ཀརྨ་པ་མི་བསྐྱོད་རྡོ་རྗེ་

(ཀརྨ་པ་སྐུ་ཕྲེང་དགུ་པ)སྐུ་ཕྲེང་བརྒྱད་པ་དགོངས་པ་གཞན་དོན་དུ་གཤེགས་ནས་ལོ་གཅིག་དང་ཟླ་བ་ངོ་བཅུ་གཅིག་ཙམ་སོང་བ་རབ་བྱུང་དགུ་པའི་མེ་འབྲུག(༡༥༥༦)ལོའི་བོད་ཟླ་བདུན་པའི་འགོར་མདོ་ཁམས་ཏྲེ་བོའི་ཡུལ་ཁ་བ་གླང་རིའི་ཞོལ་སྟག་བཟང་དུ་ཡབ་ཨ་རྡོར་དང་། ཡུམ་གླིང་བཟའ་ཨ་ལོད་ཀྱི་སྲས་སུའཁྲུངས། ཟླ་བ་ངོ་ཁ་ཤས་ནས་བཟུང་ལོ་དྲུག་ཙམ་གྱི་རིང་སྐུ་གོང་མའི་དངོས་སློབ་དང་། ཞབས་འབྲིང་བཅས་ནས་སྤྲུལ་སྐུའི་ཡང་སྲིད་ཡིན་མིན་གྱི་བརྟག་དཔྱད་ཐེངས་མང་ཐོག་ངོས་འཛིན་འཁྲུལ་མེད་བྱུང་སྟེ་དགུང་ལོ་དྲུག་ལ་ཕེབས་པ་ལྕགས་བྱ(༡༥༦༡)ལོར་ཞྭ་དམར་རིན་པོ་ཆེས་ཀརྨ་པ་སྐུ་ཕྲེང་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་གཏན་འཁེལ་མཛད་དེ་གཙུག་ཕུད་བཞེས། མཚན་མི་ཕམ་ཆོསཀྱི་དབང་ཕྱུག་ཏུ་གསོལ། དགུང་ལོ་ལྔ་ལ་ཕེབས་པ་ཤིང་གླང(༡༥༦༥)ལོར་གདན་ས་མཚུར་ཕུའི་ཁྲི་ལ་བཀོད། དེ་ནས་མི་རིང་བར་རྗེ་ཞྭ་དམར་བས་མཁན་པོ་དང་། དཔའ་བོ་སྤྲུལ་སྐུ་རིན་པོ་ཆེས་ལས་ཀྱི་སློབ་དཔོན་མཛད་དེ་དགེ་ཚུལ་གྱི་སྡོམ་པ་བཞེས་པའི་མཚན་ལ་མི་ཕམ་ཆོས་ཀྱི་དབང་ཕྱུག་རྡོ་རྗེ་གར་དབང་ཕྱོགས་ལས་རྣམ་རྒྱལ་ཞེས་གསོལ། དེ་ནས་བཟུང་སྔ་རྗེས་སུ་རྗེ་ཞྭ་དམར་སྐུ་ཕྲེང་ལྔ་པ་དང་། དཔའ་བོ་སྤྲུལ་སྐུ་རིན་པོ་ཆེ། མཁས་དབང་རྣམ་རྒྱལ་གྲགས་པ་བཅས་རྩ་བའི་བླ་མར་བསྟེན་པ་གནང་སྟེ་གཞུང་ཆེན་བཀའ་པོད་ལྔ་དང་རྒྱུད་སྡེ་བཞིའི་དབང་བཀའ་རྗེས་གནང་ཁྲིད་ལུང་ཐུན་མོང་རིག་གནས་ལྔ་སོགས་ཆ་ཚང་བར་གསན། དགུང་ལོ་ཉི་ཤུ་རྩ་བཞིར་ཕེབས་པ་ས་ཡོས(༡༥༧༩)ལོར་རྗེ་ཞྭ་དམར་བས་མཁན་པོ་དང་། རྒྱལ་ཚབ་སྤྲུལ་སྐུས་ལས་སློབ་མཛད་དེ་དགེ་སློང་གི་སྡོམ་པ་བཞེས། དབུས་གཙང་། ལྷོ་ཁ། མོན། ཁམས། ཀོང་པོ། སྤོ་བོ་སོགས་སུ་སྐུ་ཕྲེང་གོང་མའི་དུས་ལྟར་ཐེངས་ཁ་ཤས་ཕེབས་ཏེ་ཆོས་བརྒྱུད་དར་རྒྱས་སུ་མཛད་པ་དང་ས་གནས་ཁག་གི་འཁྲུགས་རྩོད་མང་པོ་འདུམ་འགྲིག་མཛད། རྒྱལ་དབང་སྐུ་ཕྲེང་གསུམ་པ་བསོད་ནམས་རྒྱ་མཚོ་དང་ཕན་ཚུན་ཐུགས་འདྲིས་འབྲེལ་བཟང་རྒྱུན་འཁྱོངས་མཛད་པའི་ཟིལ་ཤུགས་ལ་བརྟེན་ནས་ཞལ་བཞུགས་རིང་ཀརྨ་བཀའ་བརྒྱུད་དང་། དགེ་ལུགས་བར་གྱི་འགལ་བའི་རྣམ་པ་མི་མངོན་པར་གྱུར་པ་བཅས་བསྟན་པ་སྤྱི་དང་། བོད་མི་རིགས་ཡོངས་ལ་ཕན་རླབས་ཆེ་བའི་མཛད་པ་བསྐྱངས། དགུང་ལོ་ཞེ་བརྒྱད་དུ་ཕེབས་པ་རབ་བྱུང་བཅུ་པའི་ཆུ་ཡོས(༡༦༠༣)ལོར་དགོངས་པ་མྱ་ངན་ལས་འདས། གསུང་རྩོམ་སྐོར《ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག》《དབུ་མ་འཇུག་པའི་འགྲེལ་པ》《མངོན་པ་མཛོད་ཀྱི་འགྲེལ་པ》སོགས་གསུང་འབུམ་པོད་བཅུ་སྐོར་ཡོད། ཞིབ་པར་《ཀརྨ་ཀམ་ཚང་གི་ཆོས་འབྱུང》པོད་གཉིས་པའི་གྲངས་༧༣ནས༡༢༡བར་གསལ།

ཀརྨ་པ་མི་བསྐྱོད་རྡོ་རྗེ་
ཀརྨ་པ་མི་བསྐྱོད་རྡོ་རྗེ་

དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

Tags:

🔥 Trending searches on Wiki བོད་སྐད:

མེ་ཏོག་ལྡུམ་རའི་ནང་གི་ཀླན་ཀ་ཞོགས་དུང་།སྨོན་ལམ་རབ་འབྱམས་འཁོར་ལོ་མགེ་སར་རྒྱལ་པོ།སྣང་སྲིད་རིག་པ།གྲི་གུམ་བཙན་པོ།ཨལ་གྷོར་ལ་སེལ་རྩིས།དབང་ཕྱུག་ཆེན་པོ།ཁྲི་སྒྲ་དཔུང་བཙན།རྐང་ལམ་ཕྲ་མོབཙན་པོའི་བང་སོ།འཛམ་གླིང་འཁྲུག་ཆེན་གཉིས་པ་མངོན་བརྗོད།་སེ་ར་དགོན།རྡོ་རྗེ་འཇིགས་བྱེད།མངོན་རྟོགས་རྒྱན་སའི་གོ་ལ།དཀོན་མཆོག་རྗེས་དྲན་གླང་མདུན་དཔལ་འབྱོར་བུ་ཤ་ཟོས་པའི་དགེ་སློང་མ་ཞིག་གི་གཏམ་རྒྱུད་རྩ་རྒྱུད།ཟླ་༡༡ཚེས་༢༧ཉིན་སོ་ཁྲི་བཙན་པོ།སྲིབ་ཁྲི་བཙན་པོ།ཞི་ཅིན་ཕིངཏུན་ཧོང་བྲག་ཕུག།གུ་རུའི་རྣམ་ཐར།རྣམ་པར་རེག་བྱེད་མ་ཡིན་པའི་གཟུགས་ཅི་ཡུས་མུའུ་ཙུའུ་ཏེ་ལ་ལྷ་ཁང་།གཞིས་ཀ་རྩེ་གྲོང་ཁྱེར།དོམ་ཁྲལྷ་ས་གཙུག་ལག་ཁང་ཟླ་བ་བཅུ་གཉིས་གའཀཁེ་ལི་སི་ཏི་ཡ་ནུའོ་རོ་ནའར་ཏུའོ།དམིགས་བརྩེ་མ།རབ་གནས་ཀྱི་བཤད་སྦྱར་རྣམ་དབྱེ་བརྒྱད་༡༨༠༢ལོ།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་གསུམ་པ།ལི་ཐུ་ཨེ་ནི་ཡ།དོལ་པོབེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ། ཚོར་བའི་རླབས་རིས།ཟླ་༧ཚེས་༦ཉིན་བྱམས་པ་སྤུན་གསུམ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།བོད་མཁས་པ་མི་ཕམ་དགེ་ལེགས་རྣམ་རྒྱལ།༼ར་མ་ཡ་ན།༽མཚོ་དབུས་གེ་སར་དེ་ཤོ་ལེགས།རྒྱལ་ཁབ་དག་གི་མིང་།སྐུ་གཟུགས་བཞེངས་པའི་ཕན་ཡོན།ལྷ་མེད་སྨྲ་བ་པོ།དུག་སེལ།ཚེ་མདོཀེ་རི་སིའི་དབྱངས་གསལ་རེའུ་མིགའོད།བོད་ཀྱི་རྩོམ་རིགཁྲི་ལྡེ་གཙུག་བརྟན།ཐི་ཤོ་ལེགས།ཨལ་པ་ཉི་ཡ།མཐུན་གསུམདམངས་གཙོ་སུ་རི་ནེམ།འཇམ་དཔལ་མཚན་བརྗོད་🡆 More