རིན་སྤུངས་དོན་ཡོད་རྡོ་རྗེ།

ཡབ་ཀུན་བཟང་པའི་སྲས་སུ་རབ་བྱུང་བརྒྱད་པའི་ཆུ་རྟ(༡༤༦༢)ལོར་འཁྲུངས། སྐུ་ནར་སོན་སྐབས་རྫོང་ཆེན་བཅུ་གཉིས་ཀྱི་ལས་ཀ་བཟུང་། རབ་བྱུང་བརྒྱད་པའི་ས་ཕག(༡༤༧༩)ལོར་ཞྭ་དམརཆོས་ཀྱི་གྲགས་པ་དང་མཆོད་ཡོན་འབྲེལ་ནས་ཡངསཔ་ཅན་དུ་དགོན་པ་འདེབས་པ་དང་། ཀརྨ་ཆོས་གྲགས་རྒྱ་མཚོའི་བཞེད་པ་ལྟར་ཆུ་ཕག(༡༥༠༣)ལོར་ལྷ་སའི་ཉེ་འདབས་ས་ནག་མར་ཀརྨ་དགོན་གསར་ཐུབ་བསྟན་ཆོས་འཁོར་བཏབ་ནའང་སེ་འབྲས་ཀྱིས་བཤིག་པ་སོགས་དུས་མི་བདེ་བ་ཆེན་པོ་བྱུང་། ལྕགས་བྱི(༡༤༨༠)ལོར་དོན་ཡོད་རྡོ་རྗེ་དང་གཡུང་པ་ཚེ་དབང་གཉིས་ནས་དམག་གཏོས་ཆེ་བ་དྲངས་ཏེ་ཡར་ལུང་མཐིལ་དུ་སླེབས་ཤིང། ཀ་བཞི་པ་ཤར་ནུབ་གཉེར་ཐོག་ནས་བཏོན་པ་དང། གཞིས་ཀ་བྲག་དཀར་བ་དང་། ཆུ་ཤུལ་ལྷུན་པོ་རྩེའི་རྫོངས་སོགས་སྣེལ་པའི་ལག་ནས་ཕྲོགས། ལ་སྟོད་བྱང་དུ་བྱང་བདག་པ་ནམ་མཁའ་རྡོ་རྗེ་དང་། ལ་སྟོད་ལྷོ་པ་རྫོང་ཁ་ཆོས་རྒྱལ་ནོར་བུའི་སྡེ་སོགས་ཀྱི་ས་ཁུལ་ལ་ཡང་དམག་ཁ་ཡར་བྱས། སྐྱིད་ཤོད་དུ་དཔུང་གི་འཇུག་སྒོ་བརྩམས། ས་ལུག(༡༤༩༩)ལོར་དོན་ཡོད་རྡོ་རྗེས་རིན་སྤུངས་པ་མཚོ་སྐྱེས་རྡོ་རྗེ་སོགས་སྡེ་དཔོན་རྣམས་དང་གྲོས་ཏེ་འབྲུག་ཆེན་ངག་དབང་ཆོས་ཀྱི་རྒྱལ་པོ་སྣེ་གདོང་གི་ཁྲིར་བཏོན་ཐོག་གཞིས་ཀ་རིན་སྤུངས་པའི་སྐྱེད་ཚལ་ཁ་རུ་གདན་དྲངས་ཤིང་། མི་དབང་དོན་ཡོད་རྡོ་རྗེ་ཡབ་ཡུམ་གྱིས་ཚོགས་ཀྱི་འཁོར་ལོ་རྒྱ་ཆེར་བསྐོར། དོན་ཡོད་རྡོ་རྗེ་དགུང་ལོ་ང་གཅིག་ལ་ཕེབས་པ་རབ་བྱུང་དགུ་པའི་ཆུ་སྤྲེལ(༡༥༡༢)ལོར་སྐུ་གཤེགས།དུང་དཀར་ཚིག་མཛོད་ཆེན་མོ་༽ལས་བཏུས།

Tags:

དུང་དཀར་ཚིག་མཛོད་ཆེན་མོ་

🔥 Trending searches on Wiki བོད་སྐད:

ཁྲི་རལ་པ་ཅན།འཇིགས་མེད་སེང་གེ་དབང་ཕྱུགསྐྱུར་རྫས།བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ། ཚོར་བའི་རླབས་རིས།སྟོན་པའི་རྣམ་ཐར།༢༠༠༨ལོའི་དབྱར་ཁའི་ཨའོ་ལིན་ཕིག་ལུས་རྩལ་འགྲན་ཚོགས།ཟླ་༥ཚེས་༥ཉིན་མེ་རི།ལྟུང་བཤགས་ཀྱི་ཆོ་ག་ལ་བརྟེན་ནས་སྟོབས་བཞིའི་བཤགས་སྡོམ་བྱ་ཚུལ་འགྲེལ་པ་འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།པེ་རུ།ཧང་ཀྲོའུ།རྟགས་ཀྱི་འཇུག་པ་ང་ཕོད་ངག་དབང་འཇིགས་མེད་རྟེན་འབྲེལ་ཡན་ལག་བཅུ་གཉིས།མྱང་འདས།མིག་སྤུ།ཁུ་སྟོན་བརྩོན་འགྲུས་གཡུང་དྲུང་ཤིང་དཀྲོལ།ཡིའུ་ཐའེ་ཆོས་ལུགས།ཧྥུ་ལོ་རོན་ཟིའུ་ཡ།དགེ་འདུན་ཆོས་འཕེལ།གུང་ཐང་དཀོན་མཆོག་བསྟན་པའི་སྒྲོན་མེ།མལ་ཏ།དན་མྲགཟླ་༦ཚེས་༢༠ཉིན་དུང་དཀར་ཚིག་མཛོད་ཆེན་མོ་གློག་ཀླད།ཤི་བ།ཁྲི་གཙུག་ལྡེ་བཙན་རལ་པ་ཅན་འོད་དཔག་མེད།ཟློས་གར།ཨ་རབ་ཀྱི་མི་སྙན་ངག་གི་དཔེར་བརྗོད་དང་མཚུངས་པ་གསལ་བྱེད་ཀྱི་སྒྲའི་དོགས་གཅོད་བཞུགས།།ལུས་ལ་སྙིང་པོ་མེད་པ་སྨན་བཟང་པོ་དྲུགབསམ་པ་ལྷུན་འགྲུབ་མ་བཞུགས་སོ།སྨུག་རྡུལ་མ་བཅུག་པར་ཆགས་སྦྱོར་བྱེད་ཚུལ།ཚོར་བ་ལྔ་བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་དང་པོ། ཟུངས་ཁྲགས་མུ་རའི།ཐོ་མཱ་སི་ཨ་ཁི་ཝི་ནཱ་སི།ཉི་མ།རྒྱ་གར།༥༢ (གྲངས་ཀ།)སྨར་ཁམས་རྫོང་།སྦེ་གརི་བོ་དགའ་ལྡན་པའི་ལུགས་ཇི་ལྟར་བྱུང་ཚུལ་དགའ་ལྡན་དགོན་པ།སུམ་ཅུ་པ་སི་ཁྲོན་ཞིང་ཆེན།ཁྱུང་གི་གཟུགས་རིས་ཀྱི་དཔྱད་པ་ཧ་ར་རི།ནང་སངས་རྒྱས་པའི་དར་ཆ་མིག་མངས་སྒོར་སྒོར།ཟླ་༣ཚེས་༦ཉིན་བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།པན་ཆེཎ་སྐུ་ཕྲེང་དགུ་པ་བློ་བཟང་ཐུབ་བསྟན་ཆོས་ཀྱི་ཉི་མ་རྩོམ་སྒྲིག་བྱེད་བཞིན་པ་རྨི་ལམ་བརྟག་ཐབས་སུད་སི།༡༩༨༠ལོ།མོན་ཏཱ་ན།ས་སྐྱ་པ།དཀོན་མཆོག་རྗེས་དྲན་ཡོ་རོབ་གི་ལོ་རྒྱུས།མི་ཆོས་གཙང་མ་བཅུ་དྲུག་🡆 More