བརྡ་རྙིང་ཕྲན་བུ་

རྨྱ་བ་ནི་བཀྲག་མདངས་ཉམས་པ། རྩབ་མོ་ནི་འབྲས་དང་ཁྲེ་ལ་སོགས་བཙོས་པའི་ཁུ་བ་རྩི་མེད་པར་མནན་པའི་ཆང་ཁུ། ཞོའི་རུ་མ་རྩབས། ཙབ་ཧྲལ་ནི་བཙུན་ཚུགས་ཉམས་ནས་འདོད་པའི་ཚིག་མི་གསལ་བར་སྨྲ་ཞིང་ཀུན་ཏུ་ཅ་ཅོ་འདོན་པ། ལུས་ཀྱི་ཙབ་ཧྲལ་ནི་རྒོད་བྲོར་རུང་བ། ལོ་ཐང་ནི་རྒྱལ་པོའི་དཔྱ། ཨ་རོག་གྱའམ་ཕྱྭ་ནི་ནད་མེད་པར་གྱུར་ཅིག །ཀོག་ཙེ་ནི་རྒྱའམ་སྙི། སྐྱང་ནུལ་ནི་ཞལ་བ་སྟེ། ཆག་ཆག་བཏབ་པའི་མིང་། སྐྱོ་མ་ནི་སྐོམ་གྱི་ནང་དུ་ཕྱེ་བཏབ་པ། དེའང་གཟར་བུ་གྱེན་དུ་བསླང་མི་ནུས་པ། སྐྱུ་རུམ་ནི་ཚོད་མ། དཀྱེལ་ཆེ་ནི་ཁོང་ཡངས་པ། ཁོང་སྒྲིལ་ནི་ལྕགས་སྒྲོག །ཁམ་ཕོར་ནི་རྫ་ཕོར། འཁོན་གཅུག་ནི་མི་མཛའ་བ། མཁྱུད་སྤྱད་ནི་མན་ངག་ཕྲན་བུ་སྦས་ནས་འཆད་པ། ཁུད་པ་ནི་སྐྱེས་དང་རྫོངས་པ་ལ་འཇུག་ཅིང་། བདག་གཅིག་པུས་བདག་གིར་བྱས་པ་དང་། ཁྱད་ཆོས་ལའང་ངོ་། །གབ་ཙེ་ནི་ཟ་མ་ཏོག །ཁྱིམ་གྱི་གོ་རེ་ལོང་ནི་ཁྱིམ་གད་དར་བྱས་པའི་མིང་། ག་ཤལ་ནི་བྲང་ནས་མཆན་འོག་ཏུ་འཆིང་བའི་མེ་ཏོག་གི་ཕྲེང་བ། གལ་ནི་རྒྱའམ་སྙིའམ་སྙོང་། ལྕག་ཕོད་ནི་སྐེ་རགས་སྲད་བུ་ཟུར་བཞི་པ་ཅན་ལྷས་མ་སྦོམ་པོ། ལྕུག་གུ་ནི་སྐེད་རགས་ཕྲ་མོ། གཅུགས་མེད་པ་ནི་འཁོན་མེད་པ། མཆིག་ནི་མས་གཏུན། མཆིག་གུ་ནི་ཡས་གཏུན། ཆོལ་ཟངས་ནི་རྐང་པ་དཀྲུ་བའི་སྣོད། འཇམ་ནི་ཐུག་པ། ལྗང་བ་ནི་མྱུ་གུ །གཉའ་བོ་ནི་དཔང་པོ། བསྙེན་པ་ནི་ཉེ་བའི་མིང་། ཕྱག་བརྙན་ནི་འཁོར་གཡོག །གཉེ་མ་ནི་ནང་ཁྲོལ། རྙི་དང་རྙོང་ནི་རི་དྭགས་འཛིན་ཐབས་དང་བྱ་འཛིན་པའི་ཁྱད་དུའང་བཤད། བསྙེལ་དང་བསྐྱུད་ནི་བརྗེད་པའི་དོན། ཉེའུ་འདོན་པ་ནི་ཉེས་ཅན་འཇིགས་པ་ལས་སྐྱོབ་པ། ཉེ་རེག་ནི་ཁྲུས། བསྟང་བ་ནི་གྲོགས་དང་མགོན་བྱས་པའི་མིང་། དེ་བཞིན་དུ་སྟོངས་གྲོགས་སྟོངས་གདབ་སོགས་ཕན་བཏགས་པའི་བརྡ་རྙིང་ཡིན། སྟོངས་མོ་ནི་ཐམས་ཅད་རུབ་ནས་གྲོགས་བྱེད་པ། གཏུ་ལུམ་ནི་བཟི་བ། ཏྲོན་བྱེད་ཞེས་པ་དགེ་བ་ལ་འབད་འབུངས་དང་བརྩོན་འགྲུས། སྟོར་ཁུང་ནི་མི་གཙང་བ་དང་ཁྲུས་ཆུ་སོགས་འདོར་བའི་ཁུང་བུ། སྟངས་འཛིན་དང་སྟོང་གཅོད་ནི་ཡིན་མིན་གྱི་དོན་ཐག་བཅད་པ། མཐང་ནི་ལུས་ཀྱི་སྨད་དེ། མཐང་གོས་ལྟ་བུ། ཐུག་ཐུབ་ནི་བཙན་ཐབས། འཐོར་འཐུང་ནི་མངོན་པར་བཟླས་པའི་ཁྲུས་ཆུ་ཞབས་བསིལ་ཁ་བཤལ་སོགས་ལ་འཇུག །དྲ་མ་ནི་ཡ་རབས། དོ་ར་ནི་རྩི་ཤིང་ར་བ་དང་། གར་མཁན་གྱི་ར་བ་ལའང་། མདོང་གསོལ་ནི་ངོ་ཆེན་ཞུ་བའམ་ངོ་དགའ་བྱེད་པ། ཁྱེའུ་སུ་ནི་བསོད་སྙོམས་སུ་མི་གཏོགས་པའི་བཟའ་བཅའ་ཕྲན་བུ་སྒེར་དུ་བཅོས་པ་སྟེ། འདི་ལ་ཞལ་ཚུས་ཀྱང་ཟེར། ཡང་ན་ནར་མར་ཟ་ཚོད་ལས་ལྷག་པར་ཟ་བ་ལ་ཀུན་མཁྱེན་མཚོ་སྣ་བའི་འདུལ་ཊཱིཀ་ལས་བཤད། ལྡ་ལྡི་ནི་ཆུན་པོ། དྲ་པད་ནི་སྐེ་རགས། སྣ་བོ་ནི་གཙོ་བོ། སྣམ་ལོག་ནི་རྒྱབ། ནན་ཏུར་ནི་ཆད་ལས། པར་ཏང་ནི་སྟན་ཁྲ་བོ། སྤྱོམས་ནི་ངོམས་པ་དང་བདག་བསྟོད་དང་བདག་ཉིད་སྒྲོགས་པ། འོག་པག་ནི་རྐེད་རྒྱན། བེའུ་རས་ནི་ངོས་གཉིས་ཀར་སྤུ་ཡོད་པའི་རས། བེའུ་འཕྲུག་ནི་སྤུ་ཤིན་ཏུ་རིང་བ། བྱད་སྟེམས་ནི་དྲང་སྲོང་གི་དམོད་པ། རྦོད་གཏོང་ནི་དམོད་མོ། ཚ་གོང་ནི་སྔ་དྲོ། ཚ་རྟིང་ནི་སྔ་དྲོའི་འོག །སྲེ་ད་ནི་འབྲུའི་བྱེ་བྲག །རྣང་སྙལ་ནི་ཞིང་ལ་ཆུ་མཉམ་པོར་འདྲེན་པའི་ཐབས་སུ་ས་ཚིགས་སོ་སོར་བཅོས་པའི་མིང་།

Tags:

🔥 Trending searches on Wiki བོད་སྐད:

འབྱུང་རྩིས་ཟླ་ཟེར་བ་ཧ་མཱ་སི།ཨོ་མུ།སི་ཀ་པི་ནོ།མི་རྟག་པ།ཀོ་རི་ཡ།ཇ་མའི་ཀརྗེ་བཙུན་མི་ལ་རས་པའི་རྣམ་ཐར་རྒྱས་པར་ཕྱེ་བ་མགུར་འབུམ་ཞེས་བྱ་བ་བཞུགས་སོ་དབྱིན་ཇི་མཉམ་འབྲེལ།ལྷ་ས།ལིབ་རེ་ཝིལ།མེར་ཁུ་རི།སི་ཝེ་དེན་གྱི་སྒྱུ་རྩལ།ཀུན་དགའ་བོ་དོན་འགྲུབ་རྒྱལཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ།ཟླ་༢ཚེས་༡ཉིན་ཁ་ར་ཁ་སིལོ་སྐོར་བཅུ་གཉིས་བོོད་ཀྱི་རྒྱལ་རབས་རིམ་བྱོན་ཇོ་བོ་རྗེ་ཨ་ཏི་ཤ་ཁ་ཏར།གནས་ཉེར་བཞི་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་པོ་དོལ་སིགསི་ཧྥུན་ཁོ་སི། (ཨའི་ཅི།)ཕོ་རོའོ་ཝང་སི།ནོར་བཟང་།སྨོན་འཇུག་སེམས་བསྐྱེད།ཉི་ཧུང་རི་བོ་ཝེ་སྨི་ན་ཨེར།འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་སེ་པི་རི་སི།སྣུམ་སྒྱུར་ཆས།ཕྲུ་གུདཔལ་སྤུངས་དགོན།ལེའུ་དང་པོ།རྒྱལ་པོ་སྤྲིན་གྱི་གཞོན་པ་རྒྱལ་སྲིད་ལ་མ་ཆགས་པར་ ་ ་ ་ཀ་ནི་ཀ་ས་ཨའེ་རྩེ།མཎྜལ།ས་ཡི་སྙིང་པོ།ཁ་སི་ཐྲིས།རིགས་ལྔ།ཧོ་ལན་གཉའ་ཁྲི་བཙན་པོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབང་གི་རབ་ཏུ་བྱེད་པ་གསུམ་རིག་པ་རྒྱུ་སྐར་ཆུང་ཨ་ཝེ་རོང་།གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་སྣང་བ་ལྷར་བསྒྲུབ་པ།དུང་དཀར་ཚིག་མཛོད་ཆེན་མོ་༼མ་ཧ་བ་ར་ཏ།༽རྩ་རྒྱུད།བཀྲ་ཤིས་བརྒྱད་པསུའུ་ཧྲི།ཆར་པ།C+༄༅།། བར་དོ་ཐོས་གྲོལ།ནང་ཆེན་རྒྱལ་རབསལ་རོ་ཅེ་ལེ།སྒྱུ་འཕྲུལ་གྱི་འཇུག་སྒོ་དབང་གི་ཕྱག་བཞེས་རྒྱུད་བླ་མ་ཧི་མ་ལ་ཡའི་རི་རྒྱུད་སྤི་ཏིའི་ཕྱོགས་ཀྱི་ལོ་རྒྱུས་ཚོ་ཁག་གི་ཆགས་སྤྱོད།རང་བཞིན་བརྗོད་པའི་རྒྱན་བཞི་ཁམས🡆 More