ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།

༄༅། །ཆུ་འཛིན་དཀར་པོ་གློག་ཕྲེང་དྲ་བ་ཅན། །

མཁའ་ཡི་མཛེས་བྱེད་འདྲ་བའི་ཡིད་འཕྲོག་མ། །

དྲི་ཟའི་ན་ཆུང་དབུས་ན་འཇོ་སྒེག་མཁན།

རིང་ནས་བརྩེ་བའི་ལྷ་མོ་ད་ཚུར་བྱོན། །

པདྨའི་བཞིན་ལ་གཡོ་ལྡན་བུང་བའི་མིག །

མཐོན་མཐིང་རལ་པའི་རྩེ་ན་འོད་དཀར་ཅན། །

རོལ་སྒེག་གར་གྱིས་འགྱིང་བའི་དབྱངས་ཅན་མ། །

ད་དུང་བདག་ལ་ངག་གི་དབང་ཕྱུག་སྩོལ། །

རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག །

མིག་གིས་ལྟ་བས་མི་ངོམས་ཡིད་འཕྲོག་མ། །

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག །

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད། །

སྟོན་ཟླ་རྒྱས་པའི་དཔལ་ལས་ལྷག་པར་མཛེས། །

ཚངས་དབྱངས་སྙན་པའི་གདངས་ཀྱང་ཟིལ་གྱིས་གནོན། །

ཟབ་ཡངས་རྒྱ་མཚོའི་འཇིང་ལྟར་དཔག་དཀའ་བ། །

དབྱངས་ཅན་ལྷ་མོའི་སྐུ་གསུང་ཐུགས་ལ་འདུད། །

ཨོཾ་སྭ་རཱ་སིད་དྷེ་ཧྲཱིཾ་ཧྲ།

ཅེས་སྒྲ་དབྱངས་ལྷ་མོ་སྤྱན་དྲངས་ནས་བསྟོད་ཅིང་གསོལ་བ་གདབ་པ་ཡུལ་བྱང་ཕྱོགས་ཀྱི་སྙན་དངགས་མཁན་བློ་བཟང་གྲགས་པའི་དཔལ་གྱིས་སྦྱར་བའོ།  །


Tags:

🔥 Trending searches on Wiki བོད་སྐད:

དཔུང་ཚུགས་ཡན་ལག་བཞི་ལུགས་ཀྱི་བསྟན་བཅོས་ཧའི་ཏི།གཡང་ཊི།སད་ཀྱིས་བཅོམ་པའི་མེ་ཏོགཁུ་ནུའི་ངག་སྒྲོན་སིལ་རྔ།དྲོད་ཚད་རྩ་རྫས་ཀྱི་དུས་འཁོར་རེའུ་མིག།ལྷོ་ཀོ་རི་ཡ།ཡེ་ཤུའི་ཆོས་ལུགས།པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་པོ་སྤྱི་ཚོགས་རང་མོས་རེང་ལུགས།ཧོའོ་མར་སིམ་བུ་སན།བོད་རྒྱ་ཚིག་མཛོད་ཆེན་མོC+གནམ་བསྐོས་དགའ་ལྡན་ཕོ་བྲང་ཆོས་ཅན་བརྗོད་པའི་སྒྲ་ལེ་ཉིན།ཚད་མ་རྣམ་འགྲེལ།བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་དཔལ་ལྡན་ལྷ་མོ།རྟགས་ཀྱི་འཇུག་པ་དྷི་ལི།ལང་ཚོའི་རྦབ་ཆུའགྲོ་བ། ཁྱི། འགྲོ་བ།རྒྱ་གར་ཆོས་འབྱུང་བསམ་གྱིས་མི་ཁྱབ་པ་ལྔ་ལྷོ་བྲག་སྲས་མཁར་དགུ་ཐོག།རྒྱན་དྲུག་མཆོག་གཉིས་༡༩༨༦ལོ།རིག་བྱེད་ཡན་ལག་དྲུགམི་ཕམ་མཁས་འཇུག་འཇར་མན།ཕྱོགས་ཀྱི་གླང་པོ།ཆོས་རྗེ་ཨ་དཀོན་རིན་པོ་ཆེ།དེབ་ཐེར་དཀར་པོ།ཐ་ཇི་ཁེ་སི་ཏན།ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་འདུ་བྲལ་སྒྱུ་མའི་རང་མདངས།ཁ་དོག་སྐོར་གླེང་བ།ཀིརྟི་སྐུ་ཕྲེང་བརྒྱང་པ་བློ་བཟང་འཕྲིན་ལས་བསྟན་པ་རྒྱ་མཚོ་ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་སློབ་དཔོན་སེང་གེ་བཟང་པོ།ཐོན་མི་སམ་བྷོ་ཊ་ལྡེ་སྣོལ་པོ།༢༠༠༦ལོ།ཆོས་སྡིངས་དགོནམྱུར་མཛད་མ།རྣམ་དབྱེ་བརྒྱད་དཀོན་མཆོག་གསུམ།མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་མ་ལ་ཤི་ཡ།ཀེ་རི་སི།བཀྲ་ཤིས་བརྒྱད་པཟླ་༢ཚེས་༦ཉིན་རྒྱ་མཚོ་ཆེན་པོའི་གླིང་ཆེན།ཨིན་རྡུ་ནི་ཤིས་ཡ།༢༠༡༠ལོ།ཚོགས་བདགསེ་ར་དགོན།ལོ་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།མི་ཤེས་པའི་རྒྱུ་བཞི།པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་ཀརྨ་པ་མི་བསྐྱོད་རྡོ་རྗེ་🡆 More