རྔོག་ལེགས་པའི་ཤེས་རབ་

བཀའ་གདམས་ཀྱི་མེས་པོ་ཇོ་འབྲོམ་ཡབ་སྲས་གསུམ་གྱི་ཡ་གྱལ་ཡིན་ལ། ཇོ་བོ་རྗེའི་སློབ་མ་སྙན་གྲགས་ཅན་དབུས་ཀྱི་ཁུ་རྔོག་འབྲོམ་གསུང་གྱི་ཡ་གྱལ་ཡང་ཡིན། ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་བློན་པོ་རྔོག་ཆེན་པའི་རྒྱུད་པ་ཡར་འབྲོག་དོའི་ཕྱི་རོལ་གྱི་མཚོ་ཆེན་པོའི་འགྲམ་དུ་གྲོང་ཆགས་པའི་སྔགས་རྙིང་མ་བའི་དགེ་བཤེས་རྡོ་རྗེ་གཞོན་ནུར་སྲས་ལྔ་ཡོད་པའི་ཆེ་བར་སྐུ་འཁྲུངས། འབྲིང་ཡེ་ཤེས་ཡོན་ཏན་ལས་རབ་ཏུ་བྱུང་། སྐུ་ན་ཆུང་ངུའི་དུས་མངའ་རིས་གུ་གེ་རྒྱལ་པོས་ཁ་ཆེའི་ཡུལ་དུ་མངགས་ཏེ་ནང་པ་སངས་རྒྱས་པའི་ཆོས་ལུགས་སློབ་གཉེར་མཛད་ནས་མཁས་པར་གྱུར། ཕྱིས་སུ་ལོ་ཆེན་རིན་ཆེན་བཟང་པོར་རོགས་མཛད་དེ་བཀའ་ཆོས་བསྒྱུར། རབ་བྱུང་དང་པོའི་ཤིང་བྱ(༡༠༤༥)ལོར་དབུས་སུ་ཕེབས་སྐབས་རྔོག་གིས་ལྷ་སར་སྤྱན་དྲངས། སྤྱན་རས་གཟིགས་ཀྱིས་མི་དཀར་པོ་ཞིག་ཏུ་བྱས་ནས་བསུ་བ་མཛད། ནག་ཚོ་དང་ལྷན་དུ་ཇོ་བོ་དང་མཇལ་ཏེ་ཇོ་བོའི་ཐུགས་སྲས་སུ་གྱུར། རྔོག་གིས་ལོ་པཎ་ལ་ཞུས་ནས་རྟོག་གེ་འབར་བ་བསྒྱུར། དེ་ནས་ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་དང་ལྷན་དུ་ཇོ་བོའི་དྲུང་ནས་བཀའ་གདམས་བུ་ཆོས་ཞུས། རབ་བྱུང་དང་པོའི་ཆུ་གླང(༡༠༧༣)ལོར་གསང་ཕུ་ནེའུ་ཐོག་དགོན་པ་བཏབ། རྔོག་ལོ་ཡབ་སྲས(ལེགས་པའི་ཤེས་རབ་དང་བློ་ལྡན་ཤེས་རབ་གཉིས་ལ་ཞུ)ཀྱིས་ཚད་མ་རྣམ་ངེས་དང་བྱམས་ཆོས་གཞིར་བཞག་གིས་གསང་ཕུར་རིགས་ལམ་ནས་དྲངས་པའི་འཆད་ཉན་ཤིན་ཏུ་དར་པོ་བྱུང་། སློབ་མ་མཁས་པ་ཉིད་ཀྱི་དབོན་རྔོག་བློ་ལྡན་ཤེས་རབ་སོགས་བྱུང་། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ནས་བཏུས།

རྔོག་ལེགས་པའི་ཤེས་རབ།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

གབ་རེས་འུར་རེས།སི་ཝེ་དེན།འཇུ་ཆེན་ཐུབ་བསྟན་རྣམ་རྒྱལ།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་༦༢ (གྲངས་ཀ།)ས་སྐྱ་པ་འདོད་པའི་བསྟན་བཅོས།ཏཱ་ལའི་བླ་མ་རང་བྱུང་གྲངས།ད་ལྟའི་བྱ་བ།བྱ་རྒོད།མི་བཟོས་རིག་ནུས།ཡང་འཇུག་གཉིས་རྒྱུད་དྲུགཆོས་གྲགས་ཀོ་ཊི་ཌི་ཨའི་བོ་རི།ཤེས་རབ་སྙིང་པོ་ཉི་ཧོང་སྐད།ཨོཾ་མ་ཎི་པ་དྨེ་ཧཱུྃ།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽ལི་ཐུ་ཨེ་ནི་ཡ།གླང་ཆེན་ཁ་བབས།པེ་རུ་ཇི་ནོ།ཁྱུ་དགའ།སྣ་མའི་མེ་ཏོགབདུན་ཟུར་ལྗང་བུ།མ་ད་གཱ་སི་ཀར།ཐང་རྒྱལ་རབས།རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།བོན།ཝི་ཏི་ནམ།༢༠༠༤ལོ།མར་ག་རེ་ཐ་ཁྲ་ཆེའར།ཕ་ཁྲི་རི་ཟེ་ལི་མིན་བ།ཆོས་ཀྱི་བདག་མེད་པུ་རུ་ཟི་ལི་ཡ།ཚོ་ཁག་གི་ཆགས་སྤྱོད།སྒྲོལ་མའི་མཎྜལ་བཞི་ཆོག་སློབ་གྲྭ་ཆེན་མོ།ཁྲིན་ཀོན་ཆུས།ཌོ་མི་ནི་ཀཧྥ་ར་ཨན་ཇེ་ལི་ཁོ།ཧྥ་རན་སིའི་འཛམ་གླིང་འཁྲུག་ཆེན་གཉིས་པ་འཛམ་གླིང་འཁྲུག་ཆེན་དང་པོ།དུས་ཆེན།མངོན་རྟོགས་རྒྱན་ནང་པ་སངས་རྒྱས་པ་རྡོ་ཀུབ།ནུ་མ།འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་གུ་རུའི་རྣམ་ཐར།བོད་ཡིགཧེན་ཐའེ།སུམ་བ་བཅུ་པ།པཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་བཱན་ཇཱུ་ལ།རླུང་།བསམ་པ་ལྷུན་འགྲུབ་མ་བཞུགས་སོ།བ་ར་ཏིསི་ལ་བ།པྰེ་ལེ་ཌིམ།བྱང་སྣེའི་དོམ་དཀར།ལིའུ་པང་།རི་དྭགས་ཆོས་འཁོར་རྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།བོད་ཀྱི་སྐད་ཡིག།🡆 More