རིག་བྱེད།

སྔོན་རྒྱ་གར་དུ་བྱུང་བའི་མུ་སྟེགས་པའི་ལྟ་བ་དང་གྲུབ་མཐའ་མང་དུ་ཡོད་པའི་ནང་གསེས་རིག་བྱེད་ཀྱི་གཞུང་ལ་ཟེར་ཞིང་། (སྤྱིར་རིག་བྱེད་ཅེས་པ་ཕྱི་ནང་ཐུན་མོང་བའི་རིག་གནས་མཐའ་དག་ལ་འཇུག་ཅིང་། རིག་བྱེད་ཀྱི་སྐད་དོད་བདེཿཞེས་པ་ནི་རིག་པའམ་གསལ་བ་ལ་འཇུག་པ་ཡིན)དེ་ལ་བཞི་ལས། ༡.སྙན་ངག་གི་རིག་བྱེད། ༢.སྲིད་སྲུང་གི་རིག་བྱེད། ༣.ངེས་བརྗོད་ཀྱི་རིག་བྱེད། ༤.མཆོད་སྦྱིན་གྱི་རིག་བྱེད་བཅས་ཡིན། དང་པོ་སྙན་ངག་གི་རིག་བྱེད་ནི་གོ་སླ་ཞིང་། གཉིས་པ་སྲིད་སྲུང་གི་རིག་བྱེད་ནི་འཇིག་རྟེན་གྱི་ལུགས་བཟང་ངན་སྟོན་པ། དཔེར་ན《ལུགས་ཀྱི་བསྟན་བཅོས》ལྟ་བུ་ལ་ཟེར། གསུམ་པ་ངེས་བརྗོད་ཀྱི་རིག་བྱེད་ནི་རིག་བྱེད་ཀྱི་སྔགས་ལ་བརྟེན་ནས་ནད་ཞི་བ། ཚེ་སྤེལ་བ། རིགས་རྒྱུད་སྤེལ་བ། རླུང་བསྒོམ་པ་སོགས་མང་པོ་ཡོད་པར་བཤད། བཞི་པ་མཆོད་སྦྱིན་གྱི་རིག་བྱེད་ནི། ལྷ་ཚངས་པ་དང་། དབང་ཕྱུག་སོགས་ལ་མཆོད་པ་འབུལ་བའི་ཆེད་དུ་རྟ་དང་། བ་གླང་། ར་ལུག མི་ལ་སོགས་པ་ཁྲི་སྟོང་མང་པོ་བསད་པའི་ཤ་ཁྲག་གི་མཆོད་རྒྱུན་བྱས་ན་ལྷའི་ཞལ་མཐོང་བ་དང་དངོས་གྲུབ་ཐོབ་པ་སོགས་ཁས་ལེན་པ་ལ་ཟེར། རིག་བྱེད་བཞིའི་འབྱུང་ཁུངས་ལ་ཚངས་པའི་གདོང་བཞི་ལས་རིག་བྱེད་བཞི་བྱུང་བར་འདོད་པ་དང་ཚངས་པའི་བུ་བཞིས་བྱས་པར་འདོད་པ་དང་། ཚངས་པའི་མཚོ་ཞེས་བྱ་བའི་ཆུ་ལས་རིག་བྱེད་ཀྱི་ཡི་གེའི་སྒྲ་རྣམས་གདངས་ཀྱི་ཚུལ་གྱིས་འབྱུང་བ་དང་། ཡང་རིག་བྱེད་སུ་གང་གིས་མ་བྱས་གདོད་མ་ཉིད་ནས་ཡོད་པར་འདོད་པ་དང་། སུས་ཀྱང་མ་བྱས་རང་བྱུང་ནམ་མཁའ་ལྟ་བུ་ཡིན་ཟེར་བ་སོགས་སྔོན་གྱི་མཁས་པ་རྣམས་ཀྱི་བཞེད་ཚུལ་དུ་མ་ཞིག་མཆིས། དེང་སང་གི་མཁས་དབང་འགས་ཧ་ལམ་སྤྱི་ལོའི་སྔོན་གྱི་ལོ་ཆིག་སྟོང་ཉིས་བརྒྱའི་སྔོན་རྗེས་སུ་རྒྱ་གར་ནུབ་ཕྱོགས་ནས་ཧིན་རྡུའི་ཆུ་བོའི་འབབ་ཡུལ་དུ་ཞུགས་པའི་ཡ་ལི་ཨན་མིས་གནའ་བོའི་ཏ་ཟིག་ལས་ཁྱེར་འོང་བའི་རིག་གནས་ཤིག་ཡིན་པར་བཞེད་པ་སོགས་རིག་བྱེད་བཞིའི་འབྱུང་ཁུངས་ལ་བཞེད་ཚུལ་མི་འདྲ་བ་མང་པོ་ཞིག་ཡོད་པ་ལས་དཔྱོད་པ་བས་ནི་རིག་བྱེད་ནི་སྐྱེས་བུས་མ་བྱས་པའི་ཆ་མེད་རྟག་པ་རང་བྱུང་ནམ་མཁའ་ལྟ་བུ་དང་། སུས་ཀྱང་མ་བྱས་པས་ན་བདེན་པའི་དོན་ཅན་དང་ཚད་མར་འདོད་པ་ཡིན་ནོ། །དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

རིག་གནས་བཅུ།གསེར་གདུང་འཛམ་གླིང་རྒྱན་གཅིག་སྲས་དགའ་བོ་གཞུང་བཀའ་པོད་ལྔ།བཀའ་ཡོ་གལ་འཆོས་པ།གཞིས་ཀ་རྩེ་ས་ཁུལ།དཔལ་ལྡན་ལྷ་མོ།ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་སྡེ་དགེསྐུ་འབུམ་དགོན།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།ཡུ་རེ་ནིམ།མཛེ་ནད།ལྦེ་ཁེ་རིག་མཛོདདཔལ་རིའི་སྨོན་ལམ་ཕོ་བྲང་པོ་ཏ་ལ་ཚེ་སྨོན་གླིང་ཆོས་རྒྱལ་ནོར་བཟར་༄༅།། ས་ག་ཟླ་བ།ཏའི་པརེའི་པ། (རི་མོ་འབྲི་མཁའན།)བསིལ་ལྦུ།རྣམ་ཐར་བརྒྱད་དཀོན་མཆོག་རྗེས་དྲན་ཁྱད་པར་དུ་འཕགས་པའི་བསྟོད་པ་རིག་བྱེད་ཡན་ལག་དྲུགཨེ་ཏི་མོན་ཐོན།ཁ་དོག་སྐོར་གླེང་བ།ཀིརྟི་སྐུ་ཕྲེང་བརྒྱང་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ཞི་བདེ་རྒྱ་མཚོ་ཆེན་པོ།ཚད་མ་སྡེ་བདུན་རྟ་མགྲིན།འཕགས་མ་སྒྲོལ་མ་ལ་བསྟོད་པ།འདོད་པའི་བསྟན་བཅོས།སེ་ཨུལ།གནམ་ཆོས་ཐུགས་ཀྱི་གཏེར་ཁ།ཨོ་སི་མིམ།ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ལོན་ཊོན།ཟླ་༥ཚེས་༢༠ཉིན་ཁྲི་ལྡེ་གཙུག་བརྟན།ཁུརོ་ཤི་ཡ།ཁྲི་རལ་པ་ཅན།ཤམྦྷ་ལའི་སྨོན་ལམ་བཞུགས་སོ།།ཀྱེེ་རྡོ་རྗེ་རྟགས་འཇུག་ལས་དངོས་པོའི་དབང་གིས་བདག་གཞན་གཉིས་སུ་དབྱེ་ཚུལ་བྷཧ་རཡིན།ལྷ་ས་གཙུག་ལག་ཁང་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ཀེ་རི་སི།གནམ་བསྐོས་འཇམ་དབྱངས་གོང་མ་བདག་པོ་ཆེན་པོསློབ་དཔོན་སེང་གེ་བཟང་པོ།བོད་ཡུལ།ཆབ་མདོ།འདུ་བྲལ་སྒྱུ་མའི་རང་མདངས།ཆོ་འཕྲུལ་མཆོད་རྟེན་ཆོས་སྡིངས་དགོནཧའི་ཏི།མཁས་འཇུག་སྡོམ་བྱང་ཨཱལ་གྷོར།དང་སྒྲ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་བསམ་གཏན་བཞི་པའི་གནས་རིགས་བརྒྱད་ཁྲི་སྲོང་ལྡེ་བཙན།ཇིང་ཁི་ཁན།སུམ་བ་བཅུ་པ།ནབ་ཏ་ལིྰ།🡆 More