མི་ཆོས་གཙང་མ་བཅུ་དྲུག་

དེ་ལ་མི་ཆོས་གཙང་མ་བཅུ་དྲུག་དང་ལྷ་ཆོས་དགེ་བ་བཅུ་ནི་གངས་རིའི་ཞིང་འདིའི་ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་གཏན་ལ་ཕབ་པ་དང༌། དེ་ཡང་ཁོང་གིས་བོད་ཡིག་གསར་བཟོ་མཛད་དུ་བཅུག་པ་དང་འབྲེལ་ནས་དམ་པའི་ཆོས་མང་པོ་བོད་སྐད་དུ་བསྒྱུར་དུ་བཅུག་ཅིང༌། དེ་འབྲེལ་བོད་འབངས་སྐྱེ་འགྲོ་ཡོངས་ལ་བླང་དོར་ལེགས་ཉེས་སྟོན་པའི་ཐབས་དམ་པ་ནི་འཇིག་རྟེན་ཡ་རབས་སྤྱོད་བཟང་གི་ལས་དང་ལམ་ལ་འཇུག་སྐུལ་གནང་རྒྱུ་དེ་ཡིན་པར་གཟིགས་ཏེ། མི་ཆོས་གཙང་མ་བཅུ་དྲུག་དང༌། ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤོང་ཏེ་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་བསྒྲུབ་པའི་ལས་ལམ་ལྷ་ཆོས་དགེ་བ་བཅུ་འདི་ཀུན་གྱིས་ཉམས་སུ་ལེན་པའི་གཞིར་གཏན་འབེབས་གནང་བའི་ཁྲིམས་སྲོལ་ཞིག་ཡིན།

ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ།

དང་པོ། ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ་ནི། དཀོན་མཆོག་གསུམ་ལ་སྲིད་ཞིའི་འཇིགས་པ་ལས་སྐྱོབ་པའི་ནུས་པ་ཡོད་པར་ཡིད་ཆེས་བརྟན་པོས། ཉིན་མཚན་དུས་དྲུག་ཏུ་ཕྱག་འཚལ་ཞིང་མཆོད་པ་ཕུལ་ཏེ་སྐྱབས་སུ་འགྲོ་དགོས་པའི་དོན།

དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ།

གཉིས་པ། དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ་ནི། ཚེ་འདི་ཕྱིའི་ཕན་བདེ་སྒྲུབ་སླད་དགེ་སྡིག་སྤང་བླང་ཚུལ་བཞིན་ཤེས་པའི་སྒོ་ནས་སྐྱབས་འགྲོ་བྱེད་པ། གཉན་པོ་སྟོབས་བཞིའི་སྒོ་ནས་སྡིག་སྒྲིབ་སྦྱོང་བ་སོགས་ཆོས་བྱེད་ཀྱི་ལས་ལ་འཇུག་དགོས་པའི་དོན།

ཕ་མ་ལ་དྲིན་ལན་འཇལ་བ།

གསུམ་པ། ཕ་མ་ལ་དྲིན་ལན་འཇལ་བ་ནི། ཚེ་འདིའི་རྟེན་བཟང་སྦྱིན་མཁན་གྱི་ཕ་མ་ལ་དྲིན་གཟོ་དང་གུས་བཀུར། ཞབས་ཏོག་བཅས་བསྒྲུབ་སྟེ་དྲིན་ལན་འཇལ་དགོས་པའི་དོན།

ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ།

བཞི་པ། ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ་ནི། ལུང་རྟོགས་ཀྱི་ཡོན་ཏན་མངའ་བའི་སྐྱེ་བོ་རྣམས་སྐྱེ་བོ་བླུན་པོ་གཞན་ལས་ཕན་ཐོགས་ཆེ་བར་མཐོང་སྟེ་དམ་པ་དེ་དག་རང་གི་གོང་དུ་བཀུར་དགོས་པའི་དོན།

རིགས་མཐོ་བ་དང་རྒན་རབས་ལ་བཀུར་སྟི་ཆེ་བ།

ལྔ་པ། རིགས་མཐོ་བ་དང་རྒན་པར་བཀུར་བསྟི་ཆེ་བ་ནི། རང་ལས་རིགས་དང་ན་ཚོད་མཐོ་བ། ཐོས་རྒྱ་ཆེ་བ། བསླབ་པ་རྒན་པ་རྣམས་ལ་བསྙེན་བཀུར་དང་གུས་ཞབས་བྱེད་དགོས་པའི་དོན།

ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ།

དྲུག་པ། ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ་ནི། གནའ་བོའི་རྒན་རབས་ཚོའི་ངག་རྒྱུན་ལ། ཐག་རིང་གི་གཉེན་ཉེ་འབྲེལ་ལས། ཐག་ཉེ་བར་གནས་པའི་ཁྱིམ་མཚེས་དགྲ་བོ་ཡིན་ཡང་དགའ་ཟེར་བ་ལྟར་གྲོང་པ་ཁྱིམ་མཚེས་དང་ཉམ་ཆུང་ཀུན་ལ་གནོད་པ་མི་བྱེད་པར་ཕན་བདེ་སྒྲུབ་ཅི་ནུས་བྱེད་དགོས་པའི་དོན།

བཀའ་དྲང་ཞིང་སེམས་ཆུང་བ།

བདུན་པ། བཀའ་དྲང་ཞིང་སེམས་བཟང་བ་ནི། མཆོག་གསུམ་དང༌། དཀར་ཕྱོགས་སྐྱོང་བའི་ལྷ། རང་གི་སེམས་བཅས་དཔང་དུ་བཙུགས་ནས་གཞན་གྱི་ཁར་མི་ཉན་པར། ཅི་བྱས་རང་ཚུགས་བརྟན་པོས་དྲང་པོ་དྲང་བཞག་གིས་བསྒྲུབ་པའི་བློ་སེམས་བཟང་པོ་དགོས་པའི་དོན།

ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ།

བརྒྱད་པ། ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ་ནི། མཛའ་གྲོགས་གསར་པ་ལ་ཉེར་འགྲོགས་མི་སྔ་བར་སྔར་འདྲིས་ཆ་ཟབ་པའི་མཛའ་གྲོགས་རྙིང་པ་ཀུན་ལ་བློ་རྩེ་བརྟན་པོས་གཞུང་རིང་མཛད་དགོས་པའི་དོན།

ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ།

དགུ་པ། ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ་ནི། ཟས་གོས་སྟོབས་འབྱོར་གྱི་སླད་དུ་སྡིག་ཉེས་བསགས་པའི་སྐྱེ་བོ་ངན་པའི་རྗེས་སུ་མི་འབྲང་བར། ཡ་རབས་སྐྱེས་བུ་དམ་པ་རྣམས་ལ་མིག་ལྟོས་ཀྱིས་ཁོང་ཚོའི་རྗེས་སུ་བསྙེག་དགོས་པའི་དོན།

ཟས་ནོར་ལ་ཚོད་འཛིན་པ།

བཅུ་པ། ཟོས་ནོར་ལ་ཚོད་འཛིན་པ་ནི། ཟོས་ནོར་ལོངས་སྤྱོད་ལ་ཧ་ཅང་བཟང་བ་དང་ངན་པའི་མཐའ་གཉིས་སུ་མི་ལྷུང་བར་སྤྱོད་ཚུལ་རན་པོའམ་ཚོད་འཛིན་དགོས་པའི་དོན།

སྔར་དྲིན་ཅན་གྱི་མི་རྩད་གཅད་པ།

བཅུ་གཅིག སྔར་དྲིན་ཅན་གྱི་མི་བརྩད་གཅོད་པ་ནི། རང་ལ་གཞན་གྱིས་ཆེ་ཕྲའི་ཕན་པ་ཅི་བསྒྲུབས་ལ་ཁྲེལ་ཡོད་པའི་སྒོ་ནས་རང་གིས་དེ་ལས་ལྷག་པའམ་མཉམ་པའི་ཕན་ལན་བསྒྲུབ་དགོས་པར་བསྟན་པ་སྟེ། དྲིན་ཅན་དེ་དག་རྩད་གཅོད་པའམ་མ་བརྗེད་པ་བྱེད་དགོས་པའི་དོན།

བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པ།

བཅུ་གཉིས། བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་མེད་པ་ནི། གང་བྱུང་ཅལ་ཅོལ་གྱི་ངག་སྣ་ཚོགས་སྨྲས་ཏེ། ཕ་རོལ་པོར་རྒྱུ་དངོས་བྲེ་སྲང་ལ་འཇལ་སྐབས་ལྐོག་བྱས་ངན་གཡོ་སོགས་བྱེད་མི་རུང་བའི་དོན།

ཀུན་ལ་ཕྲག་དོག་ཆུང་བ།

བཅུ་གསུམ། ཀུན་ལ་ཕྲག་དོག་ཆུང་བ་ནི། རང་ལས་གཞན་ལ་ཐོབ་པའི་བདེ་སྐྱིད་དང་ལོངས་སྤྱོད་སོགས་ལ་མི་དགའ་བའམ་ཕྲག་དོག་མི་བྱེད་པར། ཀུན་སྙོམས་ཀྱིས་དགའ་བ་བསྒོམ་དགོས་པའི་དོན།

ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།

བཅུ་བཞི། ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ་ནི། བུད་མེད་རྣམས་བློ་ཆུང་བས་བྱ་བ་རྒྱ་ཆེན་པོ་རྣམས་བློས་འཁྱུད་མི་ཐུབ་པ་དང༌། གྲོགས་ངན་པའི་ཁ་ལ་ཉན་ན་མི་དགེ་བའམ་བཀྲ་མི་ཤིས་པ་འབྱུང་བས་དེ་དག་གི་གྲོས་དང་མི་བསྟུན་པར་རང་ཐག་རང་གཅོད་དགོས་པའི་དོན།

ངག་འཇམ་ཞིང་སྨྲ་བ་ཉུང་བ།

བཅོ་ལྔ༌། ངག་འཇམ་ཞིང་སྨྲ་བ་ཉུང་བ་ནི། རང་གཞན་སེམས་ཅན་ཀུན་གྱི་འཕྲལ་ཕུགས་ཀྱི་བདེ་བར་བསམ་ཏེ། མཛའ་མཐུན་གྱིས་ངག་འཇམ་པོ་དོན་ལ་གནས་པ་ལས་ཉ་ཉོག་འཆལ་གཏམ་མང་པོ་མེད་པར་ཉུང་ངུའི་ཚིག་གིས་སྨྲ་དགོས་པའི་དོན།

ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ། །

བཅུ་དྲུག ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་ནི། ཆོས་དང་འཇིག་རྟེན་གྱི་བྱ་གཞག་ལ་འཇུག་པར་དཀའ་སྡུག་ཅི་བྱུང་ཡང༌། བློ་རྒྱ་ཆེ་ཞིང་ཁུར་ཐེག་པའི་བཟོད་སྒོམ་ཟབ་མོ་དགོས་པའི་དོན། འདི་དག་ནི་བོད་བཙན་པོའི་དུས་སུ་རྒྱལ་འབངས་ཀྱི་ཚད་གཞི་འཛིན་བྱེད་དང་བོད་མི་སྤྱིའི་ཀུན་སྤྱོད་ཀྱི་ལམ་སྟོན་ཁོ་ནར་ངོས་འཛིན་གྱིན་ཡོད།

Tags:

མི་ཆོས་གཙང་མ་བཅུ་དྲུག་ ལྷ་དཀོན་མཆོག་གསུམ་ལ་མོས་གུས་བསྐྱེད་པ།མི་ཆོས་གཙང་མ་བཅུ་དྲུག་ དམ་པའི་ཆོས་བཙལ་ཞིང་བསྒྲུབ་པ།མི་ཆོས་གཙང་མ་བཅུ་དྲུག་ ཕ་མ་ལ་དྲིན་ལན་འཇལ་བ།མི་ཆོས་གཙང་མ་བཅུ་དྲུག་ ཡོན་ཏན་ཅན་ལ་ཞེ་མཐོང་ཡོད་པ།མི་ཆོས་གཙང་མ་བཅུ་དྲུག་ རིགས་མཐོ་བ་དང་རྒན་རབས་ལ་བཀུར་སྟི་ཆེ་བ།མི་ཆོས་གཙང་མ་བཅུ་དྲུག་ ཡུལ་མི་ཁྱིམ་མཚེས་ལ་ཕན་གདགས་པ།མི་ཆོས་གཙང་མ་བཅུ་དྲུག་ བཀའ་དྲང་ཞིང་སེམས་ཆུང་བ།མི་ཆོས་གཙང་མ་བཅུ་དྲུག་ ཉེ་དུ་མཛའ་བཤེས་ལ་གཞུང་རིང་བ།མི་ཆོས་གཙང་མ་བཅུ་དྲུག་ ཡ་རབས་ཀྱི་རྗེས་བསྙེག་ཅིང་ཕྱི་ཐག་རིང་བ།མི་ཆོས་གཙང་མ་བཅུ་དྲུག་ ཟས་ནོར་ལ་ཚོད་འཛིན་པ།མི་ཆོས་གཙང་མ་བཅུ་དྲུག་ སྔར་དྲིན་ཅན་གྱི་མི་རྩད་གཅད་པ།མི་ཆོས་གཙང་མ་བཅུ་དྲུག་ བུ་ལོན་དུས་སུ་འཇལ་ཞིང་བྲེ་སྲང་ལ་གཡོ་སྒྱུ་མེད་པ།མི་ཆོས་གཙང་མ་བཅུ་དྲུག་ ཀུན་ལ་ཕྲག་དོག་ཆུང་བ།མི་ཆོས་གཙང་མ་བཅུ་དྲུག་ ངན་པའི་གྲོས་ལ་མི་ཉན་ཞིང་རང་ཚུགས་འཛིན་པ།མི་ཆོས་གཙང་མ་བཅུ་དྲུག་ ངག་འཇམ་ཞིང་སྨྲ་བ་ཉུང་བ།མི་ཆོས་གཙང་མ་བཅུ་དྲུག་ ཐེག་པ་ཆེ་ཞིང་བློ་ཁོག་ཡངས་པ་བཅས་སོ། །མི་ཆོས་གཙང་མ་བཅུ་དྲུག་

🔥 Trending searches on Wiki བོད་སྐད:

པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་ནང་སངས་རྒྱས་པའི་དར་ཆ་རྣམ་གསུམ་འཁོར་ལོ་སྒྱུ་རྩལ་གྱི་བྱུང་ཚུལ།སའི་གོ་ལ།གསལ་བྱེད་ཀྱི་རྒྱན་བཅུ་གཉིས་ཕར་ཕྱིན་དྲུག་སྨོན་ལམ་བོད་ཡིག་ཡིག་གཟུགས།བསམ་གཏན་བཞི་བ་ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ།ཀིམ་ཤིང་ཀོང་ཇོ་ཟླ་༡ཚེས་༢༣ཉིན་ཁམས་དཀར་གཏོང་བ་ལུ་ཟོན།ད་ལྟའི་བྱ་བ།སྟོན་པ།འཇའ།ཁྲི་སྲོང་ལྡེ་བཙན།དབྱང་གཉིས་སོལ་འགྱུར།སངས་རྒྱས་ཀྱི་བསྙུན་གཞི་དང་ཞལ་ཆེམས་དཔའ་རིས་སངས་བདེ་ཆེན་ཞིང་གི་སྨོན་ལམ་ཐུགས་རྗེའི་ཉག་ཐག་དཔལ་དུས་ཀྱི་འཁོར་ལོ་བེ་རི་འཇིགས་མེད་ཀྱི་སྙན་རྩོམ་དེབ་ཕྲེང་བཞི་པ། ཚོར་བའི་རླབས་རིས།ཨོཾ་མ་ཎི་པ་དྨེ་ཧཱུྃ།བྲག་ཕུག་མ་རཱ་ཏི་ཀརིགས་པ་བཞི།མནོལ་བསང་ལྷ་ཆབ་སྔོན་མོ་འཕགས་ལམ་ཡན་ལག་བརྒྱད།སྤྲུལ་སྐུ་ཨོ་རྒྱན་ཉི་མ།སྨེ་ཤ།རྒྱལ་ཁབ་དག་གི་མིང་།དཀར་པོ།གཞུང་ཐིགབཀྲ་ཤིས་རྟགས་བརྒྱད།རྒྱལ་མཆོག་ལྔ་པ་ངག་དབང་བློ་བཟང་རྒྱ་མཚོ།༡༩༩༤ལོ།དབྱངས་གསལ་ཡི་གེ་སྙིང་ཐིག་སྔོན་འགྲོ་ཚེ་རིང་རྣམ་དྲུག་ལུང་ཤར་རྡོ་རྗེ་ཚེ་རྒྱལ།སེ་ལྔ་པའི་སྐུ་ཚད་རྣམ་དབྱེ་གསུམ་པ་བྱེད་སྒྲ་༡༧༥༠ལོ།ཌི་ཛི་ཨ་ནོ་ཝ་ཅེ་ལི་ཡོ།རྒྱལ་སྲས་ལག་ལེན་སོ་བདུན་མ་རོ་མ་ནི་ཡ།རིན་ཆེན་ཚ་སྦྱོར་ཆེན་མོ་སྐད་བརྡ་རིག་པ།སྐྱེ་གནས་བར་དོའི་ཁྲིད་ཡིག་ཀུན་གཞི་རང་གྲོལ་ཡོ་རོབ་གླིང་།མའི་ཀོ་རོ་ནེ་ཤི་ཡ། (རྒྱལ་ཁབ།)ཚུགས་ཐུབ་རིན་ཐང་།ས་སྐྱ་ལེགས་བཤད།གསུབ་དབྱངས་ཡན་ལན་དྲུག་ཅུ་མིང་ལྡོགཧྥ་རན་སི།སད་ཀྱིས་བཅོམ་པའི་མེ་ཏོགགཅན་ཚ།ཟླ་༡༡ཚེས་༢༠ཉིན་སངས་རྒྱས་ཤཱཀྱ་ཐུབ་པའི་བཀའ་བསྡུ་བ་ཐེངས་གསུམ་རྔ་མོང་།སྐྲ་སྐར་ན་རཀ་སྐོང་བཤགས་ཝེ་ཁེ་རིག་མཛོད་ནང་འཕྲད་སྲིད་པའི་དཀའ་རྙོག་སེལ་ཐབས།རྒྱན་དྲུག་མཆོག་གཉིས་རོལ་དབྱངས།སེ་པོ་རི་ཡ།ཧེན་ཐའེ།ཕྱོགས་ཀྱི་གླང་པོ།🡆 More