གནས་ཉེར་བཞི་

གྲངས་ཀྱི་མངོན་བརྗོད་གསལ་བའི་སྒྲོན་མེའི་རང་འགྲེལ་བཞུགས་སོ།།སངས་རྒྱས་ཆོས་ལུགས་ཀྱི་གསུང་སྔགས་ཀྱི་གཞུང་མང་པོ་ནས་མིང་ཙམ་འབྱུང་ཞིང། བུ་སྟོན་རིན་ཆེའི་གསུང《བདེ་མཆོག་ཆོས་འབྱུང་》དང་པཎ་ཆེན་ཨེར་ཏི་ནི་དཔལ་ལྡན་ཡེ་ཤེས་ཀྱི་གསུང《ཤམ་བྷ་ལའི་རྣམ་བཤད་》ནས་རྒྱས་པར་བཤད་པ་གཉིས་གུང་བསྒྲིགས་ནས་དོན་བསྡུས་ཏེ་བཀོད་པར། ༡.པཱུ་ལི་ར་མ་ལ་ཡ་(རྒྱ་གར་ཤར་ཕྱོགས་བྷང་གྷ་ལ་ཡི་ལྷོ་ངོས་མ་ལ་ཡའི་ཆུ་ཀླུང་འབབ་པའི་གནས)༢.ཛ་ལནྡྷ་ར་(ཆུ་བོ་གངྒ་མཚོ་མ་ཕམ་ནས་་མངའ་རིས་ཀྱི་ཡུལ་བརྒྱུད་ཉིན་འགའ་ཞིག་ལྷོ་ནུབ་ཕྱོགས་སུ་ཁ་གཏད་ནས་འབབ་ཅིང། ཊི་ལིའམ་ངྷི་ལིའི་བྱང་ཕྱོགས་ཧ་རི་དཱ་ཝར་ཤར་ཕྱོགས་སུ་འཁྱོགས་ནས་འབབ་པའི་བྱང་ངོས་ཛཱ་ལ་མུག་གམ་ཛ་ལ་མུ་ཁི་སྟེ་རྡོ་ལ་མེ་འབར་བའི་གནས།) ༣.ཨཽ་ཊི་ཡ་ན་(འདི་ནི་ཨོ་རྒྱན་གྱི་ཡུལ་ཞེས་བཤད་པ་དེ་ཡིན།) ༤.ཨ་རྦུ་ཏ་(རྒྱ་གར་ལྷོ་ཕྱོགས་ཀྱི་རི་དབུས་མཐོ་ལ་མཐའ་དམའ་བ་འབྲང་རྒྱས་སམ་སྙིང་གི་གཟུགས་ཅན་ཞིག་གི་མིང།) ༥.གཽ་ད་ཝ་རི་(བལ་པོའི་ཡུལ་གྱི་བྱང་ངོས་རང་རྒྱལ་གྱི་གཉའ་ནང་རྫོང་གི་ཉེ་འདབས་ལ་ཕྱི་གངས་ར་ཞེས་གངས་རི་ཆེན་པོ་ཞིག་ཡོད་པར་བཤད། འདི་རྗེ་བཙུན་མི་ལའི་རྣམ་ཐར་དུ། སྟོད་གཉའ་ནང་དུ་ཡོད་པའི་ལ་ཕྱི་གངས་ར་ཞེས་གསལ་ཞིང། ལ་ཕྱི་གངས་ར་ཞེས་པ་ཧི་མ་ལ་ཡའི་རི་ཡི་རྒྱུད་གཅིག་ཡིན་པས་ས་བཀྲའི་ནང་སྒོ་ས་ཡིན་ཐན་ཞེས་གསལ་བ་དེ་དེང་སང་ཡོངས་གྲགས་རྒྱ་སྐད་ཤི་ཤ་སྤང་མ་ཞེས་པ་དེ་ཡིནནམ། དེ་མིན་ལ་ཕྱི་གངས་ར་ཞེས་པ་ལོགས་སུ་ཡོད་མེད་བརྟག་དགོས) ༦.རྭ་མེ་ཤ་རི་(རྒྱ་གར་གྱི་ས་དབྱིབས་གྲུ་གསུམ་དུ་ཆགས་པའི་རྩེ་མོ་རྣོ་ཤོས་ལྷོ་ཕྱོགས་སུ་གཏད་པའི་རྒྱ་མཚོའི་འགྲམ་གྱི་སྣེ་དེར་ཡོད། འདི་ནས་ཤར་ལྷོའི་ཕྱོགས་སུ་གྲུ་བཏང་ནས་སོང་ན་ལང་ཀའི་གྲོང་ཁྱེར་རམ་ལམ་ཀའི་གླིང་ཕྲན་ཞེས་རྒྱལ་པོ་ར་མཱ་ནས་སྲིན་ཡུལ་དུ་དམག་དྲངས་པར་བཤད་པའི་ཡུལ་དེ་ཡིན་པས། དེང་སང་སིང་ཀ་ལའང། ཤྲི་ལངྐའམ་སི་ལི་ལངྐ་ཟེར)༧.དེ་ཝི་ཀོ་ཏྲི(འདི་བོད་སྐད་དུ་ལྷ་མོའི་མཁར་ཞེས་ཟེར་ཞིང། ཀོང་པོའི་ཡུལ་དང་། དྭགས་པོ། ཀློ་ཡུལ་གསུམ་གྱི་མཚམས་སུ་ཡོད་པའི་རྩ་རི་ལ་ངོས་འཛིན་པ་གཅིག་དང། རྒྱ་གར་ཨ་སམ་གྱི་ཤར་ཕྱོགས་གང་ཚ་རངྒ་ཞེས་པའི་ནང་ཚན་ཏི་ར་ཕུར་ཞེས་པའི་རི་བོ་དེར་ངོས་འཛིན་པ་གཅིག་ཡོད།) ༨.མཱ་ལ་ཝ་(རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན་པར་བཤད)༩.ཀཱ་མ་རུ་པ་(བལ་ཡུལ་དང་ཐག་ཉེ་བའི་གངས་རྒྱ་མོ་མཐོན་མཐིང་གི་འགྲམ་ནས་རྒྱ་གར་སྐད་དུ་ཆུ་བོ་ལོ་ཧི་ཏ་རྒྱ་སྐད་དུ་མཱ་ཆོན་ཧོ་)བོད་སྐད་དུ་རྟ་མཆོག་ཁ་འབབ་ཏུ་གྲགས་པ་དེ་ཉིད་གཞིའ་ཀ་རྩེ་ནས་མྱང་ཆུ་དང་འདྲེས། ལྷ་སའི་ལྷོ་ནུབ་ཆུ་ཤུལ་ནས་སྐྱིད་ཆུ་དང་འདྲེས་ནས་ཡར་ལུང་བརྒྱུད་དུ་འབབ་པ་ལ་ཡར་ལུང་གཙང་པོ་ཟེར། དེ་ཉིད་ཀོང་པོ་ཡུལ་ནས་ཁ་ལྷོར་བལྟས་ནས་རྒྱ་གར་ཤར་ཕྱོགས་སུ་ཐོན་པའི་ས་དེར་ངོས་འཛིན། དེ་ནས་རྒྱ་གར་ཤར་ཕྱོགས་ཨ་སམ་གྱི་ཡུལ་བརྒྱུད་ནས་ཤར་པ་ཀི་སི་ཐན་གྱི་བྱང་ནས་ཁ་ལྷོར་བལྟས་ནས་རྒྱ་མཚོ་ཆེན་པོར་འབབ་པས་གོང་གསལ་ཆུ་བོ་དེའི་དུམ་བུ་ལ་རྒྱ་གར་བ་རྣམས་ཀྱིས་བྷ་རམ་པུ་དྷ་ཟེར) ༡༠.ཨོ་ཏྲི་(རྒྱ་གར་ལྷོ་ཕྱོགས་རྒྱལ་པོ་ཤིང་རྟ་བཅུ་པའི་ཡུལ་ལ་ངོས་འཛིན་པར་བཤད་ཀྱང་ས་གནས་ངོས་མ་ཟིན) ༡༡.ཏྲི་ཤ་ཀུ་ནེ(རྒྱ་གར་ནུབ་ཕྱོགས་ཆུ་བོ་གངྒ་དང། གན་ཏི་སུ་རུ་པ་གསུམ་གྱི་འདུས་མདོ་དེར་ཡོད) ༡༢.ཀོ་ས་ལ་(རྒྱ་གར་ཡུལ་དབུས་གཉན་ཡོད་ཅེས་པ་དེ་ཡིན) ༡༣.ཀ་ལིངྐ་(རྒྱ་གར་ལྷོ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ལ་ཏྲི་ལིངྒ་ལ་སོགས་པའི་ལིངྒའི་མིང་ཅན་བརྒྱད་ཙམ་ཡོད་པར་བཤད་པའི་ནང་ནས་གཅིག་ཡིན) ༡༤.ལམ་པ་ཀ(ཨོ་རྒྱན་གྱི་ཡུལ་གྱི་ཤར་ཕྱོགས་སུ་ཡོད་པར་བཤད) ༡༥.ཀཉྩི་(རྒྱ་གར་ལྷོ་ཕྱོགས་ཀྱི་དཀྱིལ་ཏྲི་ལིང་ཀ་ཞེས་པ་དེ་ཡིན་པར་བཤད) ༡༦.ཧི་མ་ལ་ཡ་(བོད་སྐད་དུ་རི་བོ་གངས་ཅན་ཞེས་རྒྱ་གར་གྱི་བྱང་ཕྱོགས་སུ་ཡོད་པའི་རི་རྒྱུད་ཤིན་ཏུ་རིང་བོ་ཞིག་གི་མིང) ༡༧.པྲེ་ཏཱ་(མངའ་རིས་གུ་གེའི་ཡུལ་དུ་ཡོད་) ༡༨.གྲི་ཧ་དེ་ཝ་ཏ་(ལི་ཡུལ་ལྕང་ར་སྨུག་པོའམ་དེང་སང་ཤིན་ཅང་དུ་འབོད་པའི་གནས་ཀྱི་ནུབ་ངོས་སུ་ཡོད་པར་བཤད་) ༡༩.སོ་ར་ཥྟྀ(འདི་བོད་སྐད་དུ་བཟང་པོ་ཅན་ཟེར་ཞིང་རྒྱ་གར་ནུབ་ཕྱོགས་ཀྱི་ཡུལ་ཞིག་ཡིན་པར་བཤད་པ་ལྟར་རང་རྒྱལ་ནས་དཔར་བསྐྲུན་བྱས་པའི་ས་བཀྲའི་ནང་དུ་རྒྱ་གར་ནུབ་ཕྱོགས་རྒྱ་མཚོའི་འགྲམ་གྱི་ཡུལ་ཞིག་ལ་སུ་ལ་ཐའོ་ཞེས་འཁོད་པ་དེ་ཡིན་སྙམ་) ༢༠.སུ་ཝརྣ་དཱི་པ་(འདི་བོད་སྐད་དུ་གསེར་གླིང་ཟེར་ཞིང། དེང་སང་ཨིན་རྡུ་ཉི་ཤི་ཡའི་རྒྱལ་ས་ས་ཅ་ཏཱ་ཡི་ནུབ་བྱང་ངོས་ཀྱི་གླིང་ཕྲན་ཆེ་བ་སུ་མན་ཏ་ལ་ཟེར་བ་དེ་ཡིན་ཞེས་རྒྱ་རིགས་མཁས་པའི་དབང་པོ་འགའ་ཞིག་གིས་གསུངས་པ་ཐོས) ༢༡.ནཱ་ཀ་ར་(རྒྱ་གར་བྱང་ཕྱོགས་བལ་ཡུལ་དང་ཁད་ཉེ་བར་ཆུ་བོ་གངྒའི་འགྲམ་དུ་གྲོང་ཁྱེར་པ་ཏྲ་ལི་བུ་ཏྲའམ་བོད་སྐད་དུ་སྐྱ་བོའི་བུ་ཟེར། པ་ཋ་ན་ཞེས་ནཱ་ག་རའི་ཡི་གེ་འབྱུང་བའི་ཡུལ་དེ་ཡིན་པར་བཤད) ༢༢.སིན་ངྷུ་གངས་རི་ཏི་སེའི་བྱང་ངོས་ནས་འབབ་ཟེར། དེ་མངའ་རིས་ཀྱི་ཡུལ་བརྒྱུད་དང་པོར་བྱང་དང། དེ་ནས་པ་ལི་ཅ་སིའི་ལྷོ་ངོས་ནས་རེ་ཞིག་བར་ནུབ་དྲང་པོ་དང་དེ་ནས་ཀརྨིརའམ། ཁ་ཧྲི་སྨིར་གྱི་ཤར་ངོས་ནས་ནུབ་བྱང་བར་འཁྱོགས་ནས་འབབ་ཅིང། མཐར་པ་ཀི་སི་ཐན་གྱི་བྱང་ཤར་ནས་དཀྱིལ་དྲང་པོ་བརྒྱུད་རྒྱལ་ས་ཁ་ར་ཏྲིའམ་སྔ་དུས་ཁ་ར་ཋར་འབོད་པའི་ཉེ་འདབས་ནས་ཨ་ར་པིའི་རྒྱ་མཚོར་འབབ་པས་རྒྱལ་སའི་ཉེ་འདབས་སུ་གོང་གི་གནས་དེ་ཡོད་པར་བཤད) ༢༣.མ་རུ་(ཀརྨིར་གྱི་བྱང་ཕྱོགས་ཛ་ལནྔྷ་རའི་ཉེ་འདབས་སུ་ཡོད་པར་བཤད) ༢༤.ཀུ་ལུ་ཏ(ཀརྨིར་གྱི་བྱང་ཕྱོགས་ཀྱི་མཐའ་མཚམས་མངའ་རིས་ཀྱི་ཡུལ་དང་ཐག་ཉེ་བར་ཡོད་པ་དང། མངའ་རིས་པ་རྣམས་ཀྱིས་ཉུང་རྡའི་ཡུལ་ཞེས་འབོད་པའི་ནང་ཚན་ཞིག་ཡིན་པར་བཤད)

Tags:

གྲངས་ཀྱི་མངོན་བརྗོད་གསལ་བའི་སྒྲོན་མེའི་རང་འགྲེལ་བཞུགས་སོ།།

🔥 Trending searches on Wiki བོད་སྐད:

མངའ་རིས་པཎ་ཆེན་པདྨ་དབང་རྒྱལ་རྡོ་རྗེ་སྙིང་ཐིག་སྔོན་འགྲོ་བར་དོ་དང་པོའི་འོད་གསལ་ངོ་སྤྲོད་ཇོ་ནང་གླ་བ།རྫོགས་ཆེན་དགོན།གློག་དཀྲོལ་རྒྱུད་མང་།པཎ་ཆེན་སྐུ་ཕྲེང་དྲུག་པ་དཔལ་ལྡན་ཡེ་ཤེས།་མཉེན་ཆས་ཡིག་བརྒྱ་རྒྱལ་སྡེ་སྐར་ཆུང་ལྷ་ཁང་གི་རྡོ་རིང་བོད་ཅེས་པའི་མིང་འདི་ཇི་ལྟར་བྱུང་བའི་ཚུལ།ནཱ་ལེཎྜའི་པཎ་ཆེན་བཅུ་བདུན་དམུ་དགེ་བསམ་གཏན་དུས་ཚོད།ཨ་རབ་སྐད།རིགས་ལྔ།དབུས་གཙང་ཨོ་རྒྱན་པདྨ་གླིང་པ་སྒྲོལ་མ་ཉེར་གཅིག་དང་འགྲེལ་བཤདལུང་རྟོགས་རྒྱ་མཚོ།ལུག་ཚང་དཔལ་ཡོན་ཁ་ན་ཌ།ཧེག་ཐ།རྣམ་དབྱེ་བདུན་པ་གནས་གཞི་རི་མོ།དབྱིན་ཇི་མཉམ་འབྲེལ།པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།ལྦེ་ཁེ་རིག་མཛོདདུབ་ལིན།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤ།ཟླ་༡༠ཚེས་༡ཉིན་སྙན་ངག་མེ་ལོང་བཞུགས་སོ།།རྣམ་པར་ཐར་པའི་སྒོ་གསུམ་ཤིང་ཏོགཡེ་ཤུའི་ཆོས་ལུགས།འཁོར་བ།ཁྱིམ་ཚང་།རོ་ཀ་ཧྥོར། (ཆུར་བ།)སྤྱོད་འཇུག་གི་འབྲུ་འགྲེལ་དབུ་མའི་ལམ་གྱི་སྒྲོན་མ་ཏན་ནེ་སི་སྤོ་ལོ།པ་བུ་ལོ་པི་ཀ་སོ།ཨོ་སི་ཐྲི་ཡ།པུ་ལ་ཁེ།ཁྲག་གཏར་བའི་གསོ་བཅོས་ས་རཱ།ཁ་ཐོག་གི་ཆགས་སྦྱོར།བྱ་ཏེ་༢༠༢༢ལོའི་ཁ་ཐར་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ཟླ་༡༢ཚེས་༢༦ཉིན་བོད་ཆོལ་ཁ་གསུམ།མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།རྔ་བ་བོད་རིགས་ཆ་བ༹ང་རིགས་རང་སྐྱོང་ཁུལ་ཆགས་སྦྱོར་བྱེད་པ།ཞི་མི།ལུང་མ་བསྟན་གྱི་ལྟ་བ་བཅུ་བཞི་ཤེར་སྙིང་བདུད་བཟློག་ཆོ་ག་ས་སྐྱ་དགོན།རྗེ་བཙུན་མི་ལ་རས་པའི་རྣམ་པར་ཐར་པའི་དཀར་ཆག་༤༩ (གྲངས་ཀ།)འདོད་པའི་བསྟན་བཅོས།དྷོ་ཧ།པུའུ་ལུའུ་སེལ​།བྱང་གཏེར།བོད་ཀྱི་སྐད་ཡིག།ཁུ་ནུའི་ངག་སྒྲོན་གྲོ།བཟོད་པ།ཆང་རག🡆 More