ཨར་པོའི་ལས་ཁུངས་

དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཀྱི་ལས་ཁུངས་ཤིག་སྟེ། གཏན་འཇགས་ཨར་པོའི་ལས་ཁུངས་སུ་དོ་དམ་ཛ་མཁན་གཉིས་དང་། གནས་ལྔ་པའི་ལས་ཚན་སེར་སྐྱ་གཉིས། ལས་བྱ་སེར་སྐྱ་བཞི། ཕྱོགས་འགྲོའི་གཉེར་ནང་བརྒྱད་བཅས་ཡོད། དེའི་གཙོ་བོའི་ལས་འགན་ནི། རྩེ་ཕོ་བྲང་གིས་གཙོས་ཕོ་བྲང་ཡས་མས་དང་། གཙུག་ལག་ཁང་། ར་ཆེ་སོགས་ལྷ་ཁང་ཁག་གཞན་ཡང་དམག་སྒར། སྨན་རྩིས་ཁང་སོགས་གཞུང་ཁང་གང་ཡོད་ལ་ལོ་ལྟར་ཉམས་གསོ་ཞུ་དགོས་པའི་རིགས་དང་། གསར་སྐྲུན་བཅས་ལས་ཁུངས་དེ་རང་ནས་འགན་ལེན་ཞུ་དགོས་པ་དང་། ལོ་འཁོར་ཨར་ལས་རྒྱ་ཁྱོན་ལ་གཞིགས་པས་འབྲུ་དངུལ་དགོས་རིགས་བཀའ་ཤག་སྤྱི་ཁྱབ་ལས་ཁུངས་ལ་སྙན་སེང་གི་འབོར་འཁུར་ལག་འཛིན་དུ་བཀོད་ཐོག་དངུལ་འབབ་གྲྭ་བཞི་ལས་ཁུངས་དང་། འབྲུ་འབབ་དབུས་གཙང་རྫོང་གཞིས་གང་འོས་ནས་བཏོན་རྒྱ་ཞུས་ཏེ་ལོ་འཁོར་གཉིས་གསུམ་རེའི་མཚམས་བཀའ་ཤག་ཏུ་བྱུང་སོང་རྩིས་ཁྲ་ཕུལ་ཐོག་ཞིབ་ཁང་ལས་ཁུངས་ནས་ཧེ་བག་ཡོད་མེད་རྩིས་ཞུས་ཀྱིས་གཞི་ནས་རྩིས་ཁྲར་དག་མཆན་དང་། དོ་དམ་པར་གཙང་འཛིན་ཞུ་དགོས་པ་བཅས་རེད། ༼དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

༡༧༣༩ལོ།འབྱུང་འཕྲོད།ཨཱལ་གྷོར།རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།ལྷག་པ།ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤལྷ་སའི་སྐྱིད་ཆུ་སྐྲ་སྐར་ལི་ཞོའོ་ལུངཧིན་ཏུའི་ཆོས་ལུགས།ཨར་མེ་ནི་ཡ།རྣམ་དབྱེ་བརྒྱད་ཕུ་ན་ཕུ་ཊི།མཆོད་པ་བཤམས་ཚུལ་གློག་བརྙན།མི་ཕམ་མཁས་འཇུག་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།དཔལ་དུས་ཀྱི་འཁོར་ལོ་ཁ་བཏགས།བདུན་ཟུར་པུ་རུ་ཟི་ལི་ཡ།ཆོས་ཀྱི་བདག་མེད་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་སྒྲོལ་མའི་རྒྱུད་ཀྱི་འབྱུང་ཁུང་།ནག་ཆུ་ས་ཁུལ།ཁོ་མོ་རོ་སུ།བཀྲ་ཤིས་རྟགས་བརྒྱད།མངོན་བརྗོད་མངོན་བརྗོད།་གབ་རེས་འུར་རེས།ས་སྐྱ་ལེགས་བཤད།བྱ་རྒོད།དཔལ་ལྡན་ལྷ་མོའི་ལོ་རྒྱུས།(ཚན་བཤུས) བེ་རི་འཇིགས་མེད།མཁན་ཆེན་ཞི་བ་འཚོ་དགེ་འདུན་རྒྱ་མཚོ།བི་སའོ།དགེ་བ་བཅུ་སུམ་ཅུ་པ་གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།རིན་ཆེནའགུལ་རིས་གློག་བརྙན།ཨའི་ཅི།བསོད་ནམས་ཕྱོགས་ཀྱི་གླང་པོ།སྦི་རགཔེ་རུ་ཇི་ནོ།སི་ལོ་ཝེ་ནི་ཡ།རྩ་བ།སྐྲག་པ།༢༠༠༤ལོ།རྒྱལ་དབང་སྐུ་འཕྲེང་རིམ་བྱོན།བརྡ སྐདརིག་གནས་གསར་བརྗེ་ཆེན་པོདམྱལ་ཁམས་བཅོ་བརྒྱད།ཐོན་མི་སམ་བྷོ་ཊ་༦༢ (གྲངས་ཀ།)ནེའུ་ཡོར་ཀ།སྡེ་སྲིད་སངས་རྒྱས་རྒྱ་མཚོ།ལི་ཐུ་ཨེ་ནི་ཡ།ཁོ་ཧྥེ།བེ་ཤིང་།སིམ་བུ་སན།ཡོ་རོབ་གླིང་།ཨོ་སི་ལོ།རིས་ཡགགཉེན་པོ་སྟོབས་བཞི་ཇིང་ཏ་ལིང་ཏ།༼རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད།༽🡆 More