རྨི་ལམ་བརྟག་ཐབས་

ང་ཚོ་སོ་སོ་སྐྱེ་བོ་རྣམས་ལ་རྨི་ལམ་ངན་པ་འགོག་ཐུབ་པའི་ནུས་མཐུ་དང་ཀུན་ནས་བྲལ་བས་རྒྱུན་པར་རྨི་ལམ་ངན་པ་འབྱུང་ངེས་པ་ནི་ཆོས་ཉིད་ལྟ་བུར་ལགས། ཡིན་ནའང་སྤྱིར་བཏང་དུ་རྨི་ལམ་ངན་པ་དེ་རིགས་ཀྱིས་ཚུར་ང་ཚོར་གནོད་པ་ཚབས་ཆེན་བཟོ་མི་སྲིད་པས་སེམས་ཁུར་དེ་འདྲ་གནང་དགོས་དོན་མི་འདུག

རྨི་ལམ་ངན་པ་རྨིས་པ་ལ་འབྱུང་རྐྱེན་མང་དུ་མཆིས་པ་སྟེ། ཉིན་རྒྱུན་གྱི་འཚོ་བའི་ནང་བྱུང་བའི་དོན་དག་ག་གེ་མོའམ། ལུས་སེམས་ཀྱི་ངལ་དུབ་དང་ན་ཚ་ལྟ་བུའམ། ཡང་ན་ཁྲག་དང་རླུང་གི་འཁོར་སྐྱོད་བདེ་བར་རྒྱུ་མ་ཐུབ་པའམ། འབྱུང་བཞིའི་བྱེད་པ་དོ་མཉམ་མ་ཐུབ་པ་སོགས་རྒྱུ་རྐྱེན་གང་རུང་ཞིག་ལ་ཁག་བྱས་ནས་དེས་སེམས་ཀྱི་ཆ་ལ་ཤུགས་རྐྱེན་ཐེབས་པ་ལས་བྱུང་བར་བསམ།

གལ་སྲིད་རྨི་ལམ་ངན་པ་དེ་དག་ལུས་དང་སེམས་ཀྱི་ཁམས་མ་སྙོམས་པའི་དབང་གིས་བྱུང་བ་ཡིན་ཚེ། ལུས་པོ་ལ་བདག་སྐྱོང་དང་སེམས་ཁམས་ལ་སྙོམ་སྒྲིག་གང་ལེགས་བྱས་པས་ཆོག་སྟེ། ནམ་ཁོམ་ལ་རི་བོའི་རྩེ་མོར་འགོས་ནས་རྒྱང་རིང་གི་མཛེས་ལྗོངས་ལ་ལྟ་བ་སོགས་ཁམས་གཡེང་གང་འཚམ་གྱིས་ཕན་ཐོགས་ཆེན་པོ་ཐོབ་ངེས། གང་ལྟར་དེའི་རྒྱུ་རྐྱེན་གསལ་བོར་རྙེད་རྗེས་ཐབས་དང་སྨན་སོགས་གང་འཚམ་བསྟེན་ནས་བསལ་ཅི་ཐུབ་བྱ་བ་ལས་ཐམས་ཅད་ལ་རྨོངས་དད་རང་བཞིན་གྱི་ལྟ་སྟངས་དང་འདུ་ཤེས་བཟུང་མི་རིགས།


གལ་སྲིད་རྨི་ལམ་ངན་པ་གཅིག་ཡང་དང་བསྐྱར་དུ་རྨིས་པ་བདེན་ཚེ་ད་ནི་ཕལ་ཆེར་སྔོན་བྱས་ཀྱི་ཉེས་སྒྲིབ་ལ་བསམ་པར་བྱ་རུང་སྟེ། གཡང་དུ་ལྷུང་བ་དང་། མེས་སྲེག་པ། གངས་ཀྱི་ཁུགས་ནས་གྲང་བས་གདུང་བ། གཞན་གྱིས་ཚུར་རྡུང་བ་དང་སྡོམ་པ་སོགས། ལན་གཅིག་ཙམ་མ་ཡིན་པར་བསྟུད་མར་རྨིས་ཚེ་ལས་སྒྲིབ་ཀྱི་སྣང་བ་དང་ཕལ་ཆེར་འབྲེལ་བར་གོ་ཆོག་ཕྱིར། ངེས་པར་དེ་དག་འདག་ཆེད་ལ་ཆོས་སྒྲུབ་ཉམས་ལེན་སོགས་བྱ་དགོས་ལ། འོན་ཀྱང་དེ་འདྲ་ལན་གཅིག་དང་གཉིས་ཙམ་ལས་མ་བྱུང་ན་ནི་སྔོན་བྱས་ཀྱི་ལས་སྒྲིབ་ལ་དགོངས་མི་རུང་།


མཚམས་ལ་ལར་ང་ཚོ་གཟུགས་མེད་ཀྱི་སེམས་ཅན་ག་གེ་མོ་ལྟ་བུས་མར་གནོན་བཞིན་པའི་སྒང་ལ་རང་ཉིད་གཉིད་ལས་ཡོངས་སུ་སད་འདུག་པ་ལྟ་བུར་སྣང་ཡང་ད་དུང་ཡང་འཕག་འཚག་དང་ཡར་ལངས་དཀའ་བ་སྟེ། དེ་དང་དེ་འདྲ་བ་རྣམས་མི་མ་ཡིན་ལ་སོགས་པས་ཚུར་གནོད་པ་ལྟ་བུར་སྣང་ཡང་། དེ་འདྲའི་ཚུལ་དག་སྐབས་ལ་ལར་རླུང་ཁྲག་གཉིས་བདེ་བར་རྒྱུ་མ་ཐུབ་པས་ཀྱང་རྒྱུན་པར་འབྱུང་ངེས་པ་ཤེས་པར་བྱའོ། ། དེ་ལྟ་ནའང་དེ་དག་མི་མ་ཡིན་ལ་སོགས་པའི་སེམས་ཅན་གཞན་གྱིས་དོན་དངོས་ཐོག་ཚུར་གནོད་པ་རྩོམ་བཞིན་པ་ཐག་གིས་ཆོད་ཚེ་དད་པ་རྩེ་གཅིག་གིས་ཤེས་རབ་སྙིང་བོ་ལན་མང་གདོན་པར་འོས།


ཁ་ཅིག་གིས་རྨི་ལམ་གང་རྨིས་པ་དེས་རང་ཉིད་ཀྱི་མ་འོངས་པའི་ལུང་བསྟན་ལྟ་བུ་ཡིན་ཟེར་མོད་མཐའ་གཅིག་ཏུ་དེ་འདྲར་ངེས་པའི་སྐབས་ཧ་ཅང་ཉུང་། དེ་ལྟ་ནའང་གལ་སྲིད་ཁྱོད་ཀྱི་རྨི་ལམ་དེ་ནམ་སྟོད་ཀྱི་དུས་ཚོད་གསུམ་པ་དང་བཞི་བའི་བར་དུ་བཏང་བ་ཡིན་ན་ནི་མ་འོངས་ལུང་བསྟན་དུ་མི་འགྲོ་བའི་ངེས་པའང་མེད་པས། ཏག་ཏག་དུས་ཚོད་དེ་ལས་བརྒལ་བའི་སྐབས་གང་ཞིག་ལ་རྨི་ལམ་ཅི་འདྲ་ཞིག་རྨིས་ཀྱང་སེམས་ཀྱི་སྣང་བ་ཚུར་འཕྲོས་པ་ཙམ་ལས་གཞན་དུ་ཅི་ཡང་མ་ཡིན་ནོ་ཞེས་རང་ཅག་གི་སྲོལ་རྒྱུན་ལ་དེ་ལྟར་དུ་གྲགས་སོ། །

Tags:

🔥 Trending searches on Wiki བོད་སྐད:

ཧའོ་པེ་ཞིང་ཆེན།ཐེ་རོན་ཕུ།དཀོན་མཆོག་རྗེས་དྲན་དགེ་འདུན་ཆོས་ཀྱི་ཉི་མ།བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ།ཨོཾ་མ་ཎི་པ་དྨེ་ཧཱུྃ།འབྲི་གུང་སྐྱོབ་པ་འཇིག་རྟེན་མགོན་པོ།གཉའ་ཁྲི་བཙན་པོ་འཛམ་གླིང་བུམ་པའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་རིག་གནས་བཅུ།ཟླ་བ་དྲུག་པསྨུག་པོའི།ཐང་ཆེན་དམར་པོ།དཀར་པོ།ཆོས་གྲགས་མ་པ་པན།འཕྲེད་ཐིགཧེན་ཐའེ།འཕར་སྤྱང་།ཨེ་ནོ་ཟི། (གསུང་རབ།)ཊོང་གརིག་འཛིན་འཇའ་ཚོན་སྙིང་པོ།སྒྲོལ་མའི་མཎྜལ་བཞི་ཆོག་གླང་མདུན་དཔལ་འབྱོར་ལང་ཚོའི་རྦབ་ཆུམོ་ཟ་རེལ་ལ། (ཆུར་བ།)པུ་ར་ག་རི་ཡ།ཁྲི་ལྡེ་གཙུག་བརྟན།སྔ་འགྱུར་མཐོ་སློབ་མདོ་སྔགས་རིག་པའི་འབྱུང་གནས་གླིང་།ནང་བའི་དུས་ཆེན་བཞིརྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན།ཚད་མ་རྣམ་འགྲེལ།ཞབས་བྲོ།ལེགས་སྦྱར་སྐད།ཡང་འཇུག་གཉིས་ཚེ་བརྟན་སྒྲོལ་མ།མལ་གྲོ་གུང་དཀར་རྫོང་།དངོས་ཁམས་རིག་པ་བློ་སྦྱོང་ཚིག་རྐང་བརྒྱད་མ་བ་ར་ཏིསི་ལ་བ།ཁ་ཆེ་ཕུ་ལུ་ཀརྨ་ཤ་ཏམ་ཨ་མེ་རི་ཁ་གླིང་ཆེན།འཛམ་གླིང་འཁྲུག་ཆེན་གཉིས་པ་ཨའི་ཅི།མ་ད་གཱ་སི་ཀར།ཆུ་ཤིང་བསྟན་་བཅོས་ཧྥིན་ལན།སྒྲོལ་མའི་ལོ་རྒྱུས་པོ་ཅ་ཆུའུ།སའོ་ཊོ་མེ་དང་པི་རིན་སི་པ།ཡོ་རོབ་གླིང་།ཅ་ཐའེ་ཅི།ཧེན་རིག་ཆི་ཧཱ་རཱར།འཇར་མན།རིན་ཆེནསངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ལེ་ཨོ་ན་ཏོ་ཏ་ཧྥིན་ཆི།བདེ་བ་ཅན་དུ་སྐྱེ་བའི་རྒྱུ་བཞིའི་དོན་ཉམས་ལེན།བསམ་གྲུབ་ལྗོངས་མཁར་གི་ས་ཁོངས།རིས་ཡགཁ་ཐོག་གི་ཆགས་སྦྱོར།ཐོན་མི་སམ་བྷོ་ཊ་ཝི་ཏི་ནམ།དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།ལོ་བདུན་རིང་གི་བོད།ཝེ་ནེ་ཟུའེ་ལ།དུས་ཚོད།༄༅།། ས་ག་ཟླ་བ།༧༨ (གྲངས་ཀ།)🡆 More