དགེ་ལུགས་པ།

དགེ་ལུགས་པའི་གྲུབ་མཐའི་མིང་བྱུང་ཚུལ། དེ་ཡང་དགེ་ལུགས་པ་ནི་གདན་སའི་མིང་ལ་བརྟེན་ནས་བཏགས་པ་སྟེ། འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་སྤྱི་ལོ་༡༤༠༩བོད་རང་བྱུང་བདུན་པའི་ས་གླང་ལོར་དགའ་ལྡན་དགོན་པ་བཏབ་སྟེ་སྐུ་ཚེའི་སྨད་དུ་དེར་བཞུགས་ནས་རྗེའི་རིང་ལུགས་ཆོས་རྗེ་དགའ་ལྡན་པའི་ལུགས་ཞེས་འབོད། དེའི་ཚིག་སྣ་བསྡུས་ནས་བརྗོད་པའི་ཚེ་དགའ་ལུགས་པ་ཞེས་ཟེར་མི་བདེ་བས་དགེ་ལུགས་པ་ཞེས་མིང་དུ་འབོད་པ་རྒྱུན་ཆགས། དེ་ནས་བཟུང་དགེ་ལུགས་པའི་གྲུབ་མཐའ་དར་ཞིང་རྒྱས་པར་གྱུར། འོན་ཀྱང་ཁ་ཅིག་གིས་ནང་པ་སངས་རྒྱས་ཀྱི་ཆོས་ལུགསལ་བླ་མའི་ཆོས་ལུགས་དང་། རྙིང་མའི་ཆོས་ལུགས་ལ་དམར་པོའི་ཆོས་ལུགས། བཀའ་བརྒྱུད་པའི་ཆོས་ལུགས་ལ་དཀར་པོའི་ཆོས་ལུགས། ས་སྐྱའི་ཆོས་ལུགས་ལ་ཁྲ་བའི་ཆོས་ལུགས། དགེ་ལུགས་པ་ལ་སེར་པོའི་ཆོས་ལུགས་ཟེར་བ་སོགས་ཤིན་ཏུ་ནས་མི་འཐད་པས་ནོར་འཁྲུལ་གྱི་བརྗོད་སྲོལ་དེ་རིགས་རྒྱུན་འཇགས་སུ་གཏོང་བར་མི་རིགས་ལ། དེ་བཞིན་དུ་བོད་ཀྱི་ཆོས་ལུགས་ལ་བླ་མའི་ཆོས་ལུགས་ཟེར་བ་ནི་དེ་བས་ཀྱང་ཤིན་ཏུ་ནོར་འཁྲུལ་ཆེན་པོ་རེད། ས་དགེ་བཀའ་རྙིང་མཐའ་དག་ནང་པའི་ཆོས་ལུགས་ལས་མ་འདས་པས་ཡུལ་གྱི་ཆ་ནས་བོད་ཀྱི་ནང་པའི་ཆོས་ལུགས་ཟེར་ཆོག་གོ་ཞེས་སྔོན་བྱོན་མཁས་དབང་དག་གིས་གསུངས་ལ་རྙིང་མ་བ་ལས་གཞན་བཀའ་བརྒྱུད་པ་དང་། ས་སྐྱ་པ། དེག་ལྡན་པ་ཐམས་ཅད་ཀྱི་མདོ་ཕྱོགས་ལས་བརྩམས་པའི་གྲུབ་མཐའི་རྩ་བ་ནི་ཇོ་བོ་ཨ་ཏི་ཤ་ལ་བརྟེན་ནས་དར་བའི་བཀའ་གདམས་པའི་གྲུབ་མཐའ་ལས་སོ་སོར་གྱེས་པ་ཡིན་ཞིང་། དགེ་ལྡན་པ་ལ་བཀའ་གདམས་གསར་མ་བ་ཞེས་པའི་ཐ་སྙད་ཀྱང་འདོགས་པར་མཛད་དོ། དེ་ཡང་གྲུབ་མཐའ་སོ་སོར་འབྱེད་པའི་གནད་དམ་པ་ནི་རྒྱ་གར་དང་བོད་ཀྱི་གྲུབ་མཐའ་གང་ཡིན་ཡང་ལྟ་བའི་སྒོ་ནས་ཐ་དད་པར་བཞག་པ་མ་གཏོགས་ཞྭ་གོས་ཀྱི་ཁ་དོག་སོགས་ལ་བལྟས་ནས་བཞག་པ་ཞིག་གཏན་ནས་མིན་པ་མངོན་སུམ་ཚད་མས་གྲུབ་པ་མཁས་དབང་ཚེ་རྟན་ཞབས་དྲུང་སོགས་ཀྱིས་གསུངས་པ་ནི་ཐུགས་ཤིན་ཏུ་ནས་མད་པའི་གཏམ་ཡིན་ནོ།།།

Tags:

🔥 Trending searches on Wiki བོད་སྐད:

འཁོར་ལོ་སྡོམ་པ།བཙན་པོ་རིམ་བྱོན་གྱི་མཚན་བྱང་།ཨ་ཏོ་ཧྥུ་ཧི་ཐི་ལེ།ལྷོ་ཡི་འཛམ་བུའི་ཀླུ་རི།སྐུ་ངོ་སྤེན་པ་ཚེ་རིང་།བསམ་གཏན་ས་དྲུག་ཏེ་ལོ་པ།ཐང་ག༢༠༤༧ལོ།དམྱལ་ཁམས་བཅོ་བརྒྱད།རྒྱལ་རྩེ།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཐེག་པ་ཆེན་པོ།དབེན་ས་པ་བློ་བཟང་དོན་གྲུབ།རྒྱལ་སྲིད་སྣ་བདུན་༢༠༢༢ལོ།ཚངས་དབྱངས་རྒྱ་མཚོའི་མགུར་གླུ།རིགས་ལྡན་ཉེར་ལྔ།འཕགས་པ་བཀྲ་ཤིས་བརྩེགས་པ་ཞེས་བྱ་བ་ཐེག་པ་ཆེན་པོའི་མདོ་བཞུགསོ།།གསོ་རླུང་།ཀརྨ་པ་རང་འབྱུང་རིག་པའི་རྡོ་རྗེ་ཨཱ་ཝཛ།སྨན།༡༩༨༨ལོ།སྐྲ་སྐར་རྒྱལ་བ་ཐུབ་བསྟན་རྒྱ་མཚོ།ཌེ་སི་མོན་ཌི་ཏུ་ཏུ།མིའི་རིགས་ཀྱི་ཆགས་སྦྱོར་གྱི་བྱ་སྤྱོད།སེམས་ཁམས་རིག་པ།གཡུ་ཐོག་གསར་མ་ཡོན་ཏན་མགོན་པོརིག་གནས་བཅུ།རིག་བྱེད།དགེ་རྒན་ཆེན་མོ་ཐུབ་བསྟན་ཕུན་ཚོགས་བསྟོད་པ་ཆུ་འཛིན་དཀར་པོ་མ།༄༅།། ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང་བཞུགས་སོ།།པྲ་མོ་ཟླ་༩ཚེས་༡༩ཉིན་ཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།དགེ་འདུན་ཆོས་འཕེལ།ཕུལ་བྱུང་བོད་གཞས་གླུ་ཚིགལོ་དུས་སུ་མཆོད་པ་ཆགས་སྦྱོར་གྱི་ཨ་ལས་པད་གོགགློ་གཅོང་གི་ནད།ཞི་བ་ལྷ།༣༧ (གྲངས་ཀ།)སྲིད་པའི་འཁོར་ལོ་སངས་རྒྱས་ཀྱི་ས་ཆེན་པོ་བཀྲ་ཤིས་བརྒྱད་པཁ་ཆེའི་ཆོས་ལུགས།རྔ་རྫ་ཟལ་མོ་སྒང་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤསེ་རུལ་ཅན་གྱི་ལྕགས་རིགས།དབུས་གཙང་མི་འཇིགས་པ་བཞི།བེ་ནིན།མེ་མཁའ་རྒྱ་མཚོ།མིགསྨུག་པོའི།རྒྱས་སྲས་ལག་ལེན་སོ་བདུན་མའི་བསྡུས་འགྲེལ་སྲས་བཅས་ རྒྱལ་བ་དགྱེས་པའི་མཆོད་སྤྲིན།༢༠༣༢ལོ།མོ་ག་དི་ཤུ།ཇོ་ནང་ཆོས་འབྱུང་།གཡུ་ཐོག་ཡོན་ཏན་མགོན་པོ་སྐད་རིགས།སེང་ག་གླིང་།རབ་བྱུང་བརྩི་ཚུལ་གཞུང་ཐིགགཉེན་པོ་སྟོབས་བཞི་ཨོ་སི་མིམ།གོང་ས་མཆོག🡆 More