ལེའུ་

གནའ་རབས་བོད་ཀྱི་རྩོམ་ཡིག་རྣམས་ལ་ནང་གསེས་དོན་ཚན་མང་པོ་ཡོད་ན་དོན་ཚན་ཆེ་བ་རེ་ལ་ལེའུ་རེར་རྩིས་ནས་དེའི་ནང་གསེས་ཀྱི་དོན་ཚན་ཆུང་བ་རྣམས་ས་བཅད་དུམ་བུ་སོ་སོར་བགོས་པ་ཡིན། ལེའུ་རེའི་ཡིག་འབྲུའི་གྲངས་ཚད་ནི། རྒྱ་གར་སྐད་ཀྱི་རྩོམ་ཡིག་ལ་ཚིགས་བཅད་ཡིན་ཚེ་ཚིག་རྐང་རེར་ཤློོ་ཀ་གཅིག་དང། ཚིག་ལྷུག་མ་ཡིན་ན་ཚེག་བར་རེ་ལ་ཡིག་འབྲུ་རེར་རྩིས་པའི་ཡིག་འབྲུ་སུམ་ཅུ་སོ་གཉིས་ལ་ཤློོ་ཀ་གཅིག་ཏུ་རྩིས་ཏེ་ཤློོ་ཀ་སུམ་བརྒྱ་སྟེ་ཡིག་འབྲུ་ཚེག་བར་དགུ་སྟོང་དྲུག་བརྒྱ་ལ་བམ་པོ་གཅིག་ཡིན་ཞིང། བམ་པོ་རེ་ལ་ཆ་སྙོམས་ཀྱི་ལེའུ་གཉིས་རེ་དང། ལེའུ་རེར་ཡིག་འབྲུ་ཚེག་བར་བཞི་སྟོང་བརྒྱད་བརྒྱ་ཡོད། བོད་སྐད་ཀྱི་རྩོམ་ཡིག་ལ་ནི། ཚིགས་བཅད་ཚིག་རྐང་བཞི་རེར་ཤློོ་ལོ་ཀ་རེར་རྩིས་པ་གོང་དང་འདྲ་ཞིང། ཚིག་ལྷུག་ཡིན་ན་ཚེག་བར་ཉི་ཤུ་རྩ་བརྒྱད་རེ་ལ་ཤློོ་ལོ་ཀ་རེ་དང། ཤློོ་ཀ་སུམ་བརྒྱ་ཐམ་པ་སྟེ་ཡིག་འབྲུ་ཚེག་བར་བརྒྱད་སྟོང་བཞི་བརྒྱ་ལ་བམ་པོ་གཅིག བམ་པོ་རེར་ཆ་སྙོམས་ཀྱི་ལེའུ་གཉིས་རེ་དང། ལེའུ་རེར་ཡིག་འབྲུ་ཚེག་བར་བཞི་སྟོང་ཉིས་བརྒྱ་རེ་ཡོད་ཅེས་བཀའ་འགྱུར་དང་བསྟན་འགྱུར་གྱི་དཀར་ཆག་འགའ་ཞིག་ལས་གསལ། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

ཕྱོགས་བཅུའི་མུན་སེལ་སེ་པན་སྐད།དངུལ་ལོར།ཡིག་བརྒྱ་སྡུག་བསྔལ་བརྒྱད།བོ་དོང་ཕྱོགས་ལས་རྣམ་རྒྱལ།ཕོ་བྲང་པོ་ཏ་ལ་ལོ་སྐོར་བཅུ་གཉིས་དེབ་ཐེར་རྒྱ་མཚོ།ཧྲོའུ་སི།ཧིན་དུསེན་ཊི་བིན་སེན་ཊི་དང་གི་རི་ན་ཌིན་སི།སེ་པི་རི་སི།རྔོག་ལེགས་པའི་ཤེས་རབ་གླང་ཆེན་དཀར་པོ།ཨཱལ་གྷོར།ཡོན་དྷི་མི་དགེ་བཅུ།རྣམ་དབྱེ་བདུན་པ་གནས་གཞི་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས་མེར་ཁུ་རི།སློབ་དཔོན་སེང་གེ་བཟང་པོ།ཧའོ་ནན་ཞིང་ཆེན་གཙུག་གཏོར་རྣམ་རྒྱལ་མ།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།ཕག་གྲུའི་སྲིད་སྐྱོང་དུས་རབས།ཨོ་མུ།རས་ཆུང་བ་རྡོ་རྗེ་གྲགས།རྒྱ་གར་གྱི་ཆོས་ལུགས།གསའ་གཟིགཡུལ་གོར་མི།སྐྲ་སྐར་ཟླ་བ་བཅུ་གཉིས་ལེགས་བཤད་ལྷ་ས།ཚགས་པར།སེན་ཊི་ཀི་ཊི་སི་དང་ནེ་བི་སི།ལེ་ལོ་ཅན་དང་བརྩོན་འགྲུས་ཅན།མ་རིན་ལེ་པེན།བུམ་ཐང་གི་ས་ཁོངས།ལྦུ་སིམ་ཁུ་ནག༄༅།། བར་དོ་ཐོས་གྲོལ།རིན་ཆེན་རཏྣ་བསམ་འཕེལ་ཁོ་རོར།བར་དོ་དང་པོའི་འོད་གསལ་ངོ་སྤྲོད་ཀྲོང་སྐད།རྗར་ཁན་ཌི།རྩ་རྒྱུད།ཧྥིན་ལན།སྙིང་ཐིག་སྔོན་འགྲོའི་དམིགས་རིམ་བསྡུས་པ་རྣམ་དབྱེ་བརྒྱད་སྣུམ་སྒྱུར་ཆས།སྒྲིག་མཁན།འབྲུག་གི་རྒྱལ་དར།རྒྱ་གར་གི་ལོ་རྒྱུས།ཆགས་སྦྱོར་བྱེད་པ།ཡིའུ་ལི་ཝུའུ་སི་ཁའེ་ས།རྟེན་འབྲེལ་ཡན་ལག་བཅུ་གཉིས།སྡེ་སྲིད་སངས་རྒྱས་རྒྱ་མཚོ།ཤེས་རབ་སྙིང་པོ་ཁུ་ནུ་རི་རྒྱུད།སི་ལོ་ཝེ་ནི་ཡ།རྒྱུད་བཞི་ཞེ་ཆེན་རྒྱལ་ཚབ་ཆོས་འབྱུང་གྲི།ལྷ་བསང་།ལྷོ་ཨ་ཧྥེ་རི་ཁ།པང་གདན།གེམ་བྷི་ཡ།ལྷ་ཆོས།དཔའ་ཤོད་རྫོང་།🡆 More