ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་

སྟོན་པ་ཤཱཀྱ་ཐུབ་པས་ཆོས་འཁོར་ལན་གསུམ་བསྐོར་བའི་ཆོས་འཁོར་ཐ་མ་སྟེ། ཆོས་བསྐོར་བར་པ་བསྐོར་པའི་རྗེས་སུ་དུས་ངེས་པ་མེད་པར་རི་མ་ལ་ཡ་དང་། བྱང་ཆུབ་སྙིང་པོ་དང་་ཡངས་པ་ཅན་སོགས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་བཞུགས་པའི་བྱང་ཆུབ་སེམས་པ་གྲངས་མེད་པ་ལ་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་སྡེ་ལང་ཀར་གཤེགས་པ་ལ་སོགས་གསུངས་ཏེ། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་བསྐོར་རོ།། འཁོར་ལོ་ཐ་མའི་མཚན་ཉིད་ནི། སྟོན་པས་དུས་ཐ་མར་གསུངས་པ་གང་ཞིག ཆེད་དུ་བྱ་བའི་གདུལ་བྱ་ཐེག་ཆེན་གྱི་རིགས་ཅན་འཁོར་ལོ་བར་བའི་དགོངས་པ་འཁོར་ལོ་ཐ་མས་བཀྲལ་བ་ལ་ལྟོས་དགོས་པ་རྣམས་ལ་གཙོ་བོར་དགོངས་ནས་མཚན་ཉིད་གསུམ་ལ་བདེན་པར་ཡོད་མེད་སོ་སོར་ཕྱེ་ནས་སྟོན་པའི་མདོ་དངོས་སམ། དེའི་སྡེར་གཏོགས་པ་གང་རུང་འཁོར་ལོ་ཐ་མའི་མཚན་ཉིད། མཚན་གཞི་ནི། ཕལ་པོ་ཆེ་དང་། ལང་ཀར་གཤེགས་པ་ལ་སོགས་པའི་གསུང་རབ་རྣམས་ཡིན། ཅིའི་ཕྱིར་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཞེས་བྱ་ཞེ་ན། གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ཤིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང་། ཀུན་བཏགས་བདེན་མེད་དུ་ལེགས་པར་ཕྱེ་ནས་གསུང་བས་ན་དེ་སྐད་ཅེས་བརྗོད་དོ།། ཆོས་འཁོར་ལན་གསུམ་དུ་བསྐོར་བ་ལས། ཆོས་འཁོར་དང་པོས་མེད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཡོད་པར་འཛིན་པ་གཙོ་བོར་གསུངས། དེ་ནས་ཆོས་འཁོར་གཉིས་པས་ཡོད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཆོས་ཐམས་ཅད་མེད་པར་འཛིན་པ་གཙོ་བོར་གསུངས། དེ་ནས་ཆོས་འཁོར་གསུམ་པས། ཆོས་ཀྱི་འཁོར་ལོ་སྔ་མ་གཉིས་ཀྱིས་ཡོད་པར་འཛིན་པ་དང་མེད་པར་འཛིན་པ་ཤས་ཆེ་བར་གྱུར་པ་དེ་ལ་ལེགས་པར་ཕྱེ་སྟེ་ཀུན་བཏགས་བདེན་མེད། གཞན་དབང་བདེན་གྲུབ། ཡོངས་གྲུབ་དོན་དམ་པར་ཡོད་པར་བསྟན་ནོ།།

Tags:

🔥 Trending searches on Wiki བོད་སྐད:

ལུད་ཝིག་ཝིཏ་གེན་སི་ཏེ་ཡིན།ཨོག་ལེན།མགོ་ལོག་ཚིག་ལྷུགཨི་ཏ་ལི།སྐར་མ་གནམ་རྒྱལ།ཁ་ཆེ་ཕུ་ལུ་ཡིའུ་ལི་ཝུའུ་སི་ཁའེ་ས།རིག་པ་ངོ་སྤྲོད་ཅེར་མཐོང་རང་གྲོལ་ཡེ་ཤུའི་ཆོས་ལུགས།མངོན་རྟོགས་རྒྱན་མོ་ཟ་རེལ་ལ། (ཆུར་བ།)ཕ་དམ་པ་སངས་རྒྱས།རྫོང་ཁག་སྒྲོལ་མའི་མཎྜལ་བཞི་ཆོག་མ་ཎི་བཀའ་འབུམ།མག་དལ་མ་མིར་ཡམ།ཧང་ངེ་རྫོང་།ཝ་ཤིན་ཏྲོན།བོད་ཀྱི་སྣོད་བཅུད་ཆགས་ཚུལ།ས་ཡི་སྙིང་པོ།སློབ་གྲྭ་ཆེན་མོ།རྡོ་རྗེ་འཇིགས་བྱེད།དགེ་འདུན་རྒྱ་མཚོ།ནུ་མ།ཨར་མེ་ནི་ཡ།ཊ་ཁར་ཏ།འབྲུག་ཡུལ།དཀོན་མཆོག་རྗེས་དྲན་གོང་དཀར་རྫོང་།མི་རིགས་རིང་ལུགས།སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།སེལ་འོ་སུ་འན་གྱི་སྐདནེའུ་ཡོར་ཀ།ཡ་མ་སོན་གཙང་པོ།ཝིན་སུ་ཏོན་ཆུར་ཆེལ།རྩ་བ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།པོ་ཅ་ཆུའུ།མངོན་བརྗོད་རྩོམ་རིག་གི་བྱུང་བ།ཁ་ན་ཌ།ཧྥིན་ལན།ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ་རྡོ་རྗེ་བྲག་དགོན།སོ་ལོ་མོན་གླིང་ཕྲན་ཚོ་ཁགཅིན་རྒྱལ་རབས།ནང་བའི་དུས་ཆེན་བཞིགེ་སར་རྒྱལ་པོ།ཚོགས་གླུ་མཛེ་ནད།ཁོ་ཧྥེ།ཕ་ཁྲི་རི་ཟེ་ལི་མིན་བ།འཕྲེད་ཐིགཇིང་ཁི་ཁན།རྣམ་དབྱེ་བརྒྱད་དགེ་བ་བཅུ་བཙུན་མ།སྣ་མའི་མེ་ཏོགས་སྐྱ་ལེགས་བཤད།དམྱལ་བ།ཨ་བསྟན་ཕུན་ཚོགས།ཨ་མེ་རི་ཁ་གླིང་ཆེན།མྱུར་མཛད་མ།ལུགས་ཀྱི་བསྟན་བཅོས།🡆 More