སྐྱེ་ཁམས་མ་ལག

སྐྱེ་ཁམས་མ་ལག་གི་བསྡུས་མིང་ལECOཟེར། དབྱིན་ཡིགecosystemབསྡུས་པ་ཡིན། རང་བྱུང་ཁམས་ནས་སྐྱེ་དངོས་དང་ཁོར་ཡུག་གིས་གྲུབ་པའི་གཅིག་གྱུར་གྱི་ཚོགས་སྤྱི་དང་། ཚོགས་སྤྱི་འདིས་ཁྲོད་དུ་སྐྱེ་དངོས་དང་ཁོར་ཡུག་གི་བར་ཕན་ཚུན་གྱི་ཤུགས་རྐྱེན་དང་ཕན་ཚུན་གྱི་ཚོད་འཛིན་སོགས་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་ལྟོས་བཅས་ཀྱིས་དོ་མཉམ་འགུལ་སྐྱོད་དེ་བརྟན་པོ་ཡིན།

ངོ་སྤྲོད།

རང་བྱུང་ཁམས་ཀྱི་སྐྱེ་ཁམས་མ་ལག་ལ་ཆེ་ཆུང་དང་རིགས་སྣ་མི་གཅིག་པ་མང་པ་ཡོད། ཆེས་ཆེ་བའི་སྐྱེ་ཁམས་མ་ལག་ནི་སྐྱེ་དངོས་སྐྱེ་ཁམས་མ་ལག་ཡིན། དཔེར་ན་ཆུ་ཐིགས་གཅིག་དང་། འབུ་ཕྲ་གསོ་བྱེད་པང་སྣོད་གཅིག ཆུ་ཕྲན་གཅིག ཆུ་རྫིང་གཅིག་བཅས་དང་། དེ་བཞིན་དུ་མཚེའུ་དང་རྒྱ་མཚོ། ནགས་ཚལ། རྩྭ་ཐང་ལ་སོགས་ལྟ་བུ། སྐྱེ་ཁམས་མ་ལག་ནི་ཡུལ་ཁོངས་ངེས་ཅན་ཞིག་ནང་གི་སྐྱེ་དངོས་ཁྱུ་ཚོགས་དང་དེའི་ཁོར་ཡུག་གིས་གྲུབ་པའི་མ་ལག་ལ་ཟེར་བ་དང་། དེའི་གྲུབ་ཆ་ཁག་གིས་ནུས་རྒྱུན་དང་དངོས་རྫས་ཀྱི་འཁོར་རྒྱུག་ལ་བརྟེན་ནས་སྒྲིག་སྲོལ་ལྡན་པའི་བྱེད་ལས་མང་འདུས་ཕུང་པོ་ཞིག་ཆགས་ཡོད།

རིགས་དབྱེ།

སྐྱེ་ཁམས་མ་ལག་ཅེས་པའི་ཐ་སྙད་ནི་སྤྱི་ལོ1935ལོར་དབྱིན་ཇིའི་སྐྱེ་དངོས་རིག་པ A.G.སི་ཐན་ལི་ཡིས་བཏོན་པ་རེད། སྐྱེ་ཁམས་མ་ལག་ཉིད་ཆུ་སྐྱེས་ཀྱི་སྐྱེ་ཁམས་མ་ལག་སྟེ་རྒྱ་མཚོ་དང་མཚེའུ། གཙང་པོ་སོགས་དང་། སྐམ་སྐྱེས་ཀྱི་སྐྱེ་ཁམས་མ་ལག་སྟེ་ནགས་ཚལ་དང་རྩྭ་ཐང་སོགས། དེ་བཞིན་དུ་མིས་བཟོས་སྐྱེ་ཁམས་མ་ལག་སྟེ་གྲོང་ཁྱེར་དང་སྐྱེད་ཚལ་སོགས་གསུམ་ལ་དབྱེ་ཆོག སྐྱེ་ཁམས་མ་ལག་གཅིག་གི་ནང་ཁོངས་སུ་ཆགས་པའི་སྐྱེ་དངོས་ཀྱི་རིགས་ཚོགས་དང་དེ་དག་གི་ལྟོས་བཅས་ཀྱི་གྲངས་འབོར་དེ་དུས་ཡུན་ངེས་ཅན་ཞིག་གི་ནང་དུ་མང་ཉུང་འདྲ་མཚུངས་འཛིན་སྐྱོང་བྱེད་ཀྱི་ཡོད། སྐྱེ་ཁམས་མ་ལག་ནང་གི་སྐྱེ་དངོས་ཀྱི་རིགས་ཚོགས་བར་གྱི་འབྲེལ་བ་ནི་དྲ་བའི་རྣམ་པར་འབྱུང་ཞིང་། དྲ་བའི་ནང་གི་འབྲེལ་ཐུག་བྱེད་ཚུལ་ཇི་ལྟར་སྣ་མང་དང་ཞིབ་ཕྲ་ཡིན་ན་མ་ལག་ཉིད་དེ་ལྟར་བརྟན་བརླིང་ཡིན་པ་རེད། རྒྱུ་མཚན་ནི་གནས་ཚུལ་དེ་འདྲའི་སྟེང་དུ་འབྲེལ་ཐུག་གི་ལྷུ་ཚིགས་ཤིག་མེད་པར་གྱུར་ཚེ་གཞན་ཞིག་གིས་དེའི་ཚབ་བྱས་འོངས་པས་མ་ལག་ཡོངས་རྫོགས་འཇིག་མི་འགྲོ་བ་རེད། ཉི་ནུས་ནི་སྐྱེ་ཁམས་མ་ལག་གི་བྱེད་ལས་སྐུལ་བྱེད་ཀྱི་ཆེས་གཞི་རྩར་གྱུར་པའི་ནུས་ཁུངས་ཡིན།

Tags:

🔥 Trending searches on Wiki བོད་སྐད:

འཕགས་མ་སྒྲོལ་མ་ལ་བསྟོད་པ།སི་ཨམ་ཀུན་རྫོབ་བདེན་པ་གཅེར་བུ་བའི་ཆོས་ལུགས།སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་རྒྱུད་བླ་མ་ཨུ་ཟ་བེ་ཀི་སྟན།པཎ་ཆེན་སྐུ་ཕྲེང་རིམ་བྱོན། བེ་རི་འཇིགས་མེད།ཀོའོང་ཤི་ཀྲོང་རིགས་རང་སྐྱོང་ལྗོངས།བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།མེག་སི་ཀོ།རྫས་འགྱུར་རིག་པ།ཁེན།ཧོ་ལན།མ་ལ་སུང་རྒྱུགས་འགྲན།བྱིས་སྒྲུང་ཁལ་ཁ་རྗེ་བཙུན་དམ་པ་བློ་བཟང་བསྟན་པའི་རྒྱལ་མཚན་ལུང་ཤར་རྡོ་རྗེ་ཚེ་རྒྱལ།རྒྱལ་སྤྱིའི༼ལྔ་གཅིག༽ངལ་རྩོལ་དུས་ཆེན།ཕྲེང་བ།ལོ་རྒྱུས་ཀྱི་དྲི་བ་ཁག་གཅིག༢ཨོ་སི་ཐྲི་ཡ།ལུས་སུ་འགྱུར་བའི་རིམ་པ་ལྔ་ཁྱབ་འཇུག་གི་འཇུག་པ་བཅུ་སྨིན་གླིང་གཏེར་ཆེན་ཕ་དམ་པ་སངས་རྒྱས།དངུལ།སྲིད་པ་འཁོར་ལོ་ཨ་མདོའི་སྐད།རིན་ཆེན་གཡུ་རྙིང་ཉེར་ལྔ་གདུགས་དཀར་མཆོག་གྲུབ་མ་སྔོ་ཚལ་དག་ཡིག་གཅེས་བསྡུས་འཁྲུལ་སྤོང་ལེགས་པར་བཤད་པའི་སྐྱ་རེངས་གསར་པགཏུམ་ཉ།ཧྥ་རན་སི།༤༤ (གྲངས་ཀ།)དབྱིན་ཇི་མཉམ་འབྲེལ།གཟའ་མིག་དམར་གླིང་ཆེན་ཨ་མེ་རི་ཁ་བྱང་མ།གསར་རླུང་།ལུགས་ཀྱི་བསྟན་བཅོས་ཞི་བྱེད་པ།ཀུན་གཞིའི་རྣམ་ཤེས་གནས་ཆུང་རྫོང་གྲུགསུམ་ཅུ་པའི་རྩ་བ་ལེགས་བཤད་ལྗོན་དབང་ཐེག་པ་ཆེན་པོ་མདོ་སྡེའི་རྒྱན་པ་ན་མ། (གྲོང་རྡལ།)གཡོ་སྐར།མོག་མོག་ཚེ་ཏན་ཞབས་དྲུང་འཕོ་བ་དྲན་པ་རང་གྲོལ་ནམ་མཁའི་སྙིང་པོ།པདྨ་ལས་འབྲེལ་རྩལ་ཧེལ་སིན་ཀི།མི་ཕམ་སྐད་གཉིས་ཤན་སྦྱར་སྨད་བསྟན་འཛིན་རྒྱ་མཚོ།རྣམ་དབྱེ་བདུན་པ་གནས་གཞི་སོག་ཡུལ།སྐར་ཆ།ཧན་ཉི་པ།དུང་དཀར་ཚིག་མཛོད་ཆེན་མོ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ།རུང་བའི་གོས་རྒྱུ་བདུན།🡆 More