སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་

མཚན་གཞན་ཀརྨ་སི་ཏུ་བསྟན་པའི་ཉིན་བྱེད་དམ་པའི་ཆོས་ཀྱི་འབྱུང་གནས་མཆོག་ནི་སྡེ་དགེ་ཨ་ལོའི་ཡུལ་གྱི་བྱེ་བྲག་དིང་རིང་སྒང་དུ་ཡབ་ངག་དབང་ཚེ་རིང་དང་ཡུམ་ཕྲ་མགུ་མ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་གཉིས་པའི་ལྕགས་འབྲུག་(༡༧༠༠)ལོར་སྐུ་འཁྲུངས། མཚན་མགོན་པོ་སྲུང་དུ་བཏགས། དགུང་ལོ་གསུམ་པར་སི་ཏུ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་མཛད། ཀརྨ་ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱིས་ཆོས་ཀྱི་འབྱུང་གནས་འཕྲིན་ལས་ཀུན་ཁྱབ་་ཡེ་ཤེས་ཞེས་པའི་མཚན་གསོལ། དགུང་ལོ་བདུན་པ་ནས་བཟུང་མཁན་ཆེན་དཔར་གྲུབ་ཀྱི་མདུན་ནས་སྐར་རྩིས་དང་། སྒྲ། སྙན་ངག་བཅས་གསན། ཨ་ལོ་བླ་མ་ཀུན་མཁྱེན་གྱི་མདུན་ནས་ནང་དོན་རིག་པ་གསན། དགུང་ལོ་བཅུ་གསུམ་པ་ཆུ་འབྲུག་(༡༧༡༢)ལོར་དབུས་སུ་ཕེབས། ཞྭ་དམར་བརྒྱད་པ་དཀོན་མཆོག་རྣམ་རྒྱལ་གྱི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བཞེས། མཚན་ཀརྨ་བསྟན་པའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བ་ཞེས་གསོལ། དེ་ནས་ཀརྨ་པ་ཞྭ་དམར་ནག་གཉིས་ཀྱི་མདུན་ནས་བཀའ་བརྒྱུད་པའི་ཆོས་སྐོར་དང་། ཏྲེ་ཧོར་རིན་པོ་ཆེའི་མདུན་ནས་རྙིང་མའི་ཆོས་སྐོར་གསན། དགུང་ལོ་ཉེར་གཉིས་ལྕགས་གླང་(༡༧༢༡)ལོར་སླར་དབུས་སུ་ཕེབས་ཏེ་ཀརྨ་པ་ཞྭ་དམར་ནག་དང་ལྷན་དུ་བལ་ཡུལ་དུ་ཕེབས། དེར་རྒྱ་གར་དང་། བལ་ཡུལ་གྱི་པཎྜིཏ་སྲ་དྷུསྣ་དང་། ན་བ་ཥཌུ་ཏི། ཀཱ་ལ་ནཱ་ཡ་ན་ཛ་ཡ་མངྒ་སོགས་དང་བགྲོ་གླེང་ཡུན་རིང་མཛད། སྒྲ་དང་། སྙན་ངག་མངོན་བརྗོད་སོགས་ཀྱི་དཀའ་གནད་མང་པོ་བཀྲོལ། རྒྱ་གར་གྱི་གཞུང་བོད་ན་མེད་པ་མང་པོ་མཇལ། དེ་ནས་བོད་དུ་ཚུར་ཕེབས་ཏེ་ཞྭ་དམར་བརྒྱད་པའི་མདུན་དུ་དགེ་སློང་གི་སྡོམ་པ་མནོས། ཏཱ་ལའི་བླ་མ་སྐུ་ཕྲེང་བདུན་པ་བསྐལ་བཟང་རྒྱ་མཚོའི་དྲུང་ནས་ལམ་རིམ་གྱི་ཁྲིད་སོགས་དགེ་ལུགས་པའི་ཆོས་སྐོར་གསན། མེ་ལུག་༡༧༢༧ལོར་སྡེ་དགེ་དཔལ་སྤུངས་དགོན་ཐུབ་བསྟན་ཆོས་འཁོར་གླིང་ཕྱག་བཏབ། སྤྱིར་རྗེ་འདི་སྔ་རྗེས་སུ་བལ་ཡུལ་དུ་ཐེངས་གཉེས་ཕེབས། མདོ་ཁམས་ཤར་རྒྱལ་མོ་ཚ་བ་རོང་དང་། ཡུན་ནན། འཇང་ཡུལ་བཅས་སུའང་ཞབས་ཀྱིས་བཅགས། རྒྱ་དཀར་ནག་དང་བོད་ཀྱི་གྲུབ་མཐའ་རིས་མེད་ཀྱི་མཁས་པ་མང་པོ་སློབ་དཔོན་དུ་བསྟེན། ཐུན་མོང་གི་རིག་གནས་ཀུན་ལ་མཁས་པའི་ཡང་རྩེར་སོན། སློབ་མ་མཁས་པ་ཁམས་སྤྲུལ་བསྟན་འཛིན་ཆོས་ཀྱི་ཉི་མ་དང་། རི་བོ་ཆེ་པ་ཚེ་དབང་ཀུན་ཁྱབ། དབོན་ངེས་ལེགས་བསྟན་འཛིན་སོགས་བྱུང་། དགུང་ལོ་དོན་ལྔ་པ་རབ་བྱུང་བཅུ་གསུམ་པའི་ཤིང་རྟ་༡༧༧༤ལོར་ཤར་རྒྱལ་མོ་ཚ་བ་རོང་དུ་ཕེབས་པའི་ལམ་བར་དཀར་མཛེས་སུ་བད་མཁྲིས་ཀྱི་སྙུན་གཞི་བཞེས་ནས་སྐུ་གཤེགས། གསུང་ཆོས་སྡེ་དགེའི་བཀའ་འགྱུར་དཀར་ཆག་དང་། སྐར་རྩིས་རིག་པ་སོགས་དང་། ཚན་མ་རིག་པ། སྒྲ་རིག་པ། གསོ་བ་རིག་པ། སྐར་རྩིས་རིག་པ་སོགས་དང་། ཁྱད་པར་དུ་བོད་རྒྱལ་སྲོང་བཙན་སྒམ་པོ་སོགས་ཀྱི་སྐབས་སུ་བསྒྱུར་བའི་རྒྱ་རྩིས་གསར་འགྱུར་དང་། འབྲུམ་བཅོས་སོགས་གསར་འགྱུར་སྨན་གྱི་སྐོར་སྣ་ཚོགས། སྒྲ་པཱ་ཎི་པ་དང་དབྱངས་ཅན་སྒྲ་མདོ། མངོན་བརྗོད་འཆི་མེད་མཛོད་བཅས་གསར་དུ་བསྒྱུར་བའམ་འགྱུར་བཅོས་མཛད་པ་སོགས་མཛད་རྗེས་ཤིན་ཏུ་ཆེ་། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

རྒྱལ་སྲས་ལག་ལེན།ཡོ་རོབ་གླིང་།ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་གནས་ལུང་བཀླག་པས་གྲུབ་པ་བསམ་ཡས་དགོན།སྒྲོལ་མའི་མཎྜལ་བཞི་ཆོག་ཆིན་རྒྱལ་རབས།པེ་ཅིང་གྲོང་ཁྱེར།མཱར་ཁོ་ཕོ་ལོ།བརྩེ་དུང་།ངང་ལགརྒྱ་གར་ཆོས་འབྱུང་སྔགས་དྲུག་ཕྱག་དྲུག་གི་རྒྱུད་དྲུག་ཇ་མའི་ཀཉི་མ།ས་སྐྱ་ཁྲི་འཛིན།སད་ན་ལེགས།རྩངས་པ།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཡེ་ཤུ།མཇེ་རྒྱ་སྐདས་སྐྱ་པ།ཀརྨ་རིན་ཆེན་ངེས་དོན་བསྟན་འཛིན་ཇང་མར་ཀི་ཨེ་རོ།ཡང་རླུང་།སྦེ་གརིང་བསྲེལ་།སྰ་ཝན་ཐི་ཨྰར་ཧེན་ཡ་སུ།ཏོག་དབྱིབས་ཡོངས་ཁྱབ་རིམས་ནད།ཨར་ཇེན་ཊི་ན།ཨ༌མདོབསྟན་འཛིན་རྒྱ་མཚོ།ལྷག་བཅས་མེག་སི་ཀོ་གྲོང་།ཨན་ཇེ་ལ་མེར་ཁེལ།པེར་ལིན།ཨམ་མན།ཀརྨ་པ་ཆོས་དབྱིངས་རྡོ་རྗེཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ལས་རིགས།དབུས་གཙང་ཕོ་བྲང་ཡུམ་བུ་བླ་སྒང།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་ར་རྒོད།བརྡ་སྤྲོད་ཀྱི་གཞུང་།ཀོང་ཏུང་སྐད།ནོར་ཝེ།མགར་སྟོང་བཙན་ཡུལ་སྲུང༌།ཉི་ནུས།ཨིན་རྡུ་ནི་ཤིས་ཡ།འཕགས་ལམ་ཡན་ལག་བརྒྱད།སན་པི་ཏི་པོག (ཧྥོ་ལོ་རི་ཌ།)རི་མོ།སློབ་ཆུང་དག་ཡིགརྒྱ་ཡིགའཕོ་བ་དྲན་པ་རང་གྲོལ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།མི་དགེ་བ་བཅུཤོག་དྲིལ་དུ་བ།ཕར་ཕྱིན་དྲུག་ཐ་ཇི་ཁེ་སི་ཏན།ཡམ་བུ།🡆 More