དཔལ་ལྡན་ལྷ་མོ།

དཔལ་ལྡན་ལྷ་མོ་ Shri Devi དབྱངས་ཅན་དྲག་ཏུ་ཁྲོས་པའི་ཆོས་སྐྱོང་ཁྱད་དུ་འཕགས་པ་དཔལ་ལྡན་ལྷ་མོ་ནི་སངས་རྒྱས་འོད་སྲུང་གི་སྐུ་དུས་ནས་བྱུང་བའི་སྲུང་མ་ཞིག་ཡིན་ལ། སྤྱིར་བྱང་ཆུབ་སེམས་དཔའ་ས་བརྒྱད་པ་ལ་གནས་པ་ཡིན་ནའང་བསྟན་པ་སྲུང་བའི་ཕྱིར་ཤིན་ཏུ་འཇིགས་པའི་སྲུང་མའི་རྣམ་པ་བཟུང་བ་ཞིག་ཡིན།

དཔལ་ལྡན་ལྷ་མོའི་སྐུ་མདོག་སྔོན་པོ་ཡིན་ཞིང་། ཞལ་གཅིག་ཕྱག་གཉིས་དང་ལྡན་པ། ཆིབས་དྲེལ་རག་དམར་གྱི་སྟེང་དུ་འཕུར་ཞིང་བགྲོད་པ་དང་། མཐའ་འཁོར་དུ་མེ་དཔུང་དང་རླུང་འཚུབ་འཁྲིགས་པ། ཕྱག་གཡས་པས་བར་ཅོན་དང་གཡོན་པས་ཁྲག་གིས་བཀང་བའི་ཀ་པཱ་ལ་བསྣམས་ཡོད། སྐུ་ལ་མི་མགོ་སྐམ་པོའི་དབུ་རྒྱན་དང་ཟླ་བ་དང་རྨ་བྱའི་གདུགས་དང་ཕྱག་རྒྱ་ལྔ་དང་དུག་སྤྲུལ་དང་སྟག་ལྤགས་སོགས་ཀྱིས་བརྒྱན་པ། ཕྱི་ཤ་ལ་མཚོན་གྱི་གྲུ་གུ་དང་བཙན་གྱི་ཤོ་རྡེལ་དཀར་ནག་བཏགས་པའོ།།

སྲུང་མ་འདི་ཉིད་ངེས་པ་དོན་དུ་རྒྱལ་བ་རྡོ་རྗེ་འཆང་གི་ཡུམ་རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ། འཇིགས་བྱེད་ཀྱི་ཡུམ་རྡོ་རྗེ་རོ་ལངས་མ། རྗེ་བཙུན་སྒྲོལ་མ་དཀར་ལྗང་དམར་སེར་དང་འཕགས་མ་དབྱངས་ཅན་མ་སོགས་དང་ངོ་བོ་གཅིག་ལ། འདིའི་འཁོར་དུ་གཙོ་བོར་བཀའ་གདམས་སྒྲོལ་མ་བཅུ་གཉིས་དང་བསྟན་མ་བཅུ་གཉིས་དང་བཅས་པ་ཡོད།

འདིའི་གདམས་པ་རྒྱལ་བོ་རྡོ་རྗེ་འཆང་གིས་བྲམ་ཟེ་ས་ར་ཧ་ལ་གནང་ཞིང་། ཕ་དམ་པ་སངས་རྒྱས་ཀྱིས་བོད་ཡུལ་ལ་སྤྱན་དྲངས། དེའི་ཕྱིས་སུ་ཆོས་སྐོར་གྱི་འཕྲིན་ལས་རྒྱས་པ་བྱུང་བས་རིམ་གྱིས་རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གྱི་སྲུང་མའི་གཙོ་བོར་གྱུར་བ་ཞིག་ཡིན།

ལོ་རྒྱུས།

པར་རིས་བར་འཁྱམས།

ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

དཔལ་ལྡན་ལྷ་མོ། ལོ་རྒྱུས།དཔལ་ལྡན་ལྷ་མོ། པར་རིས་བར་འཁྱམས།དཔལ་ལྡན་ལྷ་མོ། ཟིན་ཐོ་འམ་དཔྱད་གཞི།དཔལ་ལྡན་ལྷ་མོ། དཔྱད་གཞིའི་དཀར་ཆག།དཔལ་ལྡན་ལྷ་མོ། ད་དུང་གཟིགས།དཔལ་ལྡན་ལྷ་མོ། ཕྱི་ཕྱོགས་དྲ་མཐུད།དཔལ་ལྡན་ལྷ་མོ།

🔥 Trending searches on Wiki བོད་སྐད:

ཨིན་རྡུ་ནི་ཤིས་ཡ།པ་ཀི་སི་ཐནདགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།གདུགས་དཀར་མཆོག་གྲུབ་མ་༠ (གྲངས་ཀ།)རྡོ་རྗེ་གཅོད་པ་ཤ་ལོ་མོ།ཏུའེ་ལེན​།གློག་བརྙན།རོལ་མོའི་བྱེ་བྲག་བཅོ་བརྒྱད།རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽ཁྲི་སྲོང་ལྡེ་བཙན་གྱི་སྲས་གསུམ་རྒྱལ་བ་ཐུབ་བསྟན་རྒྱ་མཚོ།བདེ་སྨུག་རྔ་མོང་།མར་པ་ལོ་ཙཱ་ཆོས་ཀྱི་བློ་གྲོས།མཛེ་ནད།ཞོགས་དུང་།ལུ་ཟོན།ལྟུང་བཤགས་ཁམས་གསུམ་ཚོ་ཁག་གི་ཆགས་སྤྱོད།སྙིང་ཐིག་སྔོན་འགྲོའི་དམིགས་རིམ་བསྡུས་པ་དུས་ཚོད།རྒྱལ་སྲས་ལག་ལེན།ནགས་ཤོད་འབྲི་རུའི་ལོ་རྒྱུས་རབ་རིམ་སཱ་ལའི་ལྗོན་ཤིང་།འཁོར་གཡུགས་གཙོག་སྐྱོན།བར་དོའི་ངོ་སྤྲོད་བསྡུས་པ་ཁོ་ཁེ་གླིང་ཚོམ།ཁ་ཏར།སྐྱེ་དགུའི་བདག་མོ་ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་མ་ལ་སུང་རྒྱུགས་འགྲན།བོད་ཀྱི་ཆོལ་ཁ་གསུམ་གྱི་ས་མཚམས་ལྦེ་ཁེ་རིག་མཛོདགསང་སྔགས་གསར་མ་ཟླ་༡༢ཚེས་༢༦ཉིན་༢༠༡༤ལོའི་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་མགྲན་སྡུར།ཡིག་བརྒྱ་སེམས་བསྐྱེད་ཉེར་གཉིས་ནང་པའི་རྩ་གཞུང་ཀུན་བཏུས།༢༠༠༤ལོ།ལེགས་བྲིས་པ་མའ་མའོ་སྒྲི་ཨ་མ་སྒྲེན་ཅ་ཊི།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།འབྲོང་པ་རྫོང་།སྐྱུར་རྫས།རྐང་རྩེད་སྤོ་ལོ།ཚེ་མདོཁེ་ནི་ཡ།དཀྱིལ་འཁོར་ལ་རིགས་ག་ཚོད་ཡོད་དམས་སྐྱའི་གོང་མ་དག་གི་ལོ་རྒྱུས་ཀེར་ལངས།དཔལ་དུས་ཀྱི་འཁོར་ལོ་བཀའ་བསྡུས་ལམ་རིམ་བསྡུས་དོན་རྗེ་བཙུན་འཕགས་མ་སྒྲོལ་མ་ལ་བསྟོད་པ་བཞུགས་སོ། །ཨ་ལག་ཤ་ངག་དབང་བསྟན་དར་ཁར་པེན་ཏྲ།སྔོ་ཚལ་སེ་ཞེལ།སྣང་ས་འོད་འབུམ་གནས་ཉེར་བཞི་སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།ལུགས་ཀྱི་བསྟན་བཅོས།🡆 More