུབ་མ།ཇཱར་མ་ནིའབྲུག་རྒྱལ་ཡོངས་དཔེ་མཛོདཨེ་ཤར་ཡ🡆 More