སྨུག་རྡུལ་

སྨུག་རྡུལ་(རྒྱ་སྐད: 霧霾) ནི་རྡུལ་ཕྲ་རབ་དང་། དུ་རིལ། ཚྭ་རིལ་སོགས་སྐམ་པོ་མང་པོ་མཁའ་རླུང་ཁྲོད་འཕྱོ་ནས་མིག་གིས་མཐོང་བའི་བར་ཐག་དེ་སྟོང་སྨི༡༠ལས་ཐུང་བའི་མཁའ་རླུང་རབ་རིབ་ཀྱི་སྣང་ཚུལ་ཞིག་རེད། སྨུག་རྡུལ་གྱི་གནམ་གཤིས་བསྟན་སྐབས། ཕྱིར་ཉུང་ཙམ་སྐྱོད་དགོས་པ་དང་ལྷག་པར་དུ་དབུགས་ལམ་གྱི་ནད་གཞི་ཡོད་པའི་མི་ཕྱིར་ཉུང་ཙམ་བསྐྱོད་དགོས། ཕྱིར་སྐྱོད་ན། ཁ་རས་རྒྱག་དགོས། གྲོང་མི་ཁྱིམ་དུ་སྡོད་སྐབས་སྒེའུ་ཁུང་ཉུང་ཙམ་ཕྱེ་ནས་སྨུག་རྡུལ་དང་ཐལ་རྡུལ་སོགས་ཁང་པའི་ནང་མི་འཛུལ་བ་བྱེད་དགོས། སྨུག་རྡུལ་འཁྲིགས་མང་བའི་སྐབས་སུ་ལམ་ངོས་ཡག་པོ་མཐོང་མི་ཐུབ་པས། ཁ་ལོ་བས་རླངས་འཁོར་གཏོང་སྐབས་ངེས་པར་དུ་ཡིད་གཟབ་དང་འགྲིམ་འགྲུལ་བདེ་འཇགས་ལ་དོ་སྣང་བྱེད་དགོས། འབྲེལ་ཡོད་བཟོ་གཏེར་ཁེ་ལས་ཀྱིས་ཁོར་ཡུག་སྲུང་སྐྱོང་གི་འབྲེལ་ཡོད་གཏན་འབེབས་ལ་སྲུང་བརྩི་ཞུས་ནས་སྦགས་བཙོག་དངོས་པོ་འབུད་ཚད་ཉུང་དུ་གཏོང་དགོས། སྨུག་རྡུལ་གྱི་ཉེན་བརྡ་དེ། སེར་པོ་དང་ལི་ཝང་གཉིས་སུ་ཕྱེ་ཡོད།

ཉེན་བརྡ་སེར་པོ།

ཚད་གཞི། ཆུ་ཚོད་༡༢ནང་མིག་གིས་མཐོང་བའི་བར་ཐག་སྨི་༣༠༠༠ལས་ཐུང་བའི་སྨུག་རྡུལ་ལམ་ཡང་ན་མིག་གིས་མཐོང་བའི་བར་ཐག་སྨི་༣༠༠༠ལས་ཐུང་བའི་སྨུག་རྡུལ་གནམ་གཤིས་བསྟན་པ་དང་མུ་མཐུད་བསྟན་པ།

སྔོན་འགོག་བྱེད་ཐབས།

༼ ༡ ༽ ཁ་ལོ་བས་རླངས་འཁོར་སོགས་གཏོང་སྐབས་ཡིད་གཟབ་བྱས་ནས་གཏོང་དགོས།

༼ ༢ ༽ མཁའ་རླུང་གི་སྤུས་ཚད་ཧ་ཅང་ཞན་པའི་སྐབས་སུ་འགོག་སྲུང་བྱེད་ཐབས་འོས་འཚམ་སྤྱོད་དགོས།

༼ ༣ ༽ དབུགས་ལམ་གྱི་ནད་གཞི་ཡོད་མཁན་ཕྱིར་ཉུང་ཙམ་སྐྱོད་པ་དང་ཕྱིར་སྐྱོད་སྐབས་ཁ་རས་རྒྱག་དགོས།

ཉེན་བརྡ་ལི་ཝང་།

ཚད་གཞི། ཆུ་ཚོད་དྲུག་ནང་མིག་གིས་མཐོང་བའི་བར་ཐག་སྨི་༢༠༠༠ལས་ཐུ་ང་བའི་སྨུག་རྡུལ་ལམ་ཡང་ན་མིག་གིས་མཐོང་ཚད་སྨི་༢༠༠༠ལས་ཐུང་བའི་སྨྱུག་རྡུལ་ཐོན་པ་དང་མུ་མཐུད་ཐོན་པ།

སྔོན་འགོག་བྱེད་ཐབས།

༼ ༡ ༽ གནམ་ཐང་དང་། མྱུར་བགྲོད་གཞུང་ལམ། གྲུ་ཁ་སོགས་ཚན་པས་འགྲིམ་འགྲུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ་བདེ་འཇགས་འགན་ལེན་བྱེད་དགོས།

༼ ༢ ༽ ཁ་ལོ་བས་རླངས་འཁོར་སོགས་གཏོང་སྐབས་ཡིད་གཟབ་བྱེད་དགོས།

༼ ༣ ༽ མཁའ་རླུང་སྤུས་ཚད་ཞན་པའི་སྐབས་སུ་ལས་དོན་མི་སྣས་འགོག་སྲུང་བྱེད་ཐབས་འཚམ་པོ་སྤྱོད་དགོས།

༼ ༤ ༽ ཕྱིར་ཉུང་ཙམ་བསྐྱོད་པ་དང་དབུགས་ལམ་གྱི་ནད་གཞི་ཕོག་མཁན་ཕྱིར་སྐྱོད་རྒྱུ་མེད་ལ། ཕྱིར་སྐྱོད་ན་ཁ་རས་རྒྱག་དགོས།

པར་རིས།

ད་དུང་གཟིགས།

དཔྱད་གཞིའི་དཀར་ཆག

དཔྱད་གཞིའི་དཀར་ཆག:

Tags:

སྨུག་རྡུལ་ ཉེན་བརྡ་སེར་པོ།སྨུག་རྡུལ་ ཉེན་བརྡ་ལི་ཝང་།སྨུག་རྡུལ་ པར་རིས།སྨུག་རྡུལ་ ད་དུང་གཟིགས།སྨུག་རྡུལ་ དཔྱད་གཞིའི་དཀར་ཆགསྨུག་རྡུལ་རྒྱ་སྐད།

🔥 Trending searches on Wiki བོད་སྐད:

འབྲོམ་སྟོན་པ་རྒྱལ་བའི་འབྱུང་གནས།པ་སི་ཐེར།ཨོ་སི་ཀར་ཝེལ་ཌེ།དཔལ་ལྡན་རེ་མ་ཏི་སྲོང་བཙན་སྒམ་པོ།ཀྲུང་གོའི་རྒྱལ་རབས།ས་སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན།སྨན་བཟང་པོ་དྲུགསིབ་རུས།སྲིད་པ་འཁོར་ལོ་རང་བྱུང་གྲངས།རྒྱལ་སྲས་ཐོགས་མེད་བཟང་པོ།དྲུག་པ་ཚེས་བཞི་ཚེ་མདོརྐང་རྩེད་སྤོ་ལོ།སྨན་རྩེ་ལྷ་བཙུན།ཉན་ཐོས་ཉེ་འཁོར་བཅུ་དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།ང་རྒྱལ་བདུན་ལི་པའེ།མོ་རོ་ཁོ།མར་པ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་གཞུང་བཀའ་པོད་ལྔ།བློ་སྦྱོང་ཚིག་རྐང་བརྒྱད་མ་ཡོ་རོབ་གླིང་གི་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ།རྒྱ་རིགས་ཀྱི་མཚན་ཉིད་རིག་པ།གདུགས་དཀར་མཆོག་གྲུབ་མ་དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་ལ་ཏིན་སྐད།ཁམས་བཅོ་བརྒྱད་ཞི་བྱེད་པ།ཨཱལ་གྷོར།ད་ལྟའི་བྱ་བ།ཧན་ཉི་པ།ལོ་རྟགས་ཀྱི་བདུན་ཟུར་མྱང་རལ་ཉི་མ་འོད་ཟེར་འཛམ་གླིང་འཁྲུག་ཆེན་གཉིས་པ་གངས་རིན་པོ་ཆེ།གླིང་ཆེན་ཨ་མེ་རི་ཁ་བྱང་མ།ལུང་སྡེ་བཞི་ཨོ་བི་རྡི།འབྲས་སྤུངས་དགོན།ང་ལྡུམ་སྒོང་།དཔལ་དུས་ཀྱི་འཁོར་ལོ་འགལ་བ་གཉིས་མོན་ཡུལ།ལུ་སེམ་བའུརག (རྒྱལ་ཁབ།)བཀའ་སྡེ་སྣོད་གསུམ་གྱི་ངོ་སྤྲོད་རག་བསྡུས།མཁན་ཆེན་ཡོན་ཏན་རྒྱ་མཚོ་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་བོད་ཀྱི་རྩོམ་རིག་གི་འཕེལ་རིམ་རགས་བཤད།སྨུག་པོའི།ལྦེ་ཁེ་རིག་མཛོདདཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་།བོད་ཀྱི་རྒྱལ་རབས་འབྲུག་ཡུལ།ཞི་པན་ཡ།མྱུར་མཛད་མ།འདམ་གཞུང་རྫོང་།འཁོར་ལོའི་དྲྭ་འབྲེལ།ཆུ་ཤིང་བསྟན་་བཅོས་རོལ་དབྱངས།བོད་རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁོངས་ཀྱི་ཐོ།སློབ་དཔོན་ཐུ་མི་སམ་བྷོ་ཊ།རིང་བསྲེལ་།གླིང་བུ།སྡོད་རྩ་རྐང་གླིང་།དཔལ་སྤུངས་དགོན།🡆 More