ཆོས་

ཆོས་ཞེས་པར་གོ་དོན་མི་འདྲ་བ་མང་པོ་ཡོད་ཀྱང་སྤྱིར་ན་ཆོས་ནི་དཀོན་མཆོག་གསུམ་གྱི་ནང་གི་ཆོས་དཀོན་མཆོག་སྟེ་ཆོས་དངོས་ནི་རང་བརྒྱུད་ཀྱི་ཉོན་རྨོངས་སྤངས་པའི་འགོག་པ་དང་། ཉོན་རྨོངས་དེ་སྤོངས་བྱེད་ཀྱི་ལམ་དེ་ཉིད་ཡིན་ཅིང་། དེ་ལ་རྟོགས་པའི་ཆོས་ཟེར་བ་དང་། རྟོགས་པའི་ཆོས་དེ་མཚོན་བྱེད་ཀྱི་གསུང་རབ་གླེགས་བམ་རྣམས་ནི་ཐོས་བསམ་བྱ་བའི་གཞི་ཡིན་པས་ལུང་གི་ཆོས་དཀོན་མཆོག་ཟེར། སྤྱིར་ཆོས་ལ་ལེགས་སྦྱར་སྐད་དུ་དྷརྨ་dharmaཞེས་པ་དང་། དེའི་དོན་ནི་འཛིན་པས་ན་ཆོས་ཞེས་བྱ་ལ། འདོད་འཇོ་ལས། ཐམས་ཅད་འཛིན་པས་ན་དྷརྨ་སྟེ་ཆོས་སོ། །ཞེས་གསུངས། དཔེར་ན་ཤེས་བྱ་ལ་ཆོས་ཞེས་བརྗོད་པའི་རྒྱུ་མཚན་ནི་རང་གི་མཚན་ཉིད་འཛིན་པས་ན་དེ་ལྟར་བརྗོད། དེས་ན་ཆོས་ཞེས་བྱ་བའི་སྒྲ་དེ་དོན་བཅུ་ལ་འཇུག་སྟེ 《རྣམ་བཤད་རིག་པར》ཆོས་ནི་ཤེས་བྱ་ལམ་དང་ནི། །མྱ་ངན་འདས་དང་ཡིད་ཀྱི་ཡུལ། །བསོད་ནམས་ཚེ་དང་གསུང་རབ་དང་། །འབྱུང་འགྱུར་ངེས་དང་ཆོས་ལུགས་ལའོ། །ཞེས་གསུངས། དེ་དག་ལས་མཆོག་ཏུ་གྱུར་པ་ནི་ལམ་དང་མྱང་འདས་དང་གསུང་རབ་རྣམས་ཡིན་ནོ། །རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱ་རྣམས་ཀྱི་དོན་དུ་མཛད་པ་འཕྲིན་ལས་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པ་དེ་ཐམས་ཅད་ཀྱི་ནང་ནས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བ་ནི་འཕྲིན་ལས་ཐམས་བཅད་ལས་ཆེས་ཁྱད་དུ་འཕགས་པའམ་མཆོག་ཏུ་གྱུར་པ་ཞིག་ཡིན། དེ་ལ་དམ་པའི་ཆོས་ཞེས་པ་ཇི་སྐད་དུ། སྡུག་བསྔལ་དག་ནི་ཐམས་ཅད་དང་། །སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། །ཞེས་པ་ལྟར་གང་ལ་དམིགས་ན་ལུས་ཅན་རྣམས་ཀྱི་སྒྲིབ་པ་ཟད་པའི་ཐབས་སུ་གྱུར་པའི་རྣམ་དཀར་གྱི་ཡོན་ཏན་ཞིག་ལ་དམ་པའི་ཆོས་ཀྱི་མཚན་ཉིད་ཅེས་བརྗོད་པ་ཡིན། མཚན་གཞི་ནི་འགོག་ལམ་གྱིས་བསྡུས་པའི་ཟག་མེད་ཀྱི་ཆོས་རྣམས་དང་ཚད་ལྡན་གྱི་བཀའ་བསྟན་བཅོས་རྣམས་ཡིན། ལེགས་སྦྱར་སྐད་ཀྱི་དྷརྨ་ཞེས་པ་བོད་སྐད་དུ་དམ་པའི་ཆོས་ཞེས་པར་འཇུག་སྐབས་དེའི་སྒྲ་བཤད་ནི་དམ་པ་ནི་སྟོན་པ་སངས་རྒྱས་ཡིན་ལ་དེས་བསྟན་པའི་ཆོས་ཡིན་པས་དམ་པའི་ཆོས་སམ་ཡང་ན་སྐྱེས་བུ་དམ་པ་རྣམས་ཀྱིས་སྤྱད་པར་བྱ་བའི་ཆོས་ཡིན་པའི་ཕྱིར་དེ་སྐད་ཅེས་བྱའོ། །དམ་པའི་ཆོས་དེ་ལ་དབྱེ་ན། བརྗོད་བྱ་རྟོགས་པའི་དམ་པའི་ཆོས་དང་། རྗོད་བྱེད་ལུང་གི་དམ་པའི་ཆོས་གཉིས་ཏེ། མཛོད་ལས། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། །ལུང་དང་རྟོགས་པའི་བདག་ཉིད་དོ། །ཞེས་སོ། །

ཆོས།

Tags:

🔥 Trending searches on Wiki བོད་སྐད:

བར་དོའི་སྨོན་ལམ་འཇིགས་སྐྱོབས་མ་བྱིས་སྒྲུང་སློབ་དཔོན་དབྱིག་གཉེན་མཚོ་ནུབ་སོག་རིགས་དང་བོད་རིགས་རང་སྐྱོང་ཁུལ་ཨེ་ཏི་མོན་ཐོན།དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དུས་རབས།ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་རྟགས་ཀྱི་འཇུག་པ་གསའ་གཟིགརྒྱལ་བ་བསྟན་འཛིན་རྒྱ་མཚོ་རང་དབང་ཅན་གྱི་ཚིག་ཕྲད་དྲུགཚངས་དབྱངས་རྒྱ་མཚོའི་མགུར་གླུ།ལམ་གཙོ་རྣམ་གསུམ་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་ཀོ་ཀིའི་གླུ་དབྱངས།སྙུང་གནས་ཀྱི་རྣམ་བཤད་དང་ཕན་ཡོན་སྐོར་ཕྱོགས་བསྒྲིགསབཙན་བྱོལ་བོད་གཞུང་།པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་ཏའི་པརེའི་པ། (རི་མོ་འབྲི་མཁའན།)དང་སྒྲ་སྒྲིབ་གཉིས་་ས་སྐྱ་ལེགས་བཤད།དཔལ་ལྡན་ལྷ་མོ།ལོ་ཞི་བ་ལྷ།སི་ཝེ་དེན།ཆུ་ཤིང་བསྟན་་བཅོས་སྒྲ་སྙན།རྡ་རམ་ས་ལ།དིང་རི་བརྒྱད་ཅུ་པ་སིད་ནེ་ཟློས་གར་ཁང་།ཀའོ་ཧྲན་མི།སད་ཀྱིས་བཅོམ་པའི་མེ་ཏོགདམག་འཁྲུགཚན་རིགཨར་བྱང་ཆུབ་ཡེ་ཤེས་པན་ཆེཎ་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་རྩོམ་སྒྲིག་བྱེད་བཞིན་པ་ཁྱིམ་པའི་ཆོས་ངན་པ་བཞི་སྙིང་གཏམ་སུམ་ཅུ་པ་གངས་ཆེན་མཛོད་ལྔ་ལྷ་ཐོ་ཐོ་རི་གཉན་བཙན་མཚོན་ཆ།དབུས་མཐའ་རྣམ་འབྱེད་སའི་གོ་ལ།རིགས་བཞི།མྱུར་མཛད་མ།ཞྭ་དམར་པ།ཟླ་༡༠ཚེས་༡༤ཉིན་《སངས་རྒྱས་བཀྲོངས་པ》གཞིས་ཀ་རྩེ་ས་ཁུལ།འཇམ་དཔལ་མཚན་བརྗོད་ཆོས་རྗེ་ཨ་དཀོན་རིན་པོ་ཆེ།རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་ཀེར་ལངས།ཟླ་༢ཚེས་༦ཉིན་མིག་གིའི་ཙི་ཙི།ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་དགའ་ལྡན་དགོན།རྒྱལ་སྤྱིའི་མིག་མངས།ཞི་བདེ།ཨོཾ་མ་ཎི་པ་དྨེ་ཧཱུྃ།དྲོད་ཚད་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བསྡུ་བ་ཐེངས་གསུམ་སའུ་དི་ཨ་ར་པི་ཡ།བྱང་ཆུབ་སེམས་དཔའི་སྤྱོད་པ་ལ་འཇུག་པ།དགེ་འདུན་ཆོས་འཕེལ།ཁམས་དཀར་གཏོང་བ་🡆 More