བྱིས་སྒྲུང་

འདིར་བྱིས་སྒྲུང་འགའ་འཀོད་པ་འདིས་གངས་ལྗོངས་ཀྱི་བྱི་པའི་ཚོགས་ལ་ཕན་པར་སྨོན་

སེང་གེ་དང་རི་བོང་།

སྔ་མ་ཡུལ་ཞིག་ཏུ་སེང་གེ་གཅིག་དང་རི་བོང་གཅིག་མཉམ་དུ་གནས་བཅའ་བའི་སྐབས་སུ་སེང་གེ་རང་བཞིན་གྱིས་ང་རྒྱལ་ཆེ་བ་དང་རི་བོང་སྟོབས་ཆུང་བ་དེ་ལ་སེང་གེས་རྟག་ཏུ་འཕྱ་སྨོད་དང་གནོད་པ་གྲངས་མེད་བྱས་སྟབས་མཐར་དེ་ཡིད་བསུན་ཅིང་ཁོང་ཁྲོ་ལངས་ཏེ་“ཀྱེ་རྒྱལ་པོ་ཁྱེད་ཀྱིས་ང་ལ་གནོད་ཇི་ཙམ་བྱས་ཀྱང་ངས་བཟོད་པ་བྱེད་ཀྱི་ཡོད། འོན་ཀྱང་རྒྱལ་པོ་ཁྱེད་དང་འདྲ་བའི་སེམས་ཅན་ཞིག་གིས་རྒྱལ་པོ་ཁྱེད་ཀྱིས་ཁོང་དང་སྟོབས་འགྲན་ནུས་ན་སྟོབས་འགྲན་རྒྱུ་དང་། འགྲན་མ་ནུས་ན་ཁོང་གི་བྲན་དུ་བཀོལ་རྒྱུ་ཡིན་ཞེས་ཤོད་ཀྱི་འདུག་”ཅེས་བཤད། དེར་སེང་གེ་ང་རྒྱལ་ཤིན་ཏུ་ཆེ་བས་“ད་ལྟ་གང་ན་འདུག་གམ། དེ་དང་སྟོབས་འགྲན་རྒྱུ་ཡིན་”ཞེས་བཤད། རི་བོང་གིས་སེང་གེ་དེ་ཁྲིད་ནས་ཁྲོན་པ་ཤིན་ཏུ་གཏིང་རིང་བ་ཞིག་བསྟན་ནས་“ཕ་གིའི་ནང་ན་འདུག་”ཅེས་བཤད། སེང་གེས་ཁྲོན་པའི་འགྲམ་དུ་སོང་སྟེ་མར་བལྟས་པས་ཆུ་ནང་ནས་རང་གི་གཟུགས་བརྙན་གསལ་བ་དེ་དགྲ་བོ་རེད་བསམས་ཏེ་དྲིས་ན་ཁོས་ཀྱང་འདྲི་བར་མངོན། འཁྲབ་ན་གཟུགས་བརྙན་དེས་ཀྱང་འཁྲབ། དེས་མཆེ་བ་གཙིགས་ན་ཁོས་ཀྱང་མཆེ་བ་གཙིགས་པར་མངོན། དེ་དག་ལ་སོགས་པ་ལུས་ཀྱི་རྣམ་འགྱུར་སྣ་ཚོགས་བསྟན་ན་དེས་ཀྱང་དེ་ལྟར་བྱེད་པས་སེང་གེ་འདིས་ང་རྒྱལ་གྱིས་མ་བཞག་པར་དེའི་ནང་མཆོངས་བས་དེར་ཤི། དེས་ན་བློ་གསལ་རི་བོང་དེ་རྣམ་པར་རྒྱལ་བར་གྱུར།


རུས་སྦལ་ས་ལ་ལྷུང་བ།

རུས་སྦལ་ས་ལ་ལྷུང་བ། སྔོན་རྫིང་བུ་གཅིག་ལ་རུས་སྦལ་གཅིག་དང་ངང་པ་གཉིས་གནས་ཡོད། དུས་ཤིག་ཐན་པ་བྱུང་ནས་རྫིང་བུ་དེ་བསྐམས་པས་ངང་པ་གཉིས་པོས་རུས་སྦལ་ལ་“ང་གཉིས་འདི་རུ་སྡུག་མི་བཟོད་པས་རྫིང་བུ་གཞན་ཞིག་ཏུ་འགྲོ་བ་ཡིན་”ཞེས་བཤད། དེར་རུས་སྦལ་གྱིས་“གྲོགས་པོ་ངའང་མ་བཞག་པར་ཁྲིད་རོགས་”ཞེས་བཤད། དེས་ན་རུས་སྦལ་གྱིས་ཐབས་སུ་ཤིང་ཐུར་ཞིག་གི་དཀྱིལ་ལ་སོ་བརྒྱབ། ངང་པ་གཉིས་ཀྱིས་ཤིང་དེའི་སྣེ་གཉིས་ནས་སོས་བཏེགས་ནས་མཁའ་ལ་འཕུར་ཏེ་སོང་། ངང་པ་གཉིས་ཀྱིས་དེ་ལྟར་རུས་སྦལ་ཁྱེར་ཏེ་ནམ་མཁའ་ལ་སོང་སོང་བའི་དུས་གང་འཚམས་ཤིག་ན་སྐད་ཆ་ཤོད་འདོད་དེ་ཁ་གདངས་བས་དེ་མ་ཉིད་དུ་རུས་སྦལ་ས་ལ་ལྷུང་།


རི་བོང་ཅལ་འདྲོགས།

རི་བོང་ཅལ་འདྲོགས། སྔོན་མཚེའུ་ཞིག་གི་འགྲམ་ན་ཤིང་བིལ་བའི་ཚལ་ཡོད་པ་དེར་རི་བོང་དྲུག་གནས་ཡོད་པ་དང་། ཤིང་བིལ་བའི་ཚལ་དེ་ནས་བིལ་བ་ཞིག་མཚེའུའི་ནང་དུ་ལྷུང་བ་དང་“ཅལ་”ཟེར་བའི་སྒྲ་བྱུང་བ་དེ་རི་བོང་དྲུག་པོས་ཐོས་པས་སྐྲག་ནས་བྲོས། དེ་དག་བྲོས་པ་ཝ་མོ་ཞིག་གིས་མཐོང་ནས་ཁོ་ཚོར་“གང་གི་དོན་དུ་བྲོས་འགྲོ་བ་ཡིན་”ཞེས་དྲིས། དེར་ཁོ་ཚོས་“ཅལ་བྱུང་ངོ་”ཞེས་བཤད་པས་ཝ་མོ་ཡང་བྲོས། དེ་བཞིན་དུ་སྤྲེའུ་དང་། རི་དྭགས། ཕག མ་ཧེ། བསེ། གླང་པོ་ཆེ། དོམ། དྲེད། གུང་། སྟག སེང་གེ་རྣམས་ཀྱིས་ཀྱང་བྲོས་སོ། རི་ཞིག་གི་འཁྲིས་སུ་སེང་གེ་རལ་པ་ཅོད་པན་ལྟ་བུ་དང་ལྡན་པ་ཞིག་ཡོད་པ་དེས་སེང་གེ་སོགས་བྲོས་པ་མཐོང་ནས་“ཁྱེད་ཚོ་སྡེར་མོ་དང་མཆེ་བའི་སྟོབས་ཅན་ཡིན་ན་གང་གི་དོན་དུ་བྲོས་སམ་”ཞེས་དྲིས།

སེང་གེས་“ཅལ་ཟེར་བ་དེ་གང་ནས་བྱུང་”ཞེས་དྲིས། དེར་ཁོ་ཚོས་“ག་ནས་བྱུང་བ་མི་ཤེས་”ཞེས་བཤད། 

སེང་གེས་“ཁྱོད་ཚོ་མ་བྲོས་ཤིག བརྟག་དཔྱད་བྱེད་དོ། ཁྱོད་ལ་སུས་བཤད་བྱུང་ངམ་”ཞེས་དྲིས། ཁོ་ཚོས་“སྟག་གིས་བཤད་བྱུང་”ཞེས་ལན་བཏབ།

དེ་བཞིན་དུ་ཝ་མོས་“རི་བོང་གིས་བཤད་བྱུང་”ཟེར། རི་བོང་ལ་ཁྱོད་ལ་སུས་བཤད་བྱུང་”ཞེས་དྲིས་པའི་ལན་དུ་རི་བོང་གིས་“ང་ཚོས་འཇིགས་པ་དེ་མངོན་སུམ་དུ་མཐོང་བྱུང་།  ཚུར་ཤོག་དང་། ཅལ་ཟེར་བ་དེ་ག་ནས་བྱུང་བ་བསྟན་ནོ་”ཞེས་བཤད་དེ་སེང་གེ་ཁྲིད་ནས་བིལ་བའི་ཚལ་བསྟན་ཏེ་“ཅལ་ཟེར་བ་དེ་འདི་ནས་བྱུང་ངོ་”ཞེས་བཤད་པ་དང་ཡང་ཚལ་དེ་ནས་བིལ་བ་ལྷུང་སྟེ་ཅལ་ཟེར་བ་ཞིག་བྱུང་བས་སེང་གེས་“འདི་ནི་ཅལ་མ་ཡིན་པས་མ་ཞེད་ཅིག་”ཅེས་ཟེར་རོ། 


བློ་གྲོས་ཀྱིས་བཏུལ་བ།

བློ་གྲོས་ཀྱིས་བཏུལ་བ། ནགས་ཚལ་སྟུག་པོའི་ཁྲོད་དུ་རི་བོང་མང་པོ་ཞིག་གནས་ཡོད་པ་དེ་ཚོས་བར་ཐག་མི་རིང་བ་ན་མཚོ་ཆུང་ཆུང་ཞིག་ཡོད་པ་དེར་ཆུ་འཐུང་བ་ལ་སོགས་ཉེ་འདབས་སུ་འཁོར་ཞིང་འཚོ་བ་སྐྱེལ་བཞིན་ཡོད། ཉིན་ཞིག་དཔྱིད་ཀའི་ཚད་པས་གདུངས་པའི་གླང་པོ་ཆེའི་ཁྱུ་ཚོགས་དེར་སླེབས་ཏེ་རྫིང་བུ་དེ་བརྫིས་བ་དང་གནོད་བྱས་ཏེ་རི་བོང་རྣམས་ཀྱང་ས་དེ་ནས་ཕུད། དེས་ན་རི་བོང་ཐམས་ཅད་མཉམ་དུ་འཚོགས་ཏེ་གང་འདྲ་བྱེད་རྒྱུའི་ཐད་གྲོས་བསྡུར་བྱས་ཤིང་། རི་བོང་གཅིག་གིས་ང་ལ་ཐབས་ཡོད། ཁྱོད་རྣམས་ཀྱིས་ང་ཧ་ཅང་མཐོ་བའི་ཤིང་སྡོང་ཞིག་གི་རྩེར་སྐྱོལ་ཅིག་ཅེས་བཤད་པ་ལྟར་རི་བོང་ཐམས་ཅད་ཀྱིས་ཁོ་ཤིང་སྡོང་མཐོན་པོའི་རྩེར་བསྐྱལ། དེ་ནས་གླང་ཆེན་གྱི་ཚོགས་རྣམས་དེར་འཚོགས་པས་རི་བོང་དེས་སྐད་གསང་མཐོན་པོས་“ཝ་ཡེ། ཁྱོད་ཚོ་སྡོད་ཚུགས་ཤིག་”ཅེས་བཤད་པར་གླང་ཆེན་དེ་རྣམས་ཀྱིས་གདོང་གྱེན་དུ་ཕྱོགས་ནས་“ཁྱེད་སུ་ཡིན་”ཞེས་དྲིས། རི་བོང་དེས་“ང་སྐལ་ལྡན་ཟླ་བའི་བང་ཆེན་ཡིན། ཟླ་བས་ང་འདི་ཕྱོགས་སུ་ཆེད་དུ་མངགས་ནས་བཀའ་འདི་ལྟར་ཡོད་པ་སྟེ། ཁོང་གི་གྲོད་ཁོག་ལ་གནས་པའི་སྲོག་ཆགས་གཞན་དང་མི་འདྲ་བ་འདི་རྣམས་ཡུལ་དེ་ནས་ཕྱིར་འབུད་བྱས་ན་ཁྱོད་རྣམས་ལ་ཚ་ཟེར་འཕྲོས་ཏེ་སྲེག་པར་བྱེད་རྒྱུ་ཡིན་ཞེས་གསུང་གིན་གདུག་”ཅེས་བཤད་པ་དང་། ཡང་རི་བོང་དེས་གླང་ཆེན་རྣམས་ལ་སྤྲིན་གསེབ་ཏུ་མི་གསལ་བར་འོད་ཉམས་ཏེ་གནས་པའི་ཚེས་བཅུ་བཞིའི་ཟླ་བ་དེ་བསྟན་ནས་“ལྟོས་དང་། ཟླ་བ་འདི་ནི་ཁྱོད་རྣམས་ལ་ཁྲོས་ཏེ་ལྡབ་གཉིས་ཆེ་རུ་སོང་མི་འདུག་གམ། ཁྱོད་རྣམས་བསྲེགས་ནས་འཆི་བར་མ་འདོད་ན་ངའི་སྐད་ཆར་ཉོན་ཅིག ངའི་རིགས་ལ་གནོད་འཚེ་མ་བྱེད་ཅིག་”ཅེས་བཤད།དེས་ན་གླང་ཆེན་རྣམས་གྲོས་བྱས་ཏེ་དེ་ལྟར་ཞུ་ཡི་ཡིན་ཞེས་ཁས་བླངས། རི་བོང་དེས་འོ་ན་ང་ཁྱོད་ཀྱི་མགོ་ལ་འབབ་ཀྱི་ཡིན་ཟེར་བཤད་དེ་མར་མཆོངས་ནས་སྤྲིན་དང་བྲལ་བའི་ཟླ་བ་དེ་གླང་པོ་ཆེའི་ཚོགས་ལ་བསྟན་ཏེ་“ད་ནི་སྐལ་ལྡན་ཟླ་བ་ཁྱོད་རྣམས་ལ་ཁྲོས་མི་འདུག ཁྱོད་རྣམས་བདེ་བར་སོང་ཞིག རྗེས་སུ་འདིར་སླར་ཡང་མ་ཡོང་”ཞེས་བཤད་པས་གླང་ཆེན་རྣམས་རང་རང་གི་སྡོད་གནས་སུ་བདེ་བར་སོང་བ་རེད།

ངོ་ཚ་ནི་ཡར་རྒྱས་ཀྱི་རྩ་བ་ཡིན།

རིག་གྲོལ་ནི་ཕ་ཚེ་རིང་དང་མ་ཆོས་སྐྱིད་གཉིས་ཀྱི་བུ་གཅིག་པུ་དེ་ཡིན་པས།ཁོང་བཟའ་ཟླ་གཉིས་ཀྱི་དཔྲལ་བའི་མིག་དང་།ཁོག་པའི་སྙིང་ལྟར་གཅེས་བཞིན་ཡོད་པ་མ་ཟད།ནམ་རྒྱུན་སློབ་གྲྭར་འགྲོ་ཁར་ཧིན་སྒོར་བརྒྱ་ཆད་མེད་དུ་གནང་བཞིན་ཡོད།


རིག་གྲོལ་ནི་རང་བཞིན་གྱི་སྤྱང་གྲུང་ལྡན་ཡང་།ཕ་མ་གཉིས་ཀྱི་གནང་བའི་དངུལ་དེ་འཁྱེར་ནས་དགོས་མཁོ་ཆེ་བའི་དཔེ་དེབ་ཉོ་རྒྱུ་ལས།ནམ་རྒྱུན་ལམ་ཟུར་ན་ཡོད་པའི་བྱིས་པའི་རོལ་རྩེད་ཁང་དུ་དེང་གི་འཕྲུལ་ཆས་ལ་མགོ་འཁོར་ནས།མཚམས་མཚམས་སུ་སློབ་གྲྭ་མི་འགྲོ་བ་དང་།སློབ་གྲྭར་སོང་ཡང་དགེ་རྒན་གྱི་སློབ་ཚན་ལ་དོ་སྣང་མི་བྱེད་པར།ཁ་གཡེང་མིག་གཡེང་བྱས་ནས་ཉི་མ་གཏོང་ཐབས་བྱེད་བཞིན་ཡོད།


དེའི་རྐྱེན་གྱིས་ནམ་རྒྱུན་ཡིག་ཚད་བཏང་ན་(ཀླད་ཀོར)སྒོང་ང་རྐྱང་རྐྱང་ལེན་བཞིན་ཡོད་པས།སློབ་གྲོགས་ཚོས་ཁོ་ལ་སྒོང་ངའི་རྒྱལ་བོ་ཞེས་མིང་ཐོ་ཞིག་བཏགས་ཡོད་པ་མ་ཟད།ད་དུང་ལོ་རེར་སློབ་གྲོགས་ཚོ་དང་ཕ་མའི་ཚོ་འདུ་འཛོམས་ཀྱི་ཉིན་མོ་ལ་མདུན་དུ་ཡར་ལངས་ནས་ཕ་མ་གཉིས་ལའང་ངོ་ཚ་བཟོས་པ་ཉུང་ཉུང་ཞིག་གཏན་ནས་མིན།


དེའི་སྐབས་སུ་ཁོའི་སེམས་སུ་ད་ནས་བཟུང་ཕ་མ་གཉིས་ཀྱི་གནང་བའི་སྒོར་བརྒྱ་དེ་ངའི་ཡིག་ཚད་ཀྱི་གྲུབ་འབྲས་ལ་ལེན་རྒྱུ་མ་ཟད།ཡིག་ཚད་ཀྱི་གྲུབ་འབྲས་སྒོང་ང་དེ་ཞོགས་པའི་ངའི་ཁ་ཟས་སུ་ལོངས་སུ་སྤྱད་ནས་ཤུགས་བརྒྱག་ངེས་ཡིན་པའི་དམ་བཅའ་སེམས་སུ་བཟུང་ནས།ཞོགས་པ་སྔ་མོ་ལངས་པ་དང་དགོང་མོ་འཕྱི་བོ་བྱས་ཏེ་སློབ་ལ་འབད་པ་གནང་བས་སློབ་གྲྭའི་རྒྱུགས་འབྲས་ཨང་དང་བོ་རྐྱང་རྐྱང་ལེན་མཁན་ཞིག་ཏུ་གྱུར་བས།རིག་གྲོལ་ལ་དགེ་རྒན་དང་ཕ་མ།སློབ་གྲོགས་ཚོས་ཧ་ལས་དགོས་པ་ཞིག་ཏུ་གྱུར་བ་ཟད།མི་ཚང་མས་རིག་གྲོལ་ནི་མ་འོངས་པའི་བོད་མི་རིགས་ཀྱི་བདག་པོ་ལ་རེ་བ་གནང་བཞིན་ཡོད་ལ།དེ་ག་ནང་བཞིན་རིག་གྲོལ་གྱིས་ཁོ་ཚོའི་རེ་འདོད་འགྲུབ་པ་ལ་སྔོན་ལས་སློབ་སྦྱོང་ལ་ཤུགས་བརྒྱག་བཞིན་འདུག་གོ།

གྲོགས་པོའི་བརྩེ་སེམས།

དོན་གྲུབ་གླིང་ཉིན་མོའི་སློབ་ཕྲུག་ཚེ་རིང་དང་སྒྲོལ་མ། ལྷག་པ་གསུམ་ནི་འཛིན་གྲྭ་གཅིག་པ་ཡིན་པ་མ་ཟད། ནམ་རྒྱུན་མཉམ་བཟའ་མཉམ་འཐུང་དང་། ཕན་ཚུན་སློབ་སྦྱོང་ཐད་ནས་རོགས་རམ་ཅི་ཐུབ་གནང་མཁན་གྱི་གྲོགས་པོ་ཡག་ཤོས་ཤིག་ཡིན།


ནམ་རྒྱུན་གཟའ་ཉི་མ་ནང་སྦྱོང་བྲིས་ཚར་རྗེས། ཁོ་ཚོ་སོ་སོའི་དགའ་ཤོས་ཀྱི་རྩེད་མོ་ཡོ་ཆས་རེ་རེ་འཁྱེར་ནས་གང་འདོད་ལྟར་རྩེ་མོ་ལ་གཡེང་ནས་འདུག་ལ། སྐབས་རེར་རྩེད་མོ་འཕྲོ་བརླག་འགྲོ་བ་དང་བོར་བརླག་སོང་ཚེ། གཅིག་གཅིག་གིས་སེམས་གཏིང་ནས་བརྩེ་སེམས་ཆེན་པོས་རོགས་རམ་དང་བཙལ་རོགས་བྱེད་ཀྱི་ཡོད།


ཉིན་ཞིག་ཚེ་རིང་གི་རྩེ་མོ་ཡོ་ཆས་དེ། སྒྲོལ་མ་དང་ལྷག་པ་གཉིས་ཀྱི་ལག་ཏུ་བཞག་ནས་ཁོ་རང་གཅིན་པ་གཏོང་དུ་ཕྱིན་པ་རེད། སྐབས་དེར་ལྷགས་པ་ཆེན་པོ་ཞིག་བརྒྱབ་ནས་ཚེ་རིང་གི་རྩེད་ཆས་ལྒང་ཕུག་དེ་བར་སྣང་ཁམས་སུ་འཁྱེར་ནས་གར་སོང་ཆ་མེད་དུ་གྱུར་བས། བུ་ལྷག་པས་སེམས་ཁྲལ་གྱིས་ངང་ནས་གང་སར་འཚོལ་དུ་སོང་བ་རེད། ཚེ་རིང་གིས་སེམས་སུ་དེ་རིང་རྩེད་མོ་ཡག་པོ་ཞིག་རྩེ་དགོས་བསམ་ནས་ཕྱིར་ཡོང་དུས་རང་གི་རྩེ་མོ་དང་སློབ་གྲོགས་ལྷག་པ་གཉིས་མཐོང་ཡུལ་ན་མི་འདུག་པས། ཚེ་རིང་གིས་སྒྲོལ་མ་ལ་ངའི་ལྒང་ཕྲུག་གང་ན་ཡོད་ཅེས་དྲིས་དུས། ལྷགས་པས་འཁུར་སོང་ཞེས་བརྗོད།


མཚམས་དེར་བུ་ལྷག་པ་རྔུལ་ཆུ་ཐིག་པ་ཟག་བཞིན་དབུགས་རིང་གཏོང་བཞིན་མདུན་དུ་རྒྱུག་ཡོང་ནས། སྐད་ཤུགས་ཆེན་པོས་ངང་འགྲིག་མ་སོང་། འགྲིག་མ་སོང་།ཚེ་རིང་ཁྱེད་ཀྱི་ལྒང་ཕུག་མཐོང་རྒྱུ་མེད་པར་ཆགས་སོང་ཞེས་ལབ་དུས། ཚེ་རིང་གི་གདོང་པ་དམར་ནག་ཏུ་གྱུར་ནས་ལྷག་པ་འགྲམ་ལྕག་ཁ་ཤས་བཞུས་ཏེ། དེ་རིང་ནས་གྲོགས་པོ་མིན་ཞེས་བརྗོད་དུས། ལྷག་པ་ཡང་ཁོང་ཁྲོ་ཆེན་པོས་ངས་ཁྱེད་ཀྱི་ཆེད་དུ་གང་སར་རྒྱུགས་ནས་དཀའ་ལས་དེ་འདྲ་བོ་བརྒྱབ་ཀྱང་། ཁྱེད་ཀྱི་བྱེད་སྟངས་དེ་འདྲ་རེད་དམ་ཞེས་བརྗོད་པས། ཚེ་རིང་གིས་ལྷག་པ་ཁྱེད་རང་གི་མ་ཁུར་ན་དེ་འདྲ་ཡོང་སྲིད་དམ་ཅེས་ཁ་རྩོད་ཤོར་དུས། སྐབས་དེར་སྒྲོལ་མས་ཚེ་རིང་ཁྱེད་རང་གོ་ནོར་བྱས་སོང་། ངས་རླུང་བུའི་ལྷགས་པས་ཁུར་སོང་ཞེས་བརྗོད་པ་མ་གཏོགས། བུ་ལྷག་པས་ཁུར་སོང་ཟེར་གྱི་མེད་ཅེས་བརྗོད་དུས། ཚེ་རིང་ངོ་གནོངས་བཞིན་ཚེ་རིང་ལ་དགོངས་དག་ཞུ་བཞིན་འདུག་གོ།

འབྲི་དེབ་དང་སྙུ་གུ།

ཉིན་ཞིག་ལ། འབྲི་དེབ་དང་སྙུ་གུ་གཉིས་ཀྱི་བར་དུ་རྩོད་གླེང་ཤོར་ཏེ། འབྲི་དེབ་ཀྱིས་བཤད་རྒྱུར་ངའི་དཀར་ཞིང་གཙང་བའི་གདོང་རས་ཀྱི་ངོས་སུ་ཁྱེད་ཀྱི་ནག་ནོག་གི་ཡིག་སྙིགས་ཐེངས་ཅི་ཙམ་སྦགས་ཟིན། ད་དུང་ཡང་ཅི་ཙམ་སྦག་རྩིས་ཡོད་ཅེས་བཤད། སྐབས་དེར་སྙུ་གུས་ཁྱོད་ཀྱི་ཁྱི་ཁ་ཚུམས། ངས་ཟུངས་ཁྲག་གིས་ཁྱེད་ཉིད་དེ་འདྲའི་རིན་ཐང་ལྡན་པ་ཞིག་ཏུ་བསྐྲུན་མོད། ཁྱེད་ལ་བཀའ་དྲིན་བསམ་ཤེས་ཀྱི་ཚོར་བ་ཅི་ཡང་མི་འདུག་པ་ག་རེ་རེད། འབྲི་དེབ་ཀྱང་ཁྲོ་བས་ངང་ཁྱོད་ཀྱིས་ཅི་ཞིག་ཟེར་གྱིན་ཡོད། ངའི་ངོ་གདོང་ལ་བཤུས་པའི་ཡིག་ཚོགས་ཀྱི་གད་སྙིགས་འདི་ཅི་ཞིག་གི་རིན་ཐང་རེད། ཁྱེད་ཀྱིས་རྐང་རྗེས་བཙོག་པོས་ངའི་ངོ་གདོང་འབག་བཙོག་བཟོས་པ་ནས་ང་ཡང་གད་སྙིགས་ཁང་དུ་གཡུག་གིན་ཡོད་པ་ཤེས་སམ།

       སྙུ་གུས་བློ་རྒྱ་ཆེ་ཚུགས་ཀྱིས་ངང་ཁྱེད་ཀྱི་སེམས་རྒྱ་དེ་འདྲའི་གུ་དོག་བྱས་ནས་ཅི་བྱེད། ཁྱེད་ཀྱིས་གསོན་དང་ངས་ཁྱེད་ལ་རྒྱུ་མཚན་བཤད་ཆོག ཁྱེད་ཀྱི་ཕྱི་ནང་རེ་རེ་ན་ཁྱེད་ཀྱི་ལོ་རྒྱུས་ཡོད། ང་ཡི་རྒྱུད་རིམ་ཡོད། ད་དུང་འཇིག་རྟེན་གྱི་བྱུང་རིམ་ཡང་ཡོད་ཅེས་བཤད་དུས། འབྲི་དེབ་ཀྱང་ཅུང་འཇགས་ཏེ་འོ་ན་ངའི་ངོ་གདོང་ལ་ཁྱེད་ཀྱིས་འབག་བཙོག་བྱས་པ་དེ་ཁྱེད་ཀྱིས་ཇི་ལྟར་གསལ་བཤད་བྱེད་རྒྱུ་ཡིན། སྙུ་གུས་ཁྱེད་ཀྱིས་སོམས་དང༌། ཁྱེད་ཀྱི་གདོང་ན་ངའི་རྐང་རྗེས་མེད་ན། ཁྱེད་ལ་དེ་འདྲའི་མཐོང་ཞིག་ཡོད་མི་སྲིད་ལ། ང་མེད་པ་ཡིན་ན་ཁྱེད་ལ་སྲོག་ཤིང་མེད་པ་དང་འདྲ་ལ་ཁྱེད་མེད་ན། ང་ཡང་ལུས་རྟེན་མེད་པ་དང་མཚུངས། ཡིད་སྐྱོ་བའི་ཤོག་བུ་མང་བོ་གང་བྱུང་དུ་གཡུག་ཡོད་པ་བདེན་ན་ཡང༌། ཕུལ་བྱུང་གི་སྐྱེས་བུ་མང་བོས་ཤོག་བུའི་འབྲི་དེབ་དང་སྙུ་གུ་ཁོ་ན་ལ་བརྟེན་ནས་འཇིག་རྟེན་དབང་བསྒྱུར་བྱས་ཡོད་ལ། ཤོག་སྙུག་གིས་འཚོ་བཞིན་ཡོད། 

ཡང་གཅིག་བཤད་ན། ངེད་གཉིས་ཡོད་པས་ད་གཟོད་སློབ་ཕྲུག་གྲངས་ལས་འདས་པ་རྨོངས་པ་སེལ་ནས་ཤེས་རབ་ཅན་དང་མུན་པ་བཅོམ་སྟེ། འོད་སྟོང་གི་ལམ་ལ་ཆས་ཀྱིན་ཡོད་པ་རེད་ཅེས་བརྗོད་པ་ན། འབྲི་དེབ་ཅུང་ཡིད་སྨོན་སྐྱེ་བཞིན། ཨ་ཙི། ཁྱེད་དང་ང་དེ་འདྲའི་རླབས་ཆེན་གྱི་འགན་ཞིག་དང༌། དེ་འདྲའི་བྱས་རྗེས་རེ་ཡོད་ན་ནི། ངའི་གདོང་རས་ལ་རྫོབ་ཇི་ལྟར་བེད་སྤྱོད་གནང་ཡང་འཁང་ར་དང་ལེ་འདེད་བྱེད་མི་འོང༌། དེ་བཞིན་ངའི་ཕྱི་གཙང་ནང་གཙང་གི་ཕུང་བོ་འདི་སྨྱུག་ཐོགས་པ་རྣམས་ལ་མཆོད་འབུལ་བྱེད་རྒྱུ་ཡིན་པས། ང་རང་ལོངས་སུ་སྤྱོད་བཞིན་པའི་འགྲོ་བ་མིའི་དག་གིས་བདག་སྐྱོང་གང་ལེགས་བྱོས་དང༌། ངེད་གཉིས་ལས་ཁྱེད་ཅག་ལ་ལུས་ཁྲག་གིས་རྒྱབ་སྐྱོར་གནང་བཞིན་ཡོད་དོ། སྒྲུང་འདིའི་བསླབ་བྱ་ནི། འཇིག་རྟེན་གྱི་དངོས་པོ་གང་ཞིག་ཡིན་ཡང་སྨྲ་མི་ཤེས་པ་མ་གཏོགས་སེམས་ཀྱི་ཚོར་བ་གཅིག་མཚུངས་ཡིན་པས། དེ་ལ་བརྩི་བཀུར་དང་གཅེས་སྤྲས་བྱེད་མི་ཤེས་པའི་གང་ཟག་དེ་ནི་བེམ་གཟུགས་ལས་ཀྱང་ཐབས་སྡུག་པ་ཞིག་མ་ཡིན་ནམ།


སེམས་སྡུག་ཅན་གྱི་བུ་འཕགས་མཆོག

བུ་འཕགས་མཆོག་ནི་ཆུང་དུས་ནས་རང་ཉིད་གཅིག་པུ་ལས། ཕ་མ་གཅིག་པའི་སྤུན་མཆེད་གཞན་མེད་པའི་ཁྱིམ་ཚང་ཞིག་ཏུ་འཚར་ལོངས་བྱུང་བའི་བུ་ཞིག་ཡིན་སྟབས། ཁོ་བོའི་གཤིས་རྒྱུད་ནི་ཧ་ཅང་རྩུབ་པོ་ཞིག་ཡོད། ཁོས་རྟག་ཏུ་རང་གི་ཕ་མ་དང་དགེ་རྒན། དེ་བཞིན་འཛིན་གྲོགས་སོགས་ལ་གཤིས་ཀ་གྱོང་བོ་ཤ་སྟག་བྱེད་པ་ལས། ཕན་ཚུན་དགའ་བའི་མཐུན་ལམ་གྱི་བྱ་བ་སྣ་གཅིག་ཀྱང་བྱེད་མི་ཤེས་པ་ཞིག་ཡིན།

       དེ་ལྟར་ཉིན་དང་ཟླ་བས་ལོ་བསྒྲིལ་ནས་འདྲིས་སྐབས། འཕགས་མཆོག་གི་གྲོགས་པོ་རྣམས་ཀྱང་ཁོ་བོའི་གོམས་གཤིས་ངན་པར་ཞེན་པ་ལོག་སྟེ། ཉིན་རེ་བཞིན་དགའ་སྣང་བྱེད་མཁན་གྱི་གྲོགས་པོ་ཡང་ཇེ་ཉུང་དུ་སོང༌། དུས་སྐབས་དེ་ནས་བཟུང་འཕགས་མཆོག་ནི་ག་དུས་ཡིན་ཡང་རང་ཉིད་ལས་ལོགས་སུ་གྱུར་བའི་ཉིན་རེའི་འཚོ་བའི་དགའ་སྡུག་གི་གཏམ་གླེང་བཤད་སའི་གྲོགས་པོ་གཅིག་ཀྱང་མེད་པར་རང ཉིད་གཅིག་པུ་ཁེར་རྐྱང་དུ་གྱུར།        ཉིན་ཞིག་འཛིན་གྲྭ་འཚོགས་བཞིན་པའི་སྐབས་ཤིག་ལ་རྒན་ལགས་ནས། དེ་རིང་སློབ་ཕྲུག་རྣམས་འཛིན་ཁང་ཕྱིར་རྩེད་མོ་རྩེད་དུ་སོང་ཞེས་གསུངས་འཕྲལ། སློབ་ཕྲུག་རྣམས་དགའ་ཚོར་ཆེན་པོས་རོགས་པས་རོགས་པ་སྤུངས་ཏེ་རྩེད་ཐང་དུ་ཆས། འོན་ཀྱང་འཕགས་མཆོག་དེ་གར་སེམས་སྡུག་ཆེན་པོས། རྩེད་ཐང་གི་ཟུར་དུ་བསྡད་ནས་ཡོད་པ་རྒན་ལགས་ཀྱི་ཐུགས་ཞིབ་བྱང༌། རྒན་ལགས་ནས་འཕགས་མཆོག ཁྱོད་ཅིའི་ཕྱིར་སློབ་གྲོགས་གཞན་དང་མཉམ་དུ་རྩེད་མོར་མི་འགྲོ་ཞེས་དྲིས། འཕགས་མཆོག་གི་མིག་ནས་མཆི་མ་ཆར་ཆུ་བཞིན་ལྷུར་ཞོར། ང་ལ་རྩེད་རོགས་གཅིག་ཀྱང་རག་གི་མི་འདུག་ཅེས་ལན་བཏབ། རྒན་ལགས་ནི་ཐུགས་གཤིས་འཇམ་ཞིང་ཐབས་ཤེས་བཟང་བ་ཞིག་ཡོད། འཕགས་མཆོག་གི་རང་གི་འཛིན་གྲོགས་སོགས་ལ་མི་འཆམ་པའི་གཤིས་ངན་དེས། མ་འོངས་པར་འཕགས་མཆོག་སྡུག་ཏུ་སྦྱར་ངེས་ཡིན་པ་དགོངས་ཏེ། འཕགས་མཆོག་ལ་རོགས་ཤིག་བྱ་དགོས་དྲན་ནས་རང་ཁྱིམ་དུ་ཁྲིད་ནས༌། རྒན་ལགས་དེས་རང་གི་ཐབ་ཚང་ནས་འཐུང་ཆུ་གཙང་མ་ཕོར་བ་ཆ་གཅིག་བསྣམས་ཕེབས་ནས། འཕགས་མཆོག་ལ་ཁྱེད་ཀྱིས་འདི་གཉིས་ཐུངས་ཤིག་གསུངས། འཕགས་མཆོག་གིས་རྒན་ལགས་ཀྱི་ཕྱག་ནས་འཐུང་ཆུ་ཕོར་བ་དང་བོ་དེ་བླངས་ནས་འཐུང་སྐབས། དེ་ནི་ཧ་ཅང་ཞིམ་མངར་ལྡན་པ་ཞིག་ཏུ་ཚོར་ནས་དགའ་སྣང་ཆེན་པོས་འཐུང་ཆུ་གཉིས་པ་དེ་ཡང་དེ་མུར་འཐུང་བར་འདོད།        དེ་ནས་འཐུང་ཆུ་གཉིས་པ་དེ་འཐུང་དུ་བཅུག་པས། འཕགས་མཆོག་གིས་འཐུང་མ་ཐག་ཁ་ནས་བཏོན་ཏེ་སར་ཕོས། རྒན་ལགས་ནས་ཅིའི་ཕྱིར་དེ་ལྟར་འཐུང་མ་ནུས་པར་སར་འཕོས་པ་ཡིན་ཞེས་དྲི་བར། འཕགས་མཆོག་གིས་དེ་ནི་ཧ་ཅང་ལན་ཚ་མང་བས་འཐུང་ཕོད་པ་མི་འདུག་ཅེས་ཞུས། རྒན་ལགས་བཞད་མོ་བཞད་བཞིན་དུ་འཕགས་མཆོག་ལ་འདི་ལྟར་བཀའ་སློབ་གནང༌། ང་ཚོ་ཚང་མ་འཐུང་ཆུ་གཙང་མ་འདོད་པ་བཞིན། ཉིན་རེའི་ཁོར་ཡུག་གི་སློབ་གྲོགས་ཀྱང་ལེགས་པོ་དང འགྲོགས་འདོད་ཡོད་པ་ལས། གྲོགས་པོ་ངན་དང་བསྒྲིག་འདོད་མེད་པ་གཅིག་མཚུངས་རེད། ཁྱེད་ཀྱི་གོམས་གཤིས་མངར་བས་སློབ་གྲོགས་རྣམས་ལ་དགའ་བའི་ཚོར་བ་སྟེར་ཞིང༌། གོམས་གཤིས་ངན་པས་རང་གི་མཐུན་གྲོགས་རྣམས་ངང་གིས་རྒྱང་ཐག་རིང་དུ་བཏང་བ་ཡིན། འཇིག་རྟེན་གྱི་སྐྱེ་བོ་ཚང་མ་གཙང་ཆུ་དང་ཚེའུ་བཟང་བོ་ནས་འཐུང་ཆུ་ལེན་པར་སྤྲོ་བ་ལས། ལན་ཚ་ཞིང་ཁ་བའི་རང་བཞིན་རྒྱ་མཚོ་ཡིན་ཡང་འཐུང་བར་མི་སྤྲོ།        དེས་ན་སློབ་གྲོགས་གཞན་རྣམས་རང་ལ་དགའ་བོ་བྱེད་པར་ཆ་རྐྱེན་དང་བོ་ནི། རང་ལ་ངེས་པར་དུ་ཚང་དགོས་པའི་ཡ་རབས་ཀྱི་རིགས་དེ་དག ཆད་ལྷག་མེད་པར་ཚང་དགོས་པ་དེ་ནི་གནད་ཀྱི་དང་བོ་དེ་ཡིན་ཞེས་གསུངས། དེ་ལྟར་རྒན་ལགས་ཀྱིས་གོ་བདེ་ལ་དོན་བསྡུས་ཤིང༌། དཔེ་བཟང་བོའི་བཀའ་སློབ་ཀྱི་སྙིང་དོན་རྣམས་འཕགས་མཆོག་གིས། རང་ལ་གྲོགས་པོ་མི་འབྱོར་བའི་སྐྱོན་གྱི་རྩ་བར་རང་ལ་ཡོད་པ་རྣམས་གསལ་བོར་རྟོགས། རྒན་ལགས་ཀྱི་ཐུགས་རྒྱ་ཡངས་པའི་མྱོང་འཁྲིད་དེ་ལ་ཁོ་བོའི་ཡིད་སེམས་མགུ། ཕྱིན་ཆད་དེ་ལྟར་མི་བྱེད་པའི་དམ་བཅའ་བཞག        ཉིན་དེ་ནས་བཟུང་བུ་འཕགས་མཆོག་གིས་རང་སྐྱོན་ལ་དང་བོར་བརྟགས་ཏེ་ཉེས་པའི་ཆ་རྣམས་རིང་དུ་བསྐྱུར། སྒོ་གསུམ་བཟང་བོར་གོམས་སུ་བཅུག་ནས་སྔར་གྱི་བུ་འཕགས་མཆོག་ལས་གནམ་ས་ལྟ་བུའི་འགྱུར་ལྡོག་བྱུང༌། དུས་དེ་ནས་བཟུང་ཡ་རབས་ཕྱག་དང་ཞེ་ས་དང་ལྡན་པའི་བུ་ཞིག་ཏུ་གྱུར། དེ་ལྟར་དུས་ཚོད་རིང་བོ་མ་སོང་བར་འཕགས་མཆོག་གི་སློབ་གྲོགས་རྣམས་ཀྱང་རིམ་བཞིན་ཁོའི་སར་ལོགས་ནས་སྔར་རྒྱུན་གྱི་སློབ་གྲྭའི་ཚོར་བ་སྐྱིད་ཤོས་དེ་བདེ་ལེགས་སུ་སྤྱོད་ཐུབ་པར་བྱུང༌། 

སྒྲུང་འདིའི་བསླབ་བྱ་ནི། གཞན་སྐྱོན་མིག་གིས་འཚོས་ན་གླེན་པ་ཡིན། རང་སྐྱོན་མཛུབ་མོ་བཙུགས་ན་མཁས་པ་ཡིན།


ཞིམ་ཕྲུག་གིས་ཉ་འཛིན་པ།

ཉིན་ཞིག་ཞི་མི་ཨ་མས་ཞིམ་ཕྲུག་ཁྲིད་དེ་ཆུ་ཁར་འཛིན་པར་ཆས། ཉ་འཛིན་སྐབས་འབུ་བླ་མ་མ་ཎི་ཞིག་འཕུར་ཡོང་བ་དང༌། ཞིམ་ཕྲུག་གིས་ལྕགས་ཀྱུ་ས་ལ་བཞག་ནས་འབུ་བླ་མ་མ་ཎི་འཛིན་པར་ཆས། འབུ་བླ་མ་མ་ཎི་འཕུར་ཆས་པས་འཛིན་མ་ཐུབ་པས་ཕྱིར་ཆུ་ཁར་ཡོང་དུས། ཨ་མས་ཉ་ཆེན་པོ་ཞིག་བཟུང་ཡོད་པ་རེད། ཞིམ་ཕྲུག་གིས་རིག་པ་བསྒྲིམས་ནས་ཉ་འཛིན་སྐབས་ཕྱེ་མ་ལེབ་ཅིག་འཕུར་ཡོང་བས༌། ཁོས་ཡང་ལྕགས་ཀྱུ་ས་ལ་བཞག་ནས་ཕྱེ་མ་ལེབ་འཛིན་པར་ཆས། ཕྱེ་མ་ལེབ་བར་སྣང་དུ་འཕུར་སོང་བས་འཛིན་མ་ཐུབ་པར་ཕྱིར་ཆུ་ཁར་བསླེབས་དུས་ཡང་ཨ་མས་ཉ་ཆེན་པོ་ཞིག་བཟུང་ཡོད་པས། ཞིམ་ཕྲུག་གིས་ཁོང་ཁྲོ་ཆེན་པོས་ཨ་མ། ངའི་ལྕགས་ཀྱུས་ཉ་གཅིག་ཀྱང་འཛིན་མ་ཐུབ་པ་གང་ཡིན་ནམ་ཞེས་དྲིས། ཨ་མས་ཁྱོད་ནི་མཚམས་རེར་འབུ་བླ་མ་མ་ཎི་འཛིན་པར་སོང་བ་དང༌། མཚམས་རེར་ཕྱེ་མ་ལེབ་འཛིན་པར་ཆས་པས་ཉ་འཛིན་མ་ཐུབ་པ་རེད། ཉ་འཛིན་ན་བློ་རྩེ་གཅིག་སྒྲིམ་གྱིས འཛིན་དགོས་ཞེས་བཤད། ཞིམ་ཕྲུག་གིས་ཨ་མས་བཤད་པར་ཉན་ནས་བློ་རྩེ་གཅིག་སྒྲིམ་གྱིས་བསྡད། སྐབས་དེར་འབུ་བླ་མ་མ་ཎི་ཞིག་དང་ཕྱེ་མ་ལེབ་ཅིག་འཕུར་ཡོང་ཡང་ཞིམ་ཕྲུག་གིས་ལྟ་ཙམ་ཡང་མ་བྱས། ཅུང་མ་འགོར་བར་ཞིམ་ཕྲུག་གིས་ཉ་ཆེན་པོ་ཞིག་འཛིན་ཐུབ་སོང་བས་དགའ་བ་དང་བཅས་ཨ་མ་ལ་ངོམ་སོ་བྱེད་བཞིན་གདའ། 

སྒྲུང་འདིའི་བསླབ་བྱ་ནི། ང་ཚོས་རྒྱུན་དུ་ཁ་ཁོག་མེད་པར་བློ་རྩེ་གཅིག་སྒྲིམ་གྱིས་ལས་ཀ་བྱས་ན་མི་འགྲུབ་པའི་བྱ་བ་གང་ཡང་མེད།


བུ་ལྷག་པ་དང་རླུང་བུ་ལྷགས་པ་འཁྲུལ་བ།

ས་ཆ་ཞིག་ན་བུ་བཀྲ་ཤིས་ཟེར་བ་དང་ཟླ་བ། ལྷག་པ་ཟེར་བ་གསུམ་ཡོད། ཁོ་གསུམ་ནི་ག་དུས་ཡིན་ཡང་མཉམ་བཟའ་མཉམ་འཐུང་དང༌། དུས་རྒྱུན་དུ་ཧ་ཅང་འཆམ་པོ་དང་མཐུན་པོ་ཡོད། ཡིན་ཡང་ཁོང་གསུམ་ལ་སོ་སོ་ཡིས་དགའ་ཤོས་དང་རྩ་ཆེ་ཤོས་ཀྱི་རྩེད་མོ་ཡོ་ཆས་ཅ་དངོས་རེ་རེ་ཡོད་པས། དེ་སྐབས་རེར་བོར་བརླག་ཤོར་བ་སོགས་བྱུང་ཚེ། ཕན་ཚུན་སེམས་གཏིང་ནས་བརྩེ་སེམས་ཆེན་པོས་ངང་བཙལ་རོགས་བྱེད་ཀྱི་ཡོད། ཉིན་ཞིག་བཀྲ་ཤིས་ཀྱི་རྩེ་མོ་ཡོ་ཆས་དེ། ཟླ་བ་དང་ལྷག་པ་གཉིས་ཀྱི་ལག་ཏུ་བཞག་ནས་ཁོ་རང་གསང་སྤྱོད་ལ་ཕྱིན་པ་རེད། སྐབས་དེར་རླུང་ལྷགས་ཆེན་པོ་ཞིག་བརྒྱབ་སྟེ་བར་སྣང་སྒང་དུ་འཁུར་ནས་གར་སོང་ཆ་མེད་དུ་གྱུར། བུ་ལྷག་པས་བརྩེ་སེམས་ཆེན་པོས་འཚོལ་བར་ཕྱིན་པ་རེད། བཀྲ་ཤིས་ཀྱིས་སེམས་སུ་དེ་རིང་རྩེད་མོ་ཡག་པོ་ཞིག་རྩེ་དགོས་བསམ་ནས་ཟླ་བའི་མདུན་དུ་ཡོང་དུས། རྩེད་མོའི་ཡོ་ཆས་དེ་མེད་པ་མཐོང་དུས་སེམས་སུ་ལྷག་པས་ཁུར་ནས་རྩེ་གི་ཡོད་རྒྱུ་རེད་སྙམ་ནས། ལམ་སང་ཟླ་བ་ལྷག་པ་ག་བར་འགྲོ་སོང་ཞེས་དྲིས། ཟླ་བས་ལྷགས་པས་རང་གི་རྩེ་མོ་ཡོ་ཆས་ཁུར་སོང་ཞེས་བརྗོད། སྐབས་དེར་བཀྲ་ཤིས་ཀྱིས་སེམས་སུ་སེར་སྣ་ཏོག་ཙམ་བྱུང་ཡང༌། ཁ་ནས་མ་བཤད་པར་བསྡད་དུས་བུ་ལྷག་པ་རྔུལ་ཆུ་ཐིག་པ་ཟག་བཞིན་དབུགས་རིང་གཏོང་བཞིན་མདུན་དུ་བརྒྱུག་ཡོང་ནས། སྐད་ཤུགས་ཆེན་པོས་ངང་བྱུང་མ་སོང༌། བྱུང་མ་སོང༌། བཀྲ་ཤིས་ཁྱེད་ཀྱི་རྩེད་མོའི་ཡོ་ཆས་མཐོང་རྒྱུ་མེད་པ་ཆགས་སོང་ཞེས་ལབ་དུས། བཀྲ་ཤིས་ཀྱི་ངོ་གདོང་དམར་ནག་ཏུ་གྱུར་ཏེ་ལྷག་པ་ལ་འགྲམ་ལྕག་ཁ་ཤས་བཞུས་ཏེ། དེ་རིང་ནས་བཟུང་གྲོགས་པོ་མིན་ཞེས་བརྗོད། ལྷག་པ་ཡང་ཁོང་ཁྲོ་ཆེན་པོས། ངས་ཁྱེད་ཀྱི་ཆེད་དུ་དཀའ་ངལ་དེ་འདྲ་བརྒྱབ་ཀྱང་ཁྱེད་ཀྱིས་ང་ལ་བྱེད་སྟངས་དེ་འདྲ་རེད་དམ་ཞེས་བརྗོད། ཡང་བཀྲ་ཤིས་ཀྱིས་ལྷག་པ་ཁྱེད་ཀྱིས་མ་ཁུར་ན་དེ་འདྲ་ཡོང་མི་སྲིད་ཅེས་བརྗོད། བུ་ལྷག་པས། ངས་ཁྱེད་ཀྱི་རྩེད་ཆས་ཁུར་སོང་ཞེས ཁྱོད་ལ་སུ་ཡིས་བརྗོད་སོང་དྲིས་པར། བཀྲ་ཤིས་ཀྱིས་ཟླ་བའི་གདོང་ལ་ལྟ་དུས། ཟླ་བས་ཁྱོད་གཉིད་རྩོད་པ་བརྒྱག་དགོས་དོན་ཅི་ཡང་མེད། བཀྲ་ཤིས་ཁྱེད་ཀྱིས་གོ་ནོར་བྱས་སོང༌། ངས་རླུང་བུའི་ལྷགས་པས་ཁུར་སོང་བརྗོད་པ་མ་གཏོགས། བུ་ལྷག་པས་ཁུར་སོང་ཟེར་གྱི་མེད་ཅེས་བརྗོད་དུས། བཀྲ་ཤིས་ངོ་གནོངས་བཞིན་དགོངས་དག་ཅེས་བརྗོད་དོ། སྒྲུང་འདིའི་བསླབ་བྱ་ནི། བྱ་བ་ཅི་འདྲ་ཞིག་བྱེད་རུང་སྔོན་ལ་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་གལ་ཆེན་ཡིན་པ་དེ་བསྟན་ཡོད།


ཁྱོ་ག་ཤ་དང་སྐྱེ་དམན་ཚི་ལུ།

སྔོན་མ་ནགས་ཤིན་ཏུ་སྟུག་པོ་ཞིག་གི་ནང་ཁང་ཆུང་ཞིག་ཡོད་པ་རེད། དེའི་ནང་དུ་ཁྱོ་ག་ཤ་དང་སྐྱེ་དམན་ཚི་ལུ་ཞེས་པའི་བཟའ་ཟླ་གཉིས་གནས་ཀྱི་ཡོད་པ་རེད། ཉིན་ལྟར ཁྱོ་ག་དེ་ནགས་ཚལ་ལ་ཤིང་འཐུ་རུ་འགྲོ་བ་དང༌། སྐྱེ་དམན་ཚི་ལུ་ཡིས་ནང་ལ་ཟ་མ་ཞིམ་པོ་བཟོ་གི་ཡོད། དུས་ཚོད་མང་བོ་སོང་བ་དང་ཉིན་ཞིག་ཁྱོ་གས་བསམ་པར་ངེད་ཚང་ལ་སྣུམ་མེད་ན་ཡང༌། ངའི་སྐྱེ་དམན་གྱིས་ཟ་མ་ཞིམ་པོ་དེ་འདྲ་ཞིག་ཅི་ལྟར་གཡོས་བསྐོལ་བྱེད་ཀྱིན་ཡོད་དམ་སྙམ། ཁོས་ནམ་ཞིག་ཤིང་ནགས་སུ་ཤིང་འཐུ་རུ་མ་སོང་བར་དོན་དེ་ལ་བརྟག་དཔྱད་ཡག་པོ་ཞིག་བྱེད་དགོས་བསམ་སྟེ་བསྡད་པ་རེད། སང་ཉིན་དེར་ཞོགས་པ་སྔ་བོ་ཡར་ལངས་ནས་ཤིང་འཐུ་རུ་འགྲོ་གི་ཡིན་ཟེར་ནས་ཁང་བའི་རྒྱབ་ཏུ་ཕྱིན་པ་རེད། ཚི་ལུ་ཡིས་ཟ་མ་ཅི་འདྲ་བཟོ་གི་ཡོད་པར་ལྐོག་བལྟ་བྱས་ནས་བསྡད་པ་རེད། སྐྱེ་དམན་ཚི་ལི་ཡིས་དང་བོ་ཤིང་མེ་སྤར་ནས་ཚལ་སླང་ནང་དུ་ཕར་ཚུར་ཨ་སློག་ཁ་ཤས་བརྒྱབ་པ་དང༌། ཚལ་རྣམས་ཚི་ལུ་ནང་ལ་བརྔོས་པ་དང་ལམ་སང་ཕྱིར་ལ་མཆོང་བ་རེད། ཁོས་བསམ་པར་ང་ལ་ཟ་མ་ཞིམ་པོ་བཟོས་ནས་སྐྱེ་དམན་དཀའ་ལས་མྱོང་གིན་འདུག ཉིན་ཞིག་ཁོས་ཀྱང་ཟ་མ་ཞིམ་པོ་ཞིག་བཟོ་ཆོག་སྙམ་སྟེ། ཕྱི་ཉིན་ཞོགས་པ་སྔ་བོ་ནས་སྐྱེ་དམན་མེ་ཤིང་འཚོལ་དུ་བཏང་བ་དང་ ཁོ་རང་གིས་ནང་ནས་ཟ་མ་བཟོ་རྒྱུ་བྱས་ནས་བསྡད་པ་རེད། ཐོག་མར་ཤིང་ལ་མེ་སྤར་ནས་ཚལ་སླང་ཚ་བོ་བཟོས་པ་དང་རང་ཉིད་ཚང་སླང་ནང་དུ་མཆོང་བས། མེ་ཚ་བའི་རྐྱེན་ལ་བརྟེན་ནས་འདུག་བཟོད་མ་ཐུབ་པར་ཁོ་ཕྱི་ལ་ཐོན་ཐབས་ག་ཚོད་བྱེད་ན་ཡང་ཐོན་མ་ཐུབ་པར་ཚལ་སླང་ནང་འབྱར་ནས་ཤི་བ་རེད། སྐྱེ་དམན་དེ་ནང་དུ་ལོག་ཡོང་དུས་ཁྱོ་ག་ཚལ་སླང་ནང་ཤི་བ་མཐོང་ནས་ཡིད་སྐྱོ་ཞིང་སེམས་སྡུག་གིས་ཡོངས་སུ་མནན་ཏེ་སྨྲེ་ངག་གིས་ཁང་བའི་ནང་ཁེངས་སོ། སྒྲུང་འདིའི་བསླབ་བྱ་ནི། བྱེད་བྱེད་མང་ན་བྱེད་རྐང་ཆགས་ཟེར་བ་ལས་མ་འདས།

རེ་བའི་ཕོངས་པའི་རྒན་པོ།

གནའ་སྔ་མོ་སྔ་མོ་ཞིག་ལ་ལོངས་སྤྱོད་དཔལ་དང་ལྡན་པའི་འབྲོག་ཕྱོགས་ཀྱི་རྩ་ཐང་ཞིག་ཏུ། རྒན་པོ་མིང་ལ་བསོད་ནམས་ཟེར་བ་ཞིག་འདུག་ལ། ཁོ་བོ་ནི་ལྷང་འཇགས ཀྱི་འཚོ་བ་ལ་དགའ་ཞིང་རང་ཉིད་ཀྱི་རྒྱལ་ཁབ་ལ་ཞེན་ཁོག་ཤིག་ཏུ་ཆེ་བས། ཁོང་གིས་རྩྭ་ཐང་གི་ཉི་མ་རི་རྩེ་ལ་ནུབ་པ་ནས་འགོ་བཙུགས་ཏེ། རྩྭ་ཐང་དེའི་ཡུལ་མི་ཀུན་ལ་རང་རྒྱལ་གྱི་ལོ་རྒྱུས་སྒྲུང་དུ་བཟོས་ནས་མི་རྣམས་ཀྱི་རྣ་ལ་སྙན་པོའི་སྒོ་ནས་བཤད། ཡུལ་མི་རྣམས་ཀྱི་རྣ་ལ་སྙན་ཐག་ཆོད་དེ་རྟག་པར་ཁོ་བོའི་མདུན་དུ་ལོ་རྒྱུས་ལ་ཉན་དུ་ཡོང་བ་རེད། རིམ་བཞིན་དུས་ཀྱི་འགྱུར་འགྲོས་དང་སྤྱི་ཚོགས་ཀྱི་ཡར་རྒྱས་ལ་བརྟེན་ནས། མི་རྣམས་ནི་འདོད་ཆགས་ཞེ་སྡང་ལས་ཐར་མ་ཐུབ་པས་རྐྱེན་གྱིས། འཇིག་རྟེན་སྒྱུ་མའི་སྣང་བརྙན་ལ་སེམས་ལ་འཁོར་བ་དང་འཕྲུལ་ཆས་ལ་སེམས་ཆགས་པས། རིམ་བཞིན་ཨ་ཁུ་བསོད་ནམས་ཀྱི་བཤད་པའི་ལོ་རྒྱུས་ལ་ཉན་དུ་ཡོང་མཁན་ནི་ཇེ་ཉུང་ནས་ཇེ་ཉུང་དུ་གྱུར། རྒན་པོ་བསོད་ནམས་ཀྱི་ཉི་མ་རི་རྩེ་རུ་ནུབ་པ་དང་རེ་སྒུག་གི་མིག་ཟུང་སྦྲ་གུར་གྱི་སྒོ་མཐའ་རུ་གཏད་དེ་ཡུལ་མི་རྣམས་ལ་ཅི་ཙམ་བསྒུགས་ཀྱང༌། ཁོང་གིས་བཤད་པའི་རང་རིགས་ཀྱི་ལོ་རྒྱུས་ལ་ཉན་དུ་ཡོང་མཁན་ནི་ཉིན་མོའི་སྐར་མ་བཞིན་གཅིག་ཀྱང་མེད་པར་གྱུས་བས། ཨ་ཁུ་བསོད་ནམས་རང་རིགས་འདི་གཞན་གྱི་གཡོ་འོག་ཏུ་ཚུད་རྒྱུ་རེད་བསམ་ནས་སེམས་ཁྲལ་དང་རེ་བའི་ཕོངས་ཏེ་ཚེ་ལས་འདས། སྒྲུང་འདིའི་བསླབ་བྱ་ནི། རང་རྒྱལ་འདི་བརྟན་དགོས་ན་རང་ཉིད་ཀྱི་སྐད་དང་ཡི་གེ་ལོ་རྒྱུས་ཞིབ་ཚགས་ངེས་དགོས་ལ། སྔོན་མིའི་མི་རྣམས་ལ་ཞེན་ཁོག་ཡོད་པའི་རྒན་གཏམ་ལ་ཉན་དགོས་པ་བཤད་ཡོད།

ངས་རང་ཡོང་གི་ཡོད་པ་ཤེས་ཀྱི་ཡོད།

རྔ་ཆེན་དམག་སྒར་རུ་ཆུང་བྱིས་པའི་དུས་ནས་མཉམ་བཟའ་མཉམ་འཐུང་བྱས་ནས་འཚར་ལོངས་བྱུང་བའི་གྲོགས་གཉིས་ཡོད། ཐ་ན་ཁོ་གཉིས་ཆུང་དུས་ཀྱི་སློབ་གྲྭ་དང་མཐོ་སློབ་སོགས་སུ་མཉམ་བསྐྱོད་བྱས་མཐར་རྔ་ཆེན་དམག་སྒར་རུ་ཁག་ཏུ་དམག་སྦྱོང་བྱས་ཏེ་གནས་ཡོད།

       ཐེངས་ཤིག་ལ་ལུང་བ་གཉིས་བར་དམག་འཁྲུགས་བྱུང་བའི་སྐབས་གྲོགས་པོ་གཉིས་སྡེ་ཚན་གཅིག་ནང་ཁེལ་ཡོད་སྟབས། གློ་བུར་དུ་མཚན་མོར་དགྲ་བོ་ཡི་མེ་མདའི་མདེའི་ཆར་བ་འབབ་པ་ལྟར་བརྒྱབ་ཡོང་བ་དང༌། འབར་རྫས་ཀྱི་སྐད་སྒྲ་ཡི་རྣ་ཅོག་ཡང་གཟན་པ་མ་ཟད། གྲོགས་པོ་གཉིས་ཀྱང་ཁ་ཐོར།གང་མཚམས་ཤིག་ནས་དམག་འཁྲུགས་བྱུང་བཞིན་པའི་སྐབས། ཡུལ་ལྷའི་རྣ་ལམ་དུ་ང་སྐྱོབ་རོགས་ཞེས་ཐོས་མ་ཐག༌། ཡུལ་ལྷས་རང་གི་ཆུང་བྱིས་པའི་དུས་ནས་གཤིབས་པའི་གྲོགས་པོ་བསྟན་འཛིན་གྱི་སྐད་ཡིན་པ་ཤེས་རྗེས། ལམ་སང་རུ་དཔོན་ལ་ང་གྲོགས་པོ་སྐྱོབས་པར་གཏོང་རོགས། ཞེས་ཞུ་བ་བརྒྱབ།        ཡང་བསྐྱར་གྲོགས་པོ་ཡུལ་ལྷ་ང་སྐྱོབས་པར་ཕེབས་དང་ཞེས་སྐད་སྒྲ་གོ་དུས། གླེན་ཕྲུག་ཚེ་རིང༌། 

ལོ་བརྒྱ་ཕྲག་དུ་མའི་སྔོན་ཞིག་ལ། ཡུལ་ལུག་ཞིག་ན་ཕ་སྤེན་པ་ཚེ་རིང་དང་མ་བདེ་སྐྱིད་སྒྲོལ་མ་ཟེར་བ་གཉིས་ཡོད་པ། དེ་ལ་ཚེ་རིང་ཟེར་བའི་བུ་ཧ་ཅང་གླེན་པ་ཞིག་སྐྱེས། ཕ་སྤེན་པ་དང་མ་བདེ་སྐྱིད་གཉིས་ཀྱིས་ཟས་ཞིམ་པོ་ཡོད་ན། བུ་ལ་སྤྲད་ནས་གོས་ཡག་པོ་ཡོད་ན་བུ་ལ་བཀབ་ནས། ཡོད་ཚད་ཀྱི་ཡོད་ཚད་བུ་ཡི་ཆེད་དུ་བློས་གཏོང་བ་དང༌། ད་དུང་བུ་ཡི་ཅི་འདོད་གང་འདོད་རྣམས་བཙལ་ནས་ཁྱེར་ཡོང་བ་སོགས་བྱས་ནས་གསོ་སྐྱོང་བླ་མེད་བྱས། དེ་ནས་བུ་ཆུང་ཚེ་རིང་རིམ་བཞིན་ནར་སོན་པ་ན། བུ་ཆུང་ཚེ་རིང་ནི་ཡ་རབས་རིག་རྒོད་ཅན་ཕ་དང་མ་ལ་གུས་བཀུར་དང་སྲི་ཞུ་བསྒྲུབ་མཁན་ཞིག་མ་ཡིན་པར། མ་རབས་ཐ་ཤལ ཅན་དང ཨུ་ཚུགས་ཚ་བོ༌། ནམ་རྒྱུན་བླུན་རྟགས་གཉིས་ཀ་སྟོན་མཁན་ཞིག་ཏུ་གྱུར།

       ཉིན་ཞིག་གླེན་ཕྲུག་ཚེ་རིང་ཆུ་འགྲམ་ཞིག་ནས་འཁྱམ་ཉུལ་དུ་འགྲོ་བཞིན་པའི་སྐབས་ལ། ཁོང་གིས་ནམ་མཁའ་རུ་གླག་རྒོད་ཆེན་པོ་ཞིག་འཕུར་ནས་འགྲོ་བཞིན་པ་མཐོང༌། དེ་ནས་ཁོའི་བསམ་པར་གླག་དང་ང་ཚོ་སེམས་ཅན་ཡིན་པ་གཅིག་པ་ཡིན་ནའང༌། ང་ཚོ་མི་རྣམས་ཅིའི་ཕྱིར་མཁའ་དབྱིངས་སུ་འཕུར་མ་ཐུབ་པ་རེད་བསམ་ནས་རང་གིས་རང་ལ། ཆིག་ལབ་རྒྱག་བཞིན་ཁོ་རང་ནམ་མཁའ་ལ་འཕུར་ཐབས་བྱེད་རྒྱུ་དམ་ 

བཅའ་བཞག

       རྟ་བདུན་དབང་བོ་ཁམས་ཆེན་པོའི་སྟེང་ནས་འོད་ལམ་ལམ་འཕྲོ་བཞིན་པའི་དྭངས་ཤིང་ལྟ་ན་སྡུག་པའི་ཞོགས་པ་ཞིག་ལ། གླེན་ཕྲུག་ཚེ་རིང་ཡང་ནམ་རྒྱུན་ལྟར་ཉལ་ནས་མ་བསྡད་པར། ཁོ་རང་གི་དམ་བཅའ་དེ་བསྒྲུབ་ཕྱིར་ཕྱི་རོལ་གྱི་སྲང་ལམ སྟེང་དུ་བུད། ཁོས་བསམ་པར་དེ་རིང་ནི་གྲོང་གསེབ་རང་གི་མི་རྣམས་ལ་གཤོག་པའི་སྐོར་སྐད་ཆ་འདྲི་དགོས་བསམ་ནས། སྲང་ལམ་ནས་མི་རིག་རིག་ཐུག་ཐུག ཚང་མ་ལ་གཤོག་པ་ཇི་ལྟར་སྐྱེས་མིན་སྐོར་སྐད་ཆ་དྲིས་པ་ན་ཁ་ཤས་ཀྱིས་ཚེ་རིང་སྨྱོན་པ་རེད་ཟེར། ལ་ལས་འཕྱ་སྨོད་བྱེད་པ་དང་ལ་ལས་སྐྱག་རྫུན་བཤད་པ་སོགས་བྱས་ནས། ཉིན་དེར་ཚེ་རིང་གི་བསམ་དོན་ཅི་ཡང་མ་འགྲུབ་པར་ཁོང་ཁྲོ་དང་བཅས་ཕྱིར་ནང་དུ་ལོག        དེ་ནས་ཁོས་ཇི་ལྟར་བསམ་ཀྱང་གཤོག་པ་སྐྱེས་ཐབས་དང་འཕུར་རྩལ་སྦྱང་སྟངས་ཤིག་མ་རྙེད་པས། མཐར་འུ་ཐུག་ནས་ཁོང་གི་འདོད་པ་ཐ་དག་རྒྱུ་མཚན་དང་བཅས་ཕ་མ་གཉིས་ལ་བཤད་ནས་དྲིས། ཕ་མས་ཚེ་རིང་གི་འདོད་འདུན་རྣམས་ཐོས་པ་ན། ཧ་ལས་ནས་དེ་ནི་འབྱུང་མི་སྲིད་པའི་དམ་བཅའ་ཡིན་པའི་བསླབ་བྱ་རབ་དང་རིམ་པ་བརྒྱབས་ཀྱང༌། ཚེ་རིང་གིས་དེ་ནི་འགྱུར་མེད་དམ་བཅའ་ཡིན་པ་དང་འབྱུང་སྲིད་པའི་རྒྱུ་མཚན་མང་པོ་མང་པོ་ཞིག་དྲངས་ནས། ཡང་ནས་ཡང་དུ་ཨུ་ཚུགས་བརྒྱབ། དེ་ནས་ཕ་མ་གཉིས་སེམས་ཁྲལ་དང་བཅས་བློ་ཕམ་ཡིད་ཆད་ངང་གནས་དགོས་བྱུང་བ་དང༌། དབྱར་གཞུང་ཧ་ཅང་མཛེས་ཤིང་ལྟ་ན་སྡུག་པའི་ཉིན་ཞིག་ལ། ཚེ་རིང་གིས་ཕ་མ་ལའང་ཅི་ཡང་མ་བཤད་པར་སྔོན་རང་གི་དམ་བཅའ་དེ་སྒྲུབ་ཕྱིར། ཡུལ་གཞན་ཞིག་ལ་འཕུར་རྩལ་སྦྱང་དུ་ཕྱིན།        དེ་ནས་ཁོ་རང་སོང་སོང་བའི་མཐར་གྲོང་གསེབ་ཆེན་པོ་ཞིག་ལ་འབྱོར། ཁོ་རང་གྲོང་གསེབ་དེའི་ཕུ་ལ་ཐོན་པ་ན་ཁོས་མི་རྣམས་ལ་སྐད་ཆ་དྲིས་ན་ཤེས་སྲིད་བསམ་ནས། ཕར་འགྲོ་ཚུར་འོང་བྱེད་བཞིན་པའི་མི་རྣམས་ལ་འཕུར་རྩལ་ཇི་ལྟར་སྦྱང་དགོས་པའི་སྐད་ཆ་དྲིས་པ་ན། ལ་ལས་ཧབ་དགོད་བྱེད་པ་དང་ལ་ལས་ཁོ་རང་སྨྱོན་པ་རེད་ཟེར། ཡང་ལ་ལས་སྐད་ཆ་མི་བཤད་པ་སོགས། བརྙས་བཅོས་དང་མཐོང་ཆུང་ཇི་ལྟར་བྱས་ཀྱང་གླེན་ཕྲུག་ཚེ་རིང་ནི། སྔོན་ལྟར་སེམས་ཤུགས་མ་ཆགས་པར་ཡུལ་དེའི་མི་རྣམས་ལ་སྐད་ཆ་དྲིས་པའི་མཐར། ཁོ་དང་ན་ཚོད་གཅིག་པའི་མི་བུ་ཤོག ཁག་གཅིག་ལ་འཕྲད། ཁོས་བྱིས་པ་དེ་ཚོ་ལ་བཤད་པ་ན། བུ་དེ་ཚོས་ཁོ་ལ་མི་ལ་གཤོག་པ་སྐྱེས་རྒྱུ་མེད་པ་དང༌། གལ་སྲིད་ཁྱེད་རང་འཕུར་འདོད་སྐྱེས་ན་གཤོག་པ་བཟོས་ནས་ལག་པ་གཉིས་ལ་བཏགས་ནས༌། འཕུར་རྒྱུ་ལས་ཐབས་གཞན་མེད་ཅེས་བཤད། དེ་ནས་མཚན་མོར་དེར་ཁོ་རང་མི་བུ་དེ་ཚོ་དང་མཉམ་དུ་དུད་ཁྱིམ་ཞིག་ནས་བསྡད་པ་དང༌། ནམ་ལངས་པ་ན་ཁོས་ད་ནི་ཐབས་ལམ་དེ་ལས་མི་འདུག་སྙམ་ཞོར་ནགས་འདབས་ཤིག་ལ་སོང་ནས་གཤོག་པ་བཟོ་འགོ་བརྩམས།        ཁོས་ཉིན་གང་བོར་ཤིང་བཟོས་ནས་སྒྲོ་སྦྱོར་བ་སོགས་བྱས་ནས། ཕྱི་དྲོ་ཉི་མ་མ་ནུབ་པའི་མཚམས་ཤིག་ལ་གཤོག་པ་ཆག་སྦྱོར་ཞིག་ལེགས་འགྲུབ་བྱུང༌། དེ་ནས་ཁོས་དེ་རིང་ནི་བར་སྣང་ཁམས་ཆེན་པོ་འདི་ལ་ལྟད་མོ་ལྟ་ཐུབ་བསམ་ནས་དགའ་ཐག་ཆོད་བཞིན། ཉེ་འདབས་ཀྱི་བྲག་རི་མཐོན་པོ་ཞིག་གི་མགོ་ལ་སོང་ནས་གཤོག་པ་གཉིས་ལག་གཡས་གཡོན་གཉིས་ལ་བཏགས་ཏེ། གཡང་གཟར་ནང་དུ་མཆོངས་པ་ན་གཤོག་པས་ཁོང་གི་ལྗིད་ཚད་མ་ལྕོགས་པ་དང༌། རླུང་བུ་མ་ཁོག་པ་སོགས་རྐྱེན་དུ་མ་ཞིག་གི་དབང་གིས་ཤར་མར་གཡང་ནང་དུ་ལྷུང་ནས། རང་སྲོག་རྟ་རྔ་འདྲ་བོ་རྡོ་ཐོག་ལ་གཞུས་ནས་རང་སྲོག་ཤོར་པ་རེད། 

སྒྲུང་འདིའི་བསླབ་བྱ་ནི། བྱ་བ་ཅི་ཞིག་བསྒྲུབ་ན་ཡང་སྒྲིག་འཛུགས་དང་སྒྲིག་ལམ་དགོས་པ་བསྟན།

ལས་ངན་ལ་འབྲས་ངན་གྱི་གྲོགས།

སྔོན་དུས་ཤིག་ལ་ནགས་ཚལ་ཞིག་ན། གཡོ་སྒྱུ་འཛོམས་པའི་ཝ་མོ་ཞིག་དང་འདོད་རྔམ་ཅན་གྱི་རྩྭ་གཟིག་ཅིག་ཡོད། དེ་གཉིས་ཧ་ཅང་མཐུན་ཞིང་གང་དགར་གནས ཡོད། རྩྭ་གཟིག་གི་མིང་ལ་ཡོན་ཏན་ཟེར་ཞིང་ཝ་མོའི་མིང་ལ་ཧྲི་ཆོས་ཟེར། ཁོ་གཉིས་ནང་སེམས་ནག་ཅིང་ངན་ཁ་མཐུན་པས། ནམ་རྒྱུན་ནགས་ཚལ་དེར་གནས་པའི་སེམས་ཅན་ཆུང་རིགས་དག་ལ། གང་འདོད་ཀྱིས་གནོད་པ་གཏོང་བཞིན་ཡོད་པས། སུས་ཀྱང་ཁོ་གཉིས་ལ་ཡ་ལན་སྤྲོད་ཐུབ་མཁན་མེད་པས། ཁོ་གཉིས་ནགས་ཚལ་དེའི་རྒྱལ་བོ་ནང་བཞིན་དགའ་དགའ་སྤྲོ་སྤྲོས། གང་འདོད་གང་སྒྲུབ་བྱས་ཏེ་བསྡད་ཡོད།

         ཉིན་ཞིག་ལ་ནོར་བུ་སྒྲོལ་མ་ཟེར་བའི་ཙི་ཙིའི་མོ་གཞོན་ཞིག ནགས་ཚལ་དུ་སྤྲོ་འཆམ་ལ་འགྲོ་བཞིན་པ་ཡོན་ཏན་དང་ཧྲི་ཆོས་གཉིས་ཀྱིས་མཐོང་བ་དང༌། ཧྲི་ཆོས་ཀྱི་སྡེར་མོ་ལ་ཧ་ཅང་བཟོད་ཐབས་བྲལ་བའི་ཟ་འཕྲུག་ལངས་པས། ཡོན་ཏན་ལགས། འུ་གཉིས་ཀྱིས་ཉིན་ཁ་ཤས་རིང་ཙི་ཙི་ཚོར་མ་གཙེས་པས་ང་ལ་ཏོག་ཙམ་ཉོབ་སྣང་ཞིག་ལངས་མོད། ད་ཏག་ཏག་རེད། མོ་བཟུང་ནས་རྩེད་སྤྱད་ཡག་ཐག་ཆོད་ཅིག་བྱེད་ཆོག ཁྱོད་ཀྱིས་བལྟས་ན་ཟེར་དུས། ཡོན་ཏན་གྱིས་ཀྱང་མགོ་ནང་ལ་གུག་ཙམ་བྱས་ནས། ཧེ་་་་་་ཧེ་་་་་་༌། ཙི་ཙི་མཛེས་མ་ཁྱོད་འགྲོ་ས་ཨེ་ཡོད་ལྟོས་ཟེར་ཞོར་ནོར་བུ་སྒྲོལ་མའི་སྒང་དུ་མཆོངས།          ཙི་ཙི་ནོར་བུ་སྒྲོལ་མའི་ཕ་རྒན་ནི། ནགས་ཚལ་དེའི་ཙི་ཙིའི་ཚོ་བའི་ཚོ་དཔོན་ཡིན་པ་དང་མིང་ལ་རྡོར་བཀྲ་ཟེར། ནོར་བུ་སྒྲོལ་མས། མོ་ལ་བྱུང་བའི་དོན་རྐྱེན་རྣམས་མགོནས་མཇུག་བར་མོའི་ཕ་རྒན་ལ་བཤད་པས། ཕ་རྒན་རྡོར་བཀྲ་ཁོང་ཁྲོ་མེ་ལྟར་འབར་ན་ཡང༌། ཁོའི་སྙིང་གི་གཅེས་ཕྲུག་མ་གཅིག་པུ་དེ་གཞན་གྱིས་ཐུབ་ཚོད་སྣ་ཚོགས་བཏང་ནའང༌། ཁོ་ཙི་ཙི་ཞིག་ཡིན་པས་ཧྲི་ཆོས་དང་ཡོན་ཏན་གཉིས་ལ། དགྲ་ལན་ཅི་ཡང་སློག་མ་ཐུབ། དེར་བརྟེན་རྡོར་བཀྲས་རང་གི་བུ་མོ་ཁྲིད་ནས་བློ་ལྡན་རི་བོང་པདྨ་རྣམ་རྒྱལ་གྱི་ནང་དུ་སོང་ནས། བུ་མོ་ལ་བྱུང་བའི་དོན་རྣམས་ཁོང་ལ་ཞུས། པདྨས་ཏོག་ཙམ་རིང་བསམ་བློ་ཞིག་བཏང་ནས། ཡ་་་་་ཡ། སྐྱོན་མེད། ངས་དེའི་ཕྱོགས་ནས་ཁྱེད་གཉིས་ལ་རོགས་པ་བྱེད་ཆོག་ཅེས་ཟེར་ནས་ཁོ་ཚོ་རྫ་མགོ་ལ་སོང༌།        ཙི་ཙི་རྡོར་བཀྲས་ཅི་ཡང་ཤེས་མེད་ནའང༌། ཆུ་སྣ་གར་འཁྲིད་ཀྱིས་པདྨ་རྣམ་རྒྱལ་གྱི་རྗེས་སུ་འགྲེང༌། རེ་རྩེར་སླེབས་པ་དང་བྲག་ཁུང་ཆུང་ཆུང་ཞིག་ཡོད་པ་དེའི་འགྲམ་ན། དེ་དང་མཚུངས་པའི་བྲག་རི་ཆུང་ཆུང་ཞིག་ཡོད་པ་དེར། པདྨས་གྲོགས་པོ་ཁྱོད་ཕ་བུ་གཉིས་བྲག་ཁུང་ཆུང་ཆུང་དེ་ནས་གནས་སྡོད་བྱོས་དང༌། ཁོ་ཚོས་ཁྱོད་གཉིས་ལ་གནོད་བྱེད་མི་ཐུབ་ཁོ་ཐག་ཡིན། ཟེར་ནས་བྲག་ཁུང་དེ་བསྟན། དེ་ནས་བཟུང་ཙི་ཙི་རྡོར་བཀྲ་དང་ཁོའི་བུ་མོ་ནོར་བུ་སྒྲོལ་མ་གཉིས་བྲག་ཁུངས་དེར་གནས་ཆགས་ནས་རྫ་རྩེ་དེ་ནས་སྐྱིད་པོ་ངང་འཚོ་བ་རོལ་བཞིན་ཡོད།          ཝ་མོ་ཧྲི་ཆོས་དང་རྩྭ་གཟིག་ཡོན་ཏན་གཉིས་ཀྱིས་དུས་རྒྱུན་སུན་སྣང་ཆེ་བའི་དུས་སུ། ཙི་ཙི་དང་རི་བོང་སོགས་བཟུང་ནས་རྩེད་སྤྱད་བྱེད་པ་དང་ལྟོགས་པའི་སྐབས་སུ་ཨ་བྲ་དང་ཙི་ཙི་སོགས་ཟས་སུ་སྤྱོད་བཞིན་ཡོད། རྗེས་སུ་སེམས་ཅན་ཆུང་རིགས་དེ་དག་གིས་ནགས་ཚལ་འདི་རུ་གཡོ་སྒྱུ་ཕྲ་གསུམ་འཛོམས་པའི་ཧྲི་ཆོས་དང་ཡོན་ཏན་གཉིད་ཡོད་པར་བྱོལ་བའི་ཕྱིར། ཙི་ཙི་རྡོར་བཀྲ་ནང་བཞིན་རེ་རྩེར་བྲོས། དེར་བརྟེན་ནགས་ཚལ་དེ་རུ་ཡོན་ཏན་དང་ཧྲི་ཆོས་གཉིས་ལས་སུའང་མེད་པར་ཆགས།          ཉིན་ཞིག་ཁོ་གཉིས་ལ་ཟས་མ་རག་པར་ཅི་བྱ་གཏོལ་མེད་དུ་ལུས་པས་རི་མགོ་ལ་འགྲོ་རྒྱུ་ཐག་བཅད། རི་རྩེ་རུ་ཚོ་དཔོན་རྡོར་བཀྲས་ཙི་ཙིའི་ཚོགས་ལ་འགོ་ཁྲིད་བྱེད་བཞིན་ཡོད། ཙི་ཙི་དང་ཨ་བྲ་ཚང་མ་ཁྱིམ་ཚང་གཅིག་ནང་བཞིན་ཚོ་དཔོན་རྡོ་བཀྲ་སྡོད་གནས་བྱེད་སའི་བྲག་ཁུང་དེ་རུ་མཉམ་དུ་གནས་ཡོད།          ཉིན་གཅིག་ཙི་ཙི་དང་ཨ་བྲ་ཚོས་སྐྱིད་པའི་ངང་བྲག་འགྲམ་ན་རྩེད་མོ་རྩེ་བཞིན་པའི་སྐབས༌། གློ་བུར་དུ་ཝ་མོ་ཧྲི་ཆོས་དང་མོའི་གྲོགས་པོ་ཡོན་ཏན་གཉིས་རྫ་མགོ་ལ་འབྱོར། ཁོ་ཚོས་ཁོ་གཉིས་མཐོང་བ་དང་ཚང་མས་སྐད་ཅོར་དང་བཅས་བྲག་ཁུང་དུ་འཛུལ། ཧྲི་ཆོས་དང་ཡོན་ཏན་གཉིས་ཀྱི་གྲོད་ཁོག་ཤིན་ཏུ་ལྟོགས་ནའང༌། ཙི་ཙི་ཚང་མ་བྲག་ཁུང་ཆུང་ངུ་དེའི་ནང་འཛུལ་སོང་བས་གཅིག་ཀྱང་མ་ཟིན།          ཁོ་གཉིས་ཉིན་ཤས་རིང་བྲག་འགྲམ་དེར་ཡང་ནས་ཡང་དུ་ཡོང་ནའང༌། ཙི་ཙི་ཚོགས་ཀྱིས་ཁོ་གཉིས་མཐོང་བ་དང་གང་མྱུར་གྱིས་བྲག་ཁུང་ལ་འཛུལ་སོང་བས། ཁོ་གཉིས་ལ་གཡོ་སྒྱུ་ཇི་ལྟར་ཡོད་ཀྱང་ཙི་ཙི་གཅིག་ཀྱང་འཛིན་མ་ཐུབ་པས་ཅི་བྱེད་འདི་བྱེད་མེད་པར་ལུས།          ཝ་མོ་ཧྲི་ཆོས་ཀྱིས་ཡུན་རིང་ཞིག་ལ་འདང་བརྒྱབ་རྗེས་གདོང་ལ་འཛུམ་ཙམ་རྒྱས་ནས་ཡོན་ཏན་ལ་ལབ། འོ། གྲོགས་པོ། ད་ངས་ཐབས་བཟང་ཞིག་དྲན་སོང༌། འུ་གཉིས་རི་འདབས་ཀྱི་གྲོང་གསེབ་ན་ཡོད་པའི་རི་མོ་བ་དེའི་མཚོན་རྐུ་རུ་འགྲོ་ཟེར་ནས་ཁ་ཐུར་དུ་འཁོར་ནས་སོང༌། ཡོན་ཏན་གྱིས་མཚོན་གྱིས་ཅི་བྱེད་མི་ཤེས་ནའང་ཧྲི་ཆོས་ཀྱི་རྗེས་སུ་མི་སྙེགས་ག་མེད་བྱུང༌།          ཧྲི་ཆོས་རི་འདབས་ཀྱི་གྲོང་གསེབ་ལ་སླེབས་དུས་རི་མོ་བ་དེས་གྱང་ཆེན་པོ་ཞིག་ལ་མཚོན་བྱུག་བཞིན་ཡོད། ཁོའི་འགྲམ་དུ་ཆུ་སྣོད་ཆེ་ཙམ་གཉིས་ཀྱི་ནང་མཚོན་བླུགས་ནས་ཡོད་པ། ཧྲི་ཆོས་ཀྱིས་མཐོང༌། འོན་ཀྱང་མཚོན་མདོག་དེ་སྔོན་པོ་ཡིན་པས་མོས་ཏོག་ཙམ་རིང་ཤིང་སྡོང་ཆུང་ཆུང་ཞིག་གི་བརྒྱབ་ནས་མི་སྒུག་ཐབས་མེད་གྱུར། ཏོག་ཙམ་གྱི་རྗེས་སུ་མཚོན་བྱུག་མཁན་དེས་མཚོན་མདོག་ནག་པོ་ཆུ་སྣོད་དུ་བླུགས་པས་མོ་ཧ་ཅང་དགའ་བོ་བྱུང་ལ། རྐང་འཇབ་ལག་འཇབ་ངང་མཚོན་གྱི་ཕྱོགས་སུ་སོང༌། མཚོན་གཏོང་མཁན་དེས་ཅིའང་མ་མཐོང་བར་བརྟེན་མོས་མཚོན་སྔོ་ནག་ཆུ་སྣོད་གང་དེ་ལེགས་འགྲུབ་ངང་བརྐུས་ནས་རི་ངོས་སུ་བསྐྱོད་འགོ་བརྩམས།          ཧྲི་ཆོས་ཀྱིས་ཆུ་སྣོད་གང་བརྐུས་ནས་རྫ་སྐེད་ལ་སླེབས་དུས་མོའི་གྲོགས་པོ་ཡོན་ཏན་གྱིས། ད་དུང་མོ་ལ་སྒུག་ནས་བསྡད་ཡོད། ཡོན་ཏན་གྱིས་མོས་མཚོན་བརྐུས་ནས་ཁོའི་འགྲམ་ལ་སླེབས་པ་དང་རང་གི་མགོ་ལ་ལག་པས་འཕུར་འཕུར ཞིག་གཏོང་ཞོར་ལབ་དོན། གྲོགས་མོ་ཡ། གྲོགས་མོ། ནམ་རྒྱུན་ངས་ཁྱོད་སྤྱང་གྲུང་ལྡན་པ་ཞིག་ཡིན་པ་ཤེས་ཡོད། འོན་ཀྱང་དེ་རིང་ཁྱོད་ཀྱིས་མཚོན་རྐུ་བ་ལ་དོན་སྙིང་ཞིག་ཡོད་མེད་ངོ་མ་བཤད་ཁག་པོ་རེད། གང་ལྟར་དེ་རིང་ཁྱོད་ལ་རྩལ་གང་ཞིག་ཡོད་མེད་ངས་ལྟ་ཆོག་ཟེར་ནས་མོའི་རྗེས་སུ་སོང༌།         ཧྲི་ཆོས་འགྲོ་ཞོར་ཏུ། ཡ་ཡ། ཁྱོད་ཀྱིས་ལྟོས་དང་ངས་ཙི་ཙི་ཚང་མ་སྡེབ་གཅིག་ཏུ་འཛིན་གྱིས་ཡིན། དེའི་སྐབས་སུ་གྲོགས་པོ་ཁྱོད་ཀྱིས་ངའི་རྩལ་མཐོང་ཐུབ། ཟེར་ནས་གདེང་ཚོད་དང་སྤོབས་པས་ཁེངས་ཏེ་བརྗོད། ཁོ་གཉིས་རི་རྩེའི་བྲག་འགྲམ་ལ་སླེབས་པ་དང་ཡང་ཙི་ཙི་དང༌། ཨ་བྲ་ཚང་མ་བྲག་ཁུང་དུ་འཛུལ། ཡོན་ཏན་སེམས་ཤུགས་ཡོངས་སུ་ཆགས་ནས། ཡ། མཛེས་མ་ཧྲི་ཆོས་ལགས། ཁྱེད་ཀྱི་རྩལ་ཡོད་ཚད་དེ་གྲོགས་པོ་ང་ལ་ཐེངས་གཅིག་བསྟན་ན་མི་འགྲིག་གམ།ཟེར་ནས་ཟུར་ཟ་བྱེད་བཞིན། མོས་ཅི་བྱེད་ལ་ལྟོས་ནས་བསྡད། ཝ་མོ་ཧྲི་ཆོས་ཀྱིས་བྲག་ཁུང་ཉེ་འགྲམ་གྱི་བྲག་རྡོ་དེའི་མདུན་ངོས་སུ་བྲག་ཁུང་ཆུང་ཆུང་དེའི། སྒོ་དབྱིབས་དང་མཚུངས་པའི་རི་མོ་ཞིག་བྲིས་ནས་མཚོན་བྱུག་པས་ན། བྲག་ཁུང་དེའི་སྒོ་དང་ཤིན་ཏུ་མཚུངས་པས་ཡོན་ཏན་ཧང་སང་མདོག་གིས། ཧྲི་ཆོས་ལ་བཤད་རྒྱུར། ཨ་་་་་་ཨ། གྲོགས་མོ་ཧྲི་ཆོས་ལགས། ཁྱེད་ནི་དངོས་ནས་འཇོན་ཐང་ལྡན་པའི་ཝ་མོ་ཞིག་རེད། ངས་ཁྱེད་ཀྱིས་འདི་འདྲའི་རི་མོ་ཡག་པོ་འབྲི་ཤེས་པ་ཁྱོན་ནས་རྟོགས་མེད། ཟེར་མོད། འོན་ཀྱང་ཡོན་ཏན་ལ་དེ་འདྲའི་སྤྱང་གྲུང་མི་ལྡན་པས། ཁོས་ད་དུང་ཡང་བྲག་ཁུང་གི་སྒོ་ལྟ་བུའི་རི་མོ་དེ་འབྲི་དགོས་པའི་རྒྱུ་གཙོ་བོ་དེ་ཤེས་མེད། ཡང་ཁོས་ཝ་མོ་ཧྲི་ཆོས་ལ་འདྲི་དོན། ཧྲི་ཆོས་ལགས། ཁྱོད་ཀྱིས་ཡིད་དུ་འོང་བའི་རི་མོ་འབྲི་སྟངས་འདི་གང་ནས་སྦྱང་བ་དང་ཇི་ལྟར་སྦྱང་བ་ཡིན་ཞེས་སྐད་གདངས་དམའ་བོས་དྲིས།          ཝ་མོ་ཧྲི་ཆོས་ཀྱིས་སྣང་བ་མཐོན་པོའི་ངང་སྤོབས་པ་དང་བཅས་ལན་དུ། ཨོ། དེ་ལ་ཁྱོད་ཧང་སང་དགོས་དོན་མེད། སྔོན་དུས་ང་ཆུང་བའི་སྐབས་སུ་ངའི་ཨ་མྱེས་ལགས་ཀྱིས་ང་ལ་བསླབ་པ་རེད། ངའི་ཨ་མྱེས་རི་མོ་པ་གྲགས་ཅན་ཞིག་ཡིན། གཅིག་བྱས་ན་ཁྱེད་ཀྱིས་ཀྱང་ཁོང་གི་མཚན་གོ་མྱོང་ཡོད་རྒྱུ་རེད། ཁོང་གི་མཚན་ལ་བསོད་ནམས་ཆོས་འཕེལ་ཟེར། རྩྭ་གཟིག་ཡོན་ཏན་གྱིས་ཀྱང་མ་ཤེས་ཤེས་མདོག་གིས་མགོ་ནང་དུ་གུག་ཙམ་བྱས་ནས། ཨ་ལེ། སྔོན་མ་ངའི་ཨ་ཕས་ང་ལ་རི་མོ་གྲགས་ཅན་བསོད་ནམས་ཆོས་འཕེལ་ལགས་ཀྱི་སྐོར་ཏོག་ཙམ་གླེང་མྱོང་ཡོད། ཟེར་ནས་ཝ་མོ་ལ་ངོ་བསྟོད་བྱས།          འོན་ཀྱང་ཡོན་ཏན་གྱིས་རི་མོ་དེ་བྲིས་པས་ཙི་ཙི་ཇི་ལྟར་འཛིན་དགོས་སྙམ་ནས་ཝ་མོ་ཧྲི་ཆོས་ལ་སྐད་ཆ་དྲིས། ཧྲི་ཆོས་ལགས། ད་འུ་གཉིས་ཀྱིས་ཙི་ཙི་ཚོ་ཇི་ལྟར་འཛིན་དགོས་ཟེར་བ་ན། ཧྲི་ཆོས་ཀྱིས་འཛུམ་ཞིག་བསྟན་ནས་ལན་དུ། དེ་ལས་སླ་བོ་རེད། ཁྱེད་ཀྱིས་སེམས་ཁྲལ་བྱེད་མི་དགོས། ཟེར་ནས་རུས་སྐམ་ཞིག་ཁྱེར་ཡོང་ནས་བྲག་ཁུང་གི་སྒོ་དབྱིབས་བྲིས་ཡོད་པའི་བྲག་རྡོ་དེའི་མདུན་དུ་བཞག དེའི་སྐབས་སུ་བྲག་འགྲམ་གྱི་ཤིང་སྡོང་རྩེ་ན་ཤེས་སྤྱོད་གཉིས་ལྡན་གྱི་ཁྭ་ཏ་ཚེ་རིང་ནོར་བུ་བཞུགས་ཡོད་པས། གཡོ་ལྡན་ཁོ་གཉིས་ཀྱིས་ལྐོག་གཡོ་ཚང་མ་རྟོགས་ནས་ཐབས་ཤེས་ཤིག་འཐེན་དགོས་སྙམ།          ད་ཝ་མོ་ཧྲི་ཆོས་ཀྱིས་མོའི་གྲོགས་པོ་ཡོན་ཏན་ལ་ལབ་དོན། ཡོན་ཏན། ངས་ཁྱོད་ལ་དྲང་མོར་བཤད། གཅིག་བྱས་ན་ད་དུང་ཡང་ཁྱོད་ཀྱིས་ངའི་ཐབས་ཇུས་ཅི་ཡིན་ཤེས་མེད་པ་འདྲ། དེ་རིང་ངས་བྲག་རྡོའི་ངོས་སུ་རི་མོ་བྲག་ཁུང་འདྲ་བ་ཞིག་འབྲི་དོན། རྗེས་སུ་ཙི་ཙི་དེ་ཚོས་ངེད་གཉིས་མཐོང་ནས་འགྲོ་སྐབས། བྲག་ཁུང་དངོས་མ་དེ་རི་མོ་དང་ནོར་ནས་མགོ་བྲག་ལ་བརྒྱབ་ནས་ཤི་ངེས་ཡིན་ཟེར་ཞོར། རུས་སྐམ་དེ་བྲག་རྡོའི་མདུན་དུ་གཡུག་པས། འུ་གཉིས་བྲག་ཁུང་དངོས་མ་དེ་ནོར་མི་སྲིད་ཅེས་བརྗོད་པ་ན། ཡོན་ཏན་གྱིས་ཧྲི་ཆོས་ཀྱི་ཁྱད་འཕགས་ཀྱི་ཐབས་ཇུས་དེ་དག་གོ་བ་དང་དགའ་ཐག་ཆོད་ནས་ཞབས་བྲོ་འཁྲབ།          ཕྱི་ཉིན་ཞོགས་པ་སྔ་མོ་ནས་ཧྲི་ཆོས་དང་ཡོན་ཏན་གཉིས་མཉམ་དུ་འཛོམས་ནས། དགའ་སྤྲོའི་ངང་ལུས་རྩལ་རེ་སྦྱང་ཞོར་རི་མགོར་སོང་ནས་ཙི་ཙིའི་ཚོགས་ཡོད་སའི་བྲག་འགྲམ་དེ་ལ་སླེབས། འོན་ཀྱང་ཉེན་དེར་ཙི་ཙི་གཅིག་ཀྱང་མཐོང་ས་ན་མེད་པས། ཝ་མོ་ཧྲི་ཆོས་ཀྱིས་འདང་ཞིག་བརྒྱབ་ནས། འོ། ཧ་གོ་སོང༌། ཙི་ཙི་དེ་ཚོས་དེ་རིང་འུ་གཉིས་ཡོང་རྒྱུ་མ་རེད་བསམ་ནས། འདི་ནས་ཐག་རིང་ཙམ་ལ་ཕྱིན་པ་ཡིན་རྒྱུ་རེད་ཟེར་དུས། རྩྭ་གཟིག་ཡོན་ཏན་གྱིས་ཧ་ཅང་སྤྱང་མདོག་གི་ངང་ནས་འདི་ལྟར་ལབ། ཡ་་་་་་་ཡ། འོ་ན་ཁོ་ཚོ་ལྕང་སྡོང་འདི་ཚོའི་རྒྱབ་ལོག་ན་ཡོད་ཤ་སྟག་ཡིན་ཟེར་ནས་རྡོ་ཞིག་ནགས་གསེང་དུ་གཡུགས།          ཤིང་དེའི་ནང་དུ་སེང་གེ་ལོ་བརྒྱས་སྒོམ་རྒྱག་བཞིན་ཡོད། སྟབས་མ་ལེགས་པ་ཞིག་ལ་ཡོན་ཏན་གྱིས་གཡུག་པའི་རྡོ་དེས་མཁས་དབང་ལོ་བརྒྱའི་དབུ་ལ་ཕོག་པས། མཁས་དབང་ཁོང་ཁྲོ་རབ་ཏུ་ལངས་ནས་ང་རོ་དང་བཅས་ནགས་ཚལ་ནས་མཆོངས་ཡོང་དུས། ཁོས་ཡོན་ཏན་དང་ཧྲི་ཆོས་དེ་ལ་ཡོད་པ་མཐོང་ནས་རླུང་ལྷག་ཏུ་ལངས་ནས་ངར་སྐད་དང་བཅས། ཝ་ཡེ། ཇག་ཕྲུག་ཁྱོད་གཉིས་ཀྱིས་ངའི་མགོ་ལ་རྡོ་བརྒྱག་དོན་ཅི་ཡིན་ནམ། ངས་ཁྱོད་གཉིས་ཤི་ལམ་ལ་འདེད་ངེས་ཡིན་ཟེར་ནས་ཁོ་གཉིས་ཀྱི་ཕྱོགས་སུ་མཆོངས། ཡོན་ཏན་དང་ཧྲི་ཆོས་གཉིས་སྐྲག་ཐག་ཆོད་ནས་སྡུག་སྐད་སྒྲོག་བཞིན་བྲོས།          ཁོ་གཉིས་གང་མགྱོགས་ཀྱིས་བྲག་ཁུང་གི་ཕྱོགས་སུ་འགྲོ་ཞོར་བསམ་པར་བྲག་ཁུང་ནང་དུ་འཛུལ་ནས་ཐར་ཐུབ་བསམ་མོད། འོན་ཀྱང་སྔར་ཉིན་གཡུག་ཡོད་པའི་རུས་སྐམ་དེ་མེད་པར་གྱུར་བས། ཁོ་གཉིས་ཀྱིས་བྲག་ཁུང་དངོས་དེ་གང་ཡིན་དབྱེ་བ་མ་ཤེས་པར་བྲག་ཁུང་རྫུན་མ་དེའི་ཕྱོགས་སུ་བརྒྱུགས། ཤུགས་ཀྱིས་བྲོས་ཡོང་ནས་བྲག་ཁུང་ནང་འཛུལ་རྩིས་བྱས། དེ་བྲག་ཁུང་མ་ཡིན་པར་བྲག་ངོས་རི་མོ་ཡིན་པས་ཁྲོག་སྒྲདང་བཅས། ཁོ་གཉིས་ཀྱིས་མགོ་བྲག་ལ་ལྡབས་ནས་འགྲོ་མ་ཐུབ་པར་ལུས་དུས། སེང་གེ་ལོ་བརྒྱས་ཁོ་གཉིས་བཟུང་ནས་གཅར་རྡུང་བྱས།སེང་གེ་ལོ་བརྒྱས་ཁོ་གཉིས་ལ་གཅར་རྡུང་ཚད་མེད་པ་ཞིག་བཏང་མཐར། ཕྱིན་ཆད་གཞན་ལ་གནོད་པ་མི་བྱེད་པའི་ཁས་ལེན་དུ་བཅུག་ནས་བཏང༌།          ཝ་མོ་ཧྲི་ཆོས་དང་རྩྭ་གཟིག་ཡོན་ཏན་གཉིས་ཤི་མ་གསོན་གྱིས་ཡར་ལངས་ནས། ཕན་ཚུན་ལ་ལེ་བདའ་བྱེད་བཞིན་ཕྱིར་སྔོན་དུས་ཀྱི་རང་གནས་སུ་ལོག ལམ་བར་ནས་ཁྭ་ཏ་ཚེ་རིང་ནོར་བུ་ཡོང་ནས་མཁའ་དབྱིངས་ནས༌། ཁོ་གཉིས་ལ་ལབ་དོན། གཡོ་སྒྱུ་འཛོམས་པའི་སྐྱག་གཟན་གཉིས་ཀ། འདི་ནི་གནོད་སེམས་གཞན་ལ་བཅངས་ན་ལས་ངན་རང་ལ་འཁོར་འོང་ཟེར་བ་དེ་རེད། ད་ཁྱོད་གཉིས་ཀྱི་རུས་སྐམ་ཕྱིར་ཁྱོད་གཉིས་ལ་སྟེར་ཟེར་ནས་རྒྱང་རིང་དུ་འཕུར་སོང་ངོ༌།  

འདོད་རྔམ་ཆེ་བའི་བོང་བུ།

སྔོན་ཞིག་ལ་བོང་བུ་ཞིག་ཡོད། བོང་བུ་དེ་འདོད་རྔམ་ཧ་ཅང་ཆེ་བས་ཁོ་རང་སྡོད་སའི་ནགས་ཚལ་དེའི། རྩ་ལྗང་གི་འདོད་པ་ཁེངས་ཀྱི་མེད་སྟབས། ཉིན་རྟག་པར་ནགས་ཚལ་དེའི་ཕ་མཐའ་རུ་ཉི་འོད་ཕོག་སའི་སྤང་རྩྭ་ཟ་རུ་འགྲོ་བཞིནཡོད།ཉིན་ཞིག་བོང་བུ་དེ་སྤང་རྩྭ་ཟ ་རུ་འགྲོ་བའི་ལམ་ཁར། ཧ་ཅང་སྙིང་ཉེ་ཞིང་སྤྱང་གྲུང་ལྡན་པའི་ཝ་མོ་ཞིག་གིས་ཁོ་རང་མཐོང་སོང༌། དེ་ནས་ཝ་མོ་དེས་ད་ནི་ཁེར་རྐྱང་དུ་སྡོད་དགོས་བྱུང་མ་སོང་སྙམ་སྟེ། གདོང་ལ་འཛུམ་མདངས་ཤིག་དང་མཉམ་དུ། ཧེ་་་་་་སྐུ་ཞབས་བོང་བུ། ཁྱེད་རང་གང་དུ་འགྲོ་རྩིས་ཡོད། ཅེས་དྲིས་པ་ན། བོང་བུས་ནགས་ཚལ་འདིའི་ཕ་མཐའ་ན་རོ་མངར་ལྡན་པའི་རྩ་འཇམ་པོ་ཞིག་ཡོད་པས། ང་རང་དེ་ཟ་རུ་འགྲོ་བཞིན་ཡོད་ཅེས་ལན་བཏབས།དེ་ནས་ཁོ་གཉིས་ཀྱིས་སོ་སོའི་འདོད་ཕྱོགས་གླེང་ཞོར་སོང་བ་ན། གློ་བུར་དུ་ཝ་མོའི་སེམས་ལ་དོ་ནུབ་ཀྱང་ཆུ་ག་གོན་ཞིག་ཟ་རུ་འགྲོ་དགོས་བསམ་སྟེ། བོང་བུ་ལ་དེ་ལྟར་ལབ་པ་ན། བོང་བུ་དགའ་ཐག་ཆོད་དེ་ཆུ་ག་གོན་གྱི་རོ་མངར་དེ་ཇི་འདྲ་འདུག་པའི་གནས་ཚུལ་འདྲི་ཞོར་འདོད་རྔམ་གྱིས་འགྲམ་ཆུ་མིད་དེ་ཡིད་མོས་བྱས་པ་རེད།

       ཉི་འདོ་ཡལ་ཚར་བ་དང་ཁོ་གཉིས་རི་བོ་དེའི། ཕར་ཕྱོགས་ཀྱི་གྲོང་གསེབ་དེ་རུ་ཆུ་ག་གོན་རྐུ་རུ་འགྲོ་རྒྱུའི་ཐག་གི་བཅད། མཚན་མོ་དེར་གྲོང་གསེབ་དེ་ཧ་ཅང་ཁུ་སིམ་པོར་གནས་ཡོད་པས། ཁོ་གཉིས་སེམས་བདེ་རུ་གྱུར་ཏེ་ཆུ་ག་གོན་ཡོད་སའི། སྔོ་ཚོད་ར་བ་དེ་རུ་རྐང་འཇབ་ལག་འཇབ་ངང་ཕྱིན་པ་རེད།འདོད་རྔམ་ཅན་གྱི་བོང་བུ་དེས་ཆུ་ག་གོན་མཐོང་བ་དང་སྔར་ལསའདོད་རྔམ་འཕར་ཏེ། མཆོང་ཐེངས་གཅིག་གིས་ཆུ་ག་གོན་རྭ་བ་རུ་སླེབས། དེ་ནས་ཝ་མོ་དང་ཁོ་གཉིས་ཀྱིས་རོ་མངར་ལྡན་པའི་སྒོ་ནས་བཟས། བཟས་བཟས་མཐར་ཝ་མོ་བརྒྱགས་ཏེ་ཤིང་སྡོང་གི་སྟེང་དུ་ངལ་གསོ་བརྒྱབ། བོང་བུས་ད་དུང་ཡང་ཆུ་ག་གོན་ཡོད་ཚད་རྫི་ཞོར་དང་རྔམ་ཟ་བྱེད་ཀྱིན་འདུག 

དེ་ནས་ཝ་མོས་ཡུན་རིང་ཙམ་བསྒུག་ནའང༌། བོང་བུ་ནི་ད་དུང་རྒྱགས་མ་སོང་བས། ཝ་མོས་ད་ནི་འགྲོ་ན་མ་གཏོགས་བདག་པོ་སླེབས་སྲིད་ཅེས་བཤད་པ་ན། བོང་བུས་ཅི་ཡང་མ་གོ་བའི་ཚུལ་གྱིས་རྔམ་ཟ་བྱེད་ཀྱིན་བསྡད། ཧེ་་་་་་་ཧེ་་་་་༌། སྐུ་ཞབས་བོང་བུ་ལངས་གྲབས་འདུག་པས། ཞིང་བདག་གཉིད་ནས་སད་སྲིད་པ་རེད། འགྲོ་་་་་་༌། མགྱོགས་པོར་འགྲོ་ཞེས་ལབ། དེ་ནས་བོང་བུས་མགོ་ཡར་དགྱེ་སྟེ་སྐད་གསེང་མཐོ་བའི་ངང་སྐད་བརྒྱབ།

      བོང་བུས་ཟ་དྲགས་པའི་རྐྱེན་གྱིས། གྲོད་ཁོག་ལ་ཟུག་ལངས་ཏེ་ཁ་ནང་ནས་ངུ་ཟུག་ཀྱང་འབྱིན་དགོས་སོང་བས། ཝ་མོས་ད་ནི་བདག་པོ་སླེབས་ཐག་ཆོད་རེད་བསམ་ནས། ཁོ་རང་རྭ་བའི་ཕྱི་རུ་བུད་དེ་འགྲོ་རྩིས་བྱེད་སྐབས། བདག་པོས་བོང་བུའི་ངུ་ཟུག་ཐོས་པ་དང་གཉིད་སད་དེ། དབྱུག་པ་བཟུང་ནས་སླེབས་ཀྱིན་པ་ཝ་མོས་མཐོང་སྟེ་བྲོས་སོང་བ་རེད། བོང་བུས་མཐོང་ནའང་འགྲོ་མ་ཐུབ་པར་བདག་པོས་བཟུང་སྟེ་དབྱུག་པས་དྲག་ཏུ་བརྡུངས་ཞོར་ཉིན་ཁ་ཤས་ལ་ཁང་བ་སྟོང་བ་ཞིག་གི་ནང་དུ་བཅུག་ནས་བཞག་གོ།        སྒྲུང་འདིའི་བསླབ་བྱ་ནི། འདོད་རྔམ་ལ་ཆོག་ཤེས་མེད་ན༌། བྱས་ཉེས་ཡོད་ཚད་རང་མགོ་ཁོ་ན་རུ་ལྷུང་ངེས་ཡིན་པ་དེ་བསྟན་ཡོད།                                                  

རྐང་ལམ་ཕྲ་མོ།

ངོ་མ།ཁོང་ཚོས་ང་ལ་རྐང་ལམ་ཕྲ་མོ་ཞིག་མ་གཏོགས་འཇོག་མ་ཐུབ། ཡིན་ན་ཡང་། ལོ་ངོ་ཁྲི་སྟོང་མང་བོའི་རིང་ལ། ལམ་ཕྲན་འདི་རྒྱ་ཇེ་ཆེ་དང་ཁོད་ཇེ་སྙོམ་ཁྱོན་ཇེ་ཡངས་སུ་གཏོང་མ་ཐུབ་པ་དེ་ནི་ང་ཚོའི་ངོ་ཚ་ཡིན་པ་ལས་གནའ་མིའི་གླེན་རྟགས་ག་ལ་ཡིན། ཁོང་ཚོས་ང་ཚོར་བཞག་པའི་རྐང་ལམ་ཕྲ་མོ་འདི་ནི་རང་བཞིན་གྱི་ལམ་དཀྱུས་མ་ཞིག་མ་ཡིན་ཏེ། ལམ་ཕྲན་འདིས་བོད་གངས་ཅན་གྱི་ལོ་རྒྱུས་ཐོག་མར་བསྐྲུན་ཏེ་རིག་དར་གྱི་བོད་རིགས་འདི་སྔོན་ཐོན་གྱི་རི་རྩེར་བསྐྱལ་བ་དང་། ལྔ་རིག་གི་གླེགས་མཛོད་ཀྱིས་ལྕགས་རི་བསྐོར་ཏེ་འཛམ་གླིང་གི་ཡང་རྩེ་ནས་ཁྱིམ་གཞི་བཙུགས་ཤིང་། དེ་ནས་བཟུང་གདོང་དམར་བོད་ཀྱི་རུས་རྒྱུད་རྣམས་རྒྱུན་མ་ཆད་པར་དར་བ་ཡིན།

          ཁྲེལ་ཡོད་ཀྱི་མི་རྣམས་ཨཱ།ཁྱོད་ཚོ་དཔའ་བོས་བཏོད་པའི་ལམ་དུ་འགྲོ་ཕོད་པར་མ་ཟད། དཔའ་བོའི་མཛད་རྗེས་དང་མཚན་སྙན་ལ་མོས་གུས་དང་བསྔགས་བརྗོད་ཀྱང་མཛད་ཡོད་མོད། རྨོངས་ཚོད་ཀྱི་སྒོ་ནས་དཔའ་བོའི་མཛད་རྗེས་རྣམས་ངག་གི་ཕྲེང་བར་བཟློ་བ་ཙམ་གྱིས་ཅི་ལ་ཕན།ངའི་ཡིད་ལ་ནོངས་འགྱོད་ཀྱིས་གདུངས་ཏེ་སེམས་ལ་འདི་སྙམ་དུ་བསམ་བྱུང་།ང་རང་ཡང་བོད་གདོང་དམར་གྱི་རྒྱུད་པ་ཡིན་མོད། འོན་ཀྱང་། གནའ་མིས་བཏོད་པའི་རྐང་ལམ་ཕྲ་མོ་འདི་རྒྱ་ཆེ་ཆེ་གཏོང་བ་ལ་ས་འཇོར་གཅིག་བརྐོས་མ་མྱོང་ལ་ཁེམ་གང་ཡང་བཅུས་མ་མྱོང་། རྐང་ལམ་ཕྲ་མོ་འདིའི་ཐོག་ཏུ་གོམ་པའི་འདེགས་འཇོག་ཅི་ཙམ་བསྒྱུར་བ་ནི་བགྲང་གིས་མི་ལང་ན་ཡང་།རྐང་ལམ་ཕྲ་མོ་འདིའི་ཕན་ཡོན་དང་། ནང་སྒོས་སུ་རྐང་ལམ་ཕྲ་མོ་འདི་ལ་གཟི་བརྗིད་དང་ལ་རྒྱ་སྣོན་རྒྱུའི་ནི་ཡིད་ལའང་དྲན་མ་མྱོང་། ངོ་ཚ་འདི་ལས་ཆེ་བ་དང་། འགྱོད་པ་འདི་ལས་ལྷག་པ་ཞིག་གང་ན་ཡོད།ལམ་ཕྲན་འདི་བརྒྱུད་མྱོང་མཁན་དང་རྐང་ལམ་ཕྲ་མོ་འདིར་བར་ལ་འབྲེལ་བ་ཅི་ཞིག་ཡོད་པ་ནི་ངའི་བློ་ངོར་མི་ཤོང་བའི་གནད་དོན་ཞིག་ཡིན་ན་ཡང་། ང་ཚོའི་མི་རིགས་འདི་དང་རྐང་ལམ་འདིའི་བར་ལ་འགལ་བ་ཡོད་པ་ནི་མངོན་སུམ་གྱི་མཚན་མ་ཞིག་རེད། གཅིག་བྱས་ན་སེམས་ཀྱི་རྟ་ལ་བཅིབས་ཏེ་ཐར་བའི་ལམ་དུ་བགྲོད་པའི་དམ་པ་ནི་ཡོད་དུ་སྲིད་ཀྱང་། ཐར་བའི་ལམ་སྣ་ཟིན་ནས་འགྲོ་བའི་སྡུག་བསྔལ་སེལ་བའི་མགོན་སྐྱབས་ནི་དཀའ་ཙམ་གདའ། དེ་ཚོ་ནི་ཚུལ་ཇི་ལྟ་བུ་ཡིན་ནའང་ཡིན་དུ་ཆུག ང་རང་དགའ་ས་ནི་རྐང་ལམ་འདི་ཡིན་ལ། སྐྱོ་སའང་རྐང་ལམ་འདི་ཡིན།  

སྤྲེལ་རྒན་དང་ཆུ་སྲིན།

སྔོན་མ་ཞིག་ལ་སྤྲེལ་རྒན་ཞིག་ཤིང་ནགས་ཀྱིས་བརྒྱན་པའི་མཚོ་འགྲམ་མཛེས་སྡུག་ལྡན་པ་ཞིག་ན་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་ཡོད། ཁོས་རྒྱུན་པར་རང་དབང་གི་ཁོར་ཡུག་དེའི་ཤིང་ཏོག་ལོངས་སུ་སྤྱད་དེ་ཤིང་སྡོང་གི་རྩེར་འཛེག་ནས་མྱུར་རྩལ་ངོམ་ཞོར་མཚེའུ་དེའི་རླབས་གཉེར་ལ་རྟག་པར་ལྟ་བཞིན་ཡོད། ཉིན་ཞིག་ཁོས་ཡལ་ག་ཞིག་གི་སྟེང་དུ་ཁམ་བུ་ཞིག་ཟ་བཞིན་པའི་སྐབས་དེར། གློ་བུར་དུ་ཆུའི་ནང་ནས་ཧ་ཅང་འཇིགས་སུ་རུང་བའི་ཆུ་སྲིན་ཆེན་པོ་ཞིག་གི་མགོ་བོ་བུད་བྱུང༌། སྤྲེལ་རྒན་དངངས་སྐྲག་ཅིག་ལངས་ཏེ་ལག་པའི་ཁམ་བུ་ཡང་ཆུ་སྲིན་དེས་མཐོང་བ་དང་ཁྲོ་ཉམས་བསྟན་ཏེ་ཟ་དགོས་ཚུལ་བསྟན། ཡིན་ནའང་སྤྲེལ་རྒན་ཤིང་སྟེང་དུ་ཡོད་པས་ཆུ་སྲིན་ལ་ཐབས་ཇུས་གང་ཡང་མེད་སོང༌བ་རེད། སང་ཉིན་དེར་སྤྲེལ་རྒན་ཤིང་སྟེང་དུ་སྡོད་པའི་སྐབས། མདོག་སྡུག་པའི་ཆུ་སྲིན་དེས་ཁོའི་རོགས་པ་ཁྲིད་དེ་སྤྲེལ་རྒན་ཟ་རུ་སླེབས། སྤྲེལ་རྒན་གྱིས་ལོ་མའི་གསེང་དུ་ཁུ་སིམ་མེར་བལྟས་པ་ན། ཁོ་གཉིས་ཀྱི་གཟུགས་གཞི་ཧ་ཅང་ཆེ་ཞིང་མཚོ་ཁ་རུ་ཡར་འགྲོ་མར་འགྲོ་བྱས་ཏེ་སྤྲེལ་རྒན་འཚོལ་གྱིན་འདུག སྤྲེལ་རྒན་གྱི་སེམས་ལ། ངེས་པར་དུ་ཐབས་ཇུས་ཤིག་མ་བྱས་ན་ངའི་འཚོ་གནས་ལ་ཡང་ཉེན་ཁ་འདུག་བསམ་སྟེ། ཁོ་གཉིས་གང་འགྲོར་བལྟས་བསྡད། སྤྲེལ་རྒན་གྱིས་སེམས་ལ། བློ་རིག་གི་ཐབས་ཇུས་ཤིག་བྱས་ཏེ་ཁོ་གཉིས་མེད་པར་གཏོང་དགོས་བསམ་སྟེ་ག་ལེར་ཁོ་གཉིས་ཀྱི་མདུན་དུ་ཕྱིན་ཏེ། “ཧེ་་་་་་་་གྲོགས་པོ་ཚུར་ཤོག ངས་ཁྱེད་ལ་གཏམ་སྙན་མོ་ཞིག་ལབ། ངེས་གཉིས་ཀྱིས་དེ་རིང་འགྲན་བསྡུར་ཞིག་བྱས་ན་ག་འདྲ་འདུག” ཅེས་ལབ་པ་ན་ཆུ་སྲིན་གྱིས་ང་རྒྱལ་དང་བཅས་ཏེ། ཧ་་་་་་་་ཧ་་་་་་་་་་་་ སྤྲེལ་རྒན་འདི་ལ་ཅི་འདྲའི་བློ་སྟོབས་ཆེན་པོ་ཞིག་འདུག་བསམ་སྟེ།ག་རེ་རེད་ཅེས་དྲིས། ཁྱེད་རང་ངའི་སྒལ་བ་ལ་ཞོན་ཐུབ་སོང་ན། ཁྱེད་ཀྱི་ང་བསད་ཆོག གལ་སྲིད་ང་རང་ཁྱེད་ཀྱི་རྒྱབ་གཞུང་ལ་ཞོན་ཐུབ་སོང་ན་ཁྱེད་རང་ཕན་པའི་རྟགས་ཡིན། ཞེས་ལབ། སྤྲེལ་རྒན་ལམ་སང་མཆོང་ལྡིང་གཅིག་གིས་ཤིང་སྡོང་ཡལ་གར་འཇུས་ཏེ་མར་ཆུ་སྲིན་གྱི་སྟེང་དུ་མཆོང༌། ཧ་་་་་་་་ཧ་་་་་་་་ ང་རྒྱལ་སོང་བ་མ་ཡིན་ནམ། ཞེས་སྐད་རྒྱབ་པ་ན། ཆུ་སྲིན་ཀྱིས་མྱུར་རྩལ་ཇི་ལྟར་བཀོད་ན་ཡང་སྤྲེལ་རྒན་ཧ་ཅང་མྱུར་བས་སྟེང་ནས་ལྷུང་ཐུབ་མ་སོང༌། ཆུ་སྲིན་ཆུའི་ནང་དུ་རྒྱུགས་རྒྱུགས་མཐར་ཐང་ཆད་དེ་ལུས་སྟོབས་སྔར་ལས་ཉམས་པར་གྱུར་ཏེ། མཛའ་ཞིང་བརྩེ་བའི་སྤྲེལ་རྒན་ལགས། ཁྱོད་མགྱོགས་པོར་ངའི་ལུས་སྟེང་ནས་མར་བོབས་དང༌། ངས་རང་ལ་ཁས་ལེན་བྱེད་ཐག་ཆོད་ཡིན། ཞེས་སྐྱོ་ཉམས་ཀྱིས་དེ་ལྟར་ལབ། འགྲན་རྩོད་དེའི་རྗེས་ནས་སྤྲེལ་རྒན་སྔར་བཞིན་མཚོ་འགྲམ་དུ་ལྷོད་ཅིང་བག་ཡངས་ངང་བདེ་སྐྱིད་ཀྱི་འཚོ་བ་རོལ་བཞིན་འདུག འཇིགས་རུང་གི་ཆུ་སྲིན་དེས་སྤྲེལ་རྒན་མཐོང་བ་དང༌། ཁོང་ཁྲོ་ལངས་ནའང་ཞེད་སྣང་གིས་མཚོ་འགྲམ་དུ་སླེབས་ཐུབ་ཀྱི་མི་འདུག དེ་ནས་བཟུང་སྤྲེལ་རྒན་གྱིས་ཡང་བསྐྱར་རང་དབང་གི་འཚོ་གནས་ལོངས་སུ་སྤྱོད་འགོ་བཙུགས་སོ། སྒྲུང་འདིའི་བསླབ་བྱ་ནི།

Tags:

བྱིས་སྒྲུང་ སེང་གེ་དང་རི་བོང་།བྱིས་སྒྲུང་ རུས་སྦལ་ས་ལ་ལྷུང་བ།བྱིས་སྒྲུང་ རི་བོང་ཅལ་འདྲོགས།བྱིས་སྒྲུང་ བློ་གྲོས་ཀྱིས་བཏུལ་བ།བྱིས་སྒྲུང་ ངོ་ཚ་ནི་ཡར་རྒྱས་ཀྱི་རྩ་བ་ཡིན།བྱིས་སྒྲུང་ གྲོགས་པོའི་བརྩེ་སེམས།བྱིས་སྒྲུང་ འབྲི་དེབ་དང་སྙུ་གུ།བྱིས་སྒྲུང་ སེམས་སྡུག་ཅན་གྱི་བུ་འཕགས་མཆོགབྱིས་སྒྲུང་ ཞིམ་ཕྲུག་གིས་ཉ་འཛིན་པ།བྱིས་སྒྲུང་ བུ་ལྷག་པ་དང་རླུང་བུ་ལྷགས་པ་འཁྲུལ་བ།བྱིས་སྒྲུང་ ཁྱོ་ག་ཤ་དང་སྐྱེ་དམན་ཚི་ལུ།བྱིས་སྒྲུང་ རེ་བའི་ཕོངས་པའི་རྒན་པོ།བྱིས་སྒྲུང་ ངས་རང་ཡོང་གི་ཡོད་པ་ཤེས་ཀྱི་ཡོད།བྱིས་སྒྲུང་ ལས་ངན་ལ་འབྲས་ངན་གྱི་གྲོགས།བྱིས་སྒྲུང་ འདོད་རྔམ་ཆེ་བའི་བོང་བུ།བྱིས་སྒྲུང་ རྐང་ལམ་ཕྲ་མོ།བྱིས་སྒྲུང་ སྤྲེལ་རྒན་དང་ཆུ་སྲིན།བྱིས་སྒྲུང་

🔥 Trending searches on Wiki བོད་སྐད:

ཆགས་སྦྱོར་བྱེད་པ།སེམས་ཁམས་རིག་པ།དགྲ་བཅོམ་པ།ལྟུང་བཤགས་གསེར།རྒྱལ་སྤྱིའི་འཕྲོད་བསྟེན་སྒྲིག་འཛུགས།ཟླ་༤ཚེས་༢༩ཉིན་ཟླ་བ་བཞི་པའགུལ་རིས་གློག་བརྙན།རིགས་སད་དུས་རབས།པེ་རུ།བར་དོ་དྲུག་གི་རྩ་ཚིག་ཞི་ཅིན་ཕིངསློབ་དཔོན་ཐུ་མི་སམ་བྷོ་ཊ།ཆོས་འཁོར་གྱི་སྐོར།ཧྥི་ཇི།ཕོ་བྲང་ཡུམ་བུ་བླ་སྒང།རླུང་།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།སི་ཧྥུན་ཁོ་སི། (ཨའི་ཅི།)རྐང་རྩེད་སྤོ་ལོ།འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཨིལ་སལ་ཝ་ཌོར།སྦེ་གཨོ་ལི་ཝེར་.རྒོ་རྡི་སིམ་སི།ཝི་ཏི་ནམ།ཁམས་གསུམ་ས་དགུ་དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་ཨང་གོ་ལ།བོད་ཀྱི་རྒྱལ་རབས་རིག་གནས་བཅུ།མཁས་འཇུག་སྡོམ་བྱང་ས་ཁམས་རིག་པ།བོ་སེ་ཊོན།བྷི་རུ་ནི།ལའོ་སུ།དུང་དཀར་ཚིག་མཛོད་ཆེན་མོ་བྱ་ཏེ་དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།ཏན་ནེ་སི་སྤོ་ལོ།བོང་བུ།གསང་སྔགསཐག་རྒུལ་འདྲ་གཟུགས།དམྱལ་ཁམས་བཅོ་བརྒྱད།༢༠༠༧ལོ།རྒྱལ་བ་བསྟན་འཛིན་རྒྱ་མཚོ་མོ་སི་ཁོ།སྙན་ངགགཙོ་ངོས།པུ་རུ་ཟིལ།བོད་ཀྱི་སྐད་ཡིག།སྐྱེ་དངོས་རིག་པ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།ཉི་མ།སློབ་དཔོན་དབྱིག་གཉེན་ཨི་རི་ཏྲའ།ཤེས་རབ་སྙིང་པོ་རྒྱལ་ཆེན་བཞིའི་རིགས་ཀྱི་ལྷ་ཇ།སྲོག་ཆགས་རིན་ཆེན་གྲང་སྦྱོར་རིལ་ནག་ཆེན་མོ།དུས་ཆེན།གདུགས་དཀར་མཆོག་གྲུབ་མ་གློག་ཀླད།ལྡེ་སྣོལ་པོ།ལ་ཏིན་སྐད།ཡེ་ཤུའི་ཆོས་ལུགས།བློ་སྦྱོང་ཚིག་དོན་བརྒྱད་མ་🡆 More