རྫོང་རྒྱབ་ཀླུ་ཁང་

ཕོ་བྲང་པོ་ཏཱ་ལའི་རྒྱབ་ཏུ་ཀླུ་ཁང་དེ་མཇལ་རྒྱུ་ཡོད། ཀླུ་ཁང་དེ་ནི། སྤྱི་ལོའི་དུས་རབས་བཅུ་བདུན་པར་རྒྱལ་བ་སྐུ་ཕྲེང་ལྔ་པའི་དུས་པོ་ཏཱ་ལ་རྒྱས་བསྐྲུན་མཛད་སྐབས་གནས་དེ་ནས་ས་བསྔོག་པས་རྗེས་སུ་མཚེའུ་དེ་ཆགས། རྫིང་བུའི་དབུས་སུ་བྲག་རི་ཆུང་ཆུང་ཞིག་ཡོད་པ་ལ་སྒྲུབ་ཕུག་ཅིག་ཀྱང་ཡོད་ཟེར་བ་ལ་རྒྱལ་བ་སྐུ་ཕྲེང་དྲུག་པས་བོད་ལ་ཆར་ཆུ་དུས་སུ་བབས་ཆེད་དུ་ཀླུ་ཁང་དེ་བསྐྲུན་གནང་མཛད། དེ་རྗེས་རྒྱལ་བ་སྐུ་ཕྲེང་བརྒྱད་པ་འཇམ་དཔལ་རྒྱ་མཚོའི་དུས་ཕོ་བྲང་ཐོག་བརྩེགས་གསུམ་ལྡན་ཕྱོགས་བཞིར་སྒོ་བཞི་ཅན་འདི་བསྐྲུན་གནང་མཛད་པ་ཡིན། ད་ལྟ་མཇལ་རྒྱུ་ཡོད་པའི་དབྱིབས་དེ་ཡིན། ཀླུ་ཁང་དེའི་འོག་ཤོད་དུ་ཀླུ་མལ་གྲོ་གཟི་ཅན་གྱིས་གཙོས་ཀླུ་ཆེན་བརྒྱད་ཀྱིས་བསྐོར་བ་དང་། བར་ཐོག་ཏུ་སངས་རྒྱས་ཀླུ་དབང་གྱི་རྒྱལ་པོའི་སྐུ་བརྙན། སྟེང་ཐོག་ཏུ་རྒྱལ་བའི་གཟིམ་ཆུང་གི་ལྡེབས་རིས་སུ་བོད་ཀྱི་ལྷ་མོའི་འཁྲབ་གཞུང་ཁག་དང་། རྩ་རླུང་འཕྲུལ་འཁོར་དང་། ཞི་ཁྲོའི་ལྷ་ཚོགས་ཀྱི་དཔེ་རིས། ཡང་ཐོག་ཏུ་གསེར་ཟངས་ཀྱི་རྒྱ་ཕིབས་བཅས་ཡོད། རྒྱལ་བ་འཇམ་དཔལ་རྒྱ་མཚོ་དང་། པཎ་ཆེན་བསྟན་པའི་ཉི་མ་རྣམ་གཉིས་གནས་དེར་ཀླུ་བུམ་སྒྲུབ་གནང་གིས་ཆར་འབེབས་གནང་བ་ཡིན། དེ་ནས་བཟུང་རྣམ་རྒྱལ་གྲྭ་ཚང་ནས་དགེ་འདུན་རེ་གཏོང་གནང་དགོས། སྔོན་ས་ག་ཟླ་བའི་ཚེས་༡༥ཉིན་ལྷ་སའི་མང་ཚོགས་རྣམས་སྔ་དྲོ་གླིང་སྐོར་དང་། ཕྱི་དྲོ་གནས་དེར་འཛོམས་ཏེ་ཀོ་གྲུ་བཏང་ནས་གཞས་དང་། རྣམ་ཐར་གཏོང་བ་དང་། ཀླུ་ཁང་ལ་ཆོས་མཇལ་ཞུ་བ། ནང་མའི་སྐྱིད་སྡུག་ཅེས་པའི་གླུ་རོལ་ཚོགས་པས་གླུ་གཞས་དང་རོལ་མོ་གཏོང་བ་སོགས་བྱེད། ཀླུ་ཁང་དེ་ནས་ཕོ་བྲང་པོ་ཏ་ལའི་སྐུ་རྒྱབ་ཡོངས་རྫོགས་མཇལ་ཐུབ་བ་དང་། མཐའ་འཁོར་དུ་ལོ་མང་སོང་བའི་ལྗོན་ཤིང་གོག་པོས་བསྐོར་ནས་ཡོད་པ། ཀླུ་ཁང་དེའི་ལྷོ་ངོས་སུ་གླང་པོ་ཆེའི་སྡོད་གནས་ཏེ་གླང་ཁང་ཞེས་པ་ཡོད། གླང་ཆེན་གྱི་འཐུང་ཆུ་ནི་ཀླུ་ཁང་གི་རྫིང་བུའི་ཆུ་དེ་མ་ཡིན་པར་བྲག་ལྷ་ཀླུ་སྒུག་ཏུ་འགྲོ་སའི་ལམ་དུ་ཆུ་མིག་ཞིག་ཡོད་པས་དེར་ཉིན་ལྟར་གླང་རྫི་བས་ཆུ་སྟེར་བར་ཁྲིད་དགོས། གླང་ཆེན་པོ་ཏ་ལའི་མདུན་དུ་འབྱོར་སྐབས་ཕོ་བྲང་ལ་ཁ་སློག་ནས་མཆུ་ཏོས་གུས་ཞབས་མཚོན་བྱེད་ལན་གསུམ་བྱེད། དེ་ནས་ཆུ་བཏུངས་ཚར་རྗེས་བྲག་སྒོ་ཀ་ལིང་འོག་ནས་རང་གནས་སུ་ཁྲིད་འགྲོ་བ་ཡིན། ད་ལྟ་ཀླུ་ཁང་ཉམས་གསོ་གནང་བའི་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་དང་། རྒྱ་རྡོ་ལས་གྲུབ་པའི་གཞུ་དབྱིབས་ཅན་གྱི་ཟམ་པའང་བསྐྲུན་པས་འགྲོ་སྟབས་བདེ་པོ་ཡོད།

Tags:

🔥 Trending searches on Wiki བོད་སྐད:

ཀེར་ལངས།སུམ་བ་བཅུ་པ།རྟེན་འབྲེལ་ཡན་ལག་བཅུ་གཉིས།སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་ཁྲི་ལྡེ་གཙུག་བརྟན།ལའོ་སུ།མའེ་ཁོའོ་ཅས་ཁ་ཤུན།དང་སྒྲ་དཔལ་རིའི་སྨོན་ལམ་འཁྲིག་སྦྱོར་གྱི་ཤེས་བྱ་ཤེས་རབ་སྙིང་པོ་བྱ་ཁྱིའུ།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།bx1slདྲོད་ཚད་སྐྱེ་དངོས་རིག་པ།དྷི་ལི།དུག་སེལ།ཀོང་སྤྲུལ་ཡོན་ཏན་རྒྱ་མཚོ་པཎ་ཆེན་སྐུ་ཕྲེང་བཞི་པ་བློ་བཟང་ཆོས་ཀྱི་རྒྱལ་མཚན་པོ་ཅུ་གྷལ་གྱི་སྐད།ཆོས་ཉིད་བར་དོའི་གསལ་འདེབས་ཐོས་གྲོལ་ཆེན་མོ་རྒྱ་གར་ཆོས་འབྱུང་རྣམ་དབྱེ་བདུན་པ་གནས་གཞི་འགྲེམས་སྟོན་ཁང་།ཆགས་སྤྱོད་ཀྱི་རྒྱུ་རྩལ་གྱི་ལོ་རྒྱུས།རྒྱལ་སྲས་ལག་ལེན་སོ་བདུན་མ་རིག་བྱེད་བཞི།དེ་ཤོ་ལེགས།ས་སྐྱ་ལེགས་བཤད།ཆང་ཞི་བ་ལྷ།ཀུ་རུ་ཀུ་ལླེ་དམར་མོ་ཞལ་གཅིག་ཕྱག་བརྒྱད་མ་བསྟན་འགྱུར་དཀར་ཆག་སྐྲ་སྐར་ཀླུ་སྒྲུབ་དགོངས་རྒྱན།དཀོན་མཆོག་རྗེས་དྲན་སི་རི་ཡ།རིགས་པའི་ཚོགས་དྲུགསྤྱན་རས་གཟིགས།བརྒྱན་དྲུག་མཆོག་གཉིས་སྟོད་པ།ཧིན་ཏུའི་ཆོས་ལུགས།མི་ཁོམ་པའི་གནས་བརྒྱད།གང་འདྲ་ཞིག་ལ་དྲོད་ཁང་རླུང་གཟུགས་ཟེར།སྙན་ངག་ལེའུ་གསུམ་པའི་ས་བཅད་དང་དཔེར་བརྗོད་བཞུགས་སོ།།ཚད་མ་རྣམ་འགྲེལ།མིའི་རིགས་ཀྱི་ཆགས་སྦྱོར་གྱི་བྱ་སྤྱོད།གཙོ་ངོས།གློག་རིག་པ།གཡང་ཊི།དོམ་ཁྲཔཎ་ཆེན་སྐུ་ཕྲེང་གསུམ་པ་དབེན་ས་པ་བློ་བཟང་དོན་གྲུབ་དགུ་རོང་སྤུན་གྲོལ་འབྱུང་རྩིས་ཟླ་ཟེར་ནང་པའི་གྲུབ་མཐའ་བཞི་ཆོ་འཕྲུལ་མཆོད་རྟེན་མཚོན་ཆ།ཚེ་རིང་མཆེད་ལྔ་གཡུང་དྲུང་བོན།དཔུང་ཚུགས་ཡན་ལག་བཞི་རིག་འཛིན་འཇའ་ཚོན་སྙིང་པོ།ཆོས་རྗེ་ཨ་དཀོན་རིན་པོ་ཆེ།སློབ་དཔོན་སེང་གེ་བཟང་པོ།ཀེ་རི་སི།ཚ་རོང་ཟླ་བཟང་དགྲ་འདུལ་ཕྱོགས་བཅུའི་མུན་སེལ་བསམ་པ་ལྷུན་འགྲུབ་མ་བཞུགས་སོ།མཚན་ཉིད།ཁོ་ཕེན་ཧ་ཀེན།🡆 More