དང་སྒྲ་

སྡུད་པ། འབྱེད་པ། རྒྱུ་མཚན། ཚེ་སྐབས། གདམས་ངག་སྟེ་ལྔ་ལ་འཇུག་པ་ལས། དང་པོ་སྡུད་པ་ལ་འཇུག་པ་ནི། གམ་ལ་སོགས་པའི་སྐབས་ལྟར་ཕྱོགས་གཅིག་ཏུ་སྡུད་པ་དང་། སྔ་མར་སྦྱར་བའི་ཆོས་ཕྱི་མར་སྦྱོར་བ་སྡུད་པ་དང་། ཕྱི་མར་སྦྱར་བའི་ཆོས་སྔ་མར་སྦྱོར་བ་སྡུད་པ་གསུམ་ལས་དང་པོ་ནི། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ནི་དབང་བོའོ། ལྟ་བུ། གཉིས་པ་ནི། ཉི་མ་ནི་འོད་དང་ལྡན་ཏེ། གློག་སྒྲོན་དང་ཟླ་བ་ཡང་ངོ་། ལྟ་བུ། གསུམ་པ་ནི། ཉི་མ་དང་ཟླ་བ་དང་ནོར་བུ་ལས་ཀྱང་འོད་འཕྲོའོ། ལྟ་བུ།

གཉིས་པ་འབྱེད་པ་ལ་འཇུག་པ་ནི། དཔེར་ན། དབང་བོ་ནི་ལྔ་སྟེ། མིག་དང་། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་སོ། ལྟ་བུ་སྟེ། གཞི་གཅིག་ལས་རྣམ་གྲངས་ཐ་དད་པའམ། རྣམ་གྲངས་དུ་མ་འབྱེད་པ་གམ་ལ་སོགས་པ་བཞིན་ནོ།

གསུམ་པ་རྒྱ་མཚན་ལ་འཇུག་པ་ནི། གཏན་ཚིག་སྟོན་པ་སྟེ། ན་ཡིག་གི་འཇུག་པ་དང་དོན་འདྲ་བ་ཡིན་སྟེ། དཔེར་ན། དུ་བ་མཐོང་བ་དང་མེ་ཡོད་པར་ཤེས་སོ། བརྩོན་འགྲུས་བརྩམས་པ་དང་མཐར་ཕྱིན། ལྟ་བུ། རྒྱུ་ཡོ་པ་དང་འབྲས་བུ་འབྱུང་ལྟ་བུ་དུས་དང་རྒྱུ་མཚན་ལྷན་གཅིག་ཏུ་སྟོན་པའང་ཡོད་དོ།

བཞི་བ་ཆེ་སྐབས་ལ་འཇུག་པ་ནི། ཉི་མ་ཤར་བ་དང་ཚོགས་འདུ་འཚོགས། སྒོ་ཕྱེས་བ་དང་ནང་དུ་སོང་། འཁོར་ལོ་བསྐོར་བ་དང་མཉམ་དུ་སྒྲ་གྲགས། ལྟ་བུའོ། །

ལྔ་བ་གདམས་ངག་ལ་འཇུག་པ་ནི། དཔེར་ན། འདི་གྱིས་དང་། ཉོན་དང་། སློབས་དང་། བརྩོན་འགྲུས་རྩོམས་དང་མཁས་པར་འགྱུར། ཡིད་ལ་ཟུངས་དང་རང་ལ་ཕན། ལྟ་བུ་སྟེ། བྱ་བ་ལ་བསྐུལ་བའི་ཕྱིར་ན་ཡིག་གི་འཇུག་པ་དང་དོན་འདྲ་བར་གདམས་ངག་འདོམས་པའོ།

Tags:

🔥 Trending searches on Wiki བོད་སྐད:

རྔ།ནང་།ལྷོ་བྲག་སྲས་མཁར་དགུ་ཐོག།ལུས་སུ་འགྱུར་བའི་རིམ་པ་ལྔ་ཀླུ་སྡེ།ཚེ་ཏན་ཞབས་དྲུང་མངོན་སུམ་ཚད་མ་བཞི་གཟའ་ལྷག་པ།གཉེན་པོ་སྟོབས་བཞི་ཁྱབ་འཇུག་གི་འཇུག་པ་བཅུ་རྒྱུད་སྤྱིའི་དངོས་པོ་གསལ་བར་བྱེད་པའི་ཡི་གེ་དྲང་སྲོང་བཙུན་མོའི་སྐར་ཚོམ་མཚོ་དབུས་གེ་སར་ཀུན་མཁྱེན་སྟོན་པ་བཞི་ལྡནཉན་ཐོས་ལུགས་ཀྱི་དཔྱད་ཞིབ་ལུང་སྡེ་བཞི་ཞི་མི།རབ་བྱུང་བརྩི་ཚུལ་ཕ་རོལ་དུ་ཕྱིན་པ་དྲུག་བསྟན་རྒྱས་གླིང་།ཁྲི་ལྡེ་གཙུག་བརྟན།གློག་ཀླད།དཀོན་མཆོག་རྗེས་དྲན་སྒྱུ་རྩལ།གཟའ་ཟླ་བ།རྡོ་རྗེ་གཅོད་པ་འཇམ་དཔལ་མཚན་བརྗོད་ཁ་བཏགས།X འཕྲོ་ཐིག་འོད་རིག་པ་ར་གུ་ཡེ།རྒྱ་རིགས་ཀྱི་མཚན་ཉིད་རིག་པ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགས་སོ། །ཡང་རླུང་།བོ་དོང་ཕྱོགས་ལས་རྣམ་རྒྱལ།ཁ་ཆེ་ཕ་ལུ།ལ་དྭགསམཁས་འཇུག་སྡོམ་བྱང་ཀུ་བ།བསང་མཆོད་དགེ་འདུན་ཆོས་འཕེལ།སྒལ་ཚིགས་སྲོག་ཆགས་ཀུན་དགའ་བོ་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་བཤད།རྒྱུད་དྲུགརིང་བསྲེལ་གསུམ།མར་ཏིན་ལུ་ཏར་ཁིན།རྩི་ཤིང་རིག་པ།བཙན་གཡེམ།ཧེན་ཐའེ།ཤོ།སྲིད་པ་བར་དོའི་ངོ་སྤྲོད་གསལ་འདེབས་ཐོས་གྲོལ་ཆེན་མོ་རྟགས་ཀྱི་འཇུག་པའི་རྣམ་བཤད་མཁས་པའི་དགོངས་རྒྱན།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་མགྱོགས་ཡིག་WeChatབོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ།ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།རྒྱལ་སྤྱིའི་སྒྲ་རྟགས།དམྱལ་ཁམས་བཅོ་བརྒྱད།ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་རྫོང་གྲུགརྐང་གླིང་།རྣམ་དབྱེ་བདུན་པ་གནས་གཞི་ཚད་མ་སྡེ་བདུན་བོད་ཀྱི་དུས་བབ།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་རྡོར་དྲིལ་སོགས་མཆོད་ཆས་རྣམས་ཀྱི་མཚོན་དོན་སྐོར་འཇུ་མི་ཕམ་མདོ་སྡེ་རྒྱན་འགྲེལ་པའི་སྟོད་🡆 More