ཡང་རི་སྒར

མཚན་རྒྱས་པར་ཡང་སྒར་དགོན་ཐུབ་བསྟན་སྡེ་བཞི་རབ་རྒྱས་གླིང་ཞེས་ཞུ། ཉི་མ་ལྕང་རྭ་ནས་སྤྱི་ལེ་༡༠ཙམ་འབྲི་གུང་ནང་སོང་ན་དགོན་དེར་སླེབས་ཀྱི་རེད། དགོན་དེ་ནི་ཐོག་མར་འབྲི་གུང་གདན་རབས་བཅུ་བདུན་པ་རྒྱལ་དབང་རིན་ཆེན་ཕུན་ཚོགས་ཀྱིས་ཕྱག་བཏབ་གནང་མཛད། ཐོག་མར་གནས་དེར་དགའ་ཚལ་སྤྲོ་ལུང་ཞེས་གཞིས་ཀ་ཞིག་ཡོད་པ་དེ་རྗེས་སུ་དགོན་དུ་བསྒྱུར། ཡང་རི་སྒར་ཞེས་པ་ནི། དང་ཐོག་འབྲི་གུང་མཐིལ་ཡང་རི་སྒར་ཞེས་པའི་མཚམས་སྦྱོར་ཁང་ཞིག་ཡོད་པ་རྗེས་སུ་གནས་དེར་སྤོས་པས་མཚན་དེ་ལྟར་ཐོགས། སྒར་ཞེས་པ་ནི། གནས་ངེས་མེད་དུ་སྒར་བཏབ་ནས་ཕེབས་པས་ཡིན། སྔོན་མགོན་དེར་ཨ་ཕྱིའི་དཀོར་མཛོད་ཀ་བ་བཅུ་གཉིས་དང་། ལྷ་ཆེན་ཁང་ཀ་བ་བཞི། གདན་རབས་ཁང་ཀ་བ་དྲུག དངུལ་གདུང་ཁང་ཀ་བ་བརྒྱད། ཁྱབ་འཇུག་ཁང་ཀ་བ་ཉེར་བཞི། འདུ་ཁང་ཀ་བ་ཞེ་བརྒྱད་བཅས་ཐོག་སོ་ལྔ་ཐོག་དང་། ཕོ་བྲང་རྒྱ་ཁྱོན་ཀ་བ་ཉི་བརྒྱ་དྲུག་བཅུ་ཙམ་ཡོད་གསུངས། རྟེན་གཙོར་ཐུབ་དབང་ཁམས་གསུམ་གཟིལ་གནོན་ནི་འབྲི་གུང་མཐིལ་ཇུན་གར་དུས་གཏོར་བཤིག་སོང་སྐབས་ཆུ་ལ་བསྐྱུར་བ་རྗེས་སུ་གནས་དེར་བཞུགས་པས་མཚན་ལའང་ཐུབ་པ་ཆུ་གདན་མ་ཞེས་ཞུ། སྔོན་དགོན་དེར་དགེ་འདུན་བརྒྱ་དང་ལྔ་བཅུ་སྐོར་གྱིས་འབྲི་གུང་བཀའ་བརྒྱུད་ཕྱག་བཞེད་ཀྱིས། བོད་ཟླ་བཞི་པའི་ནང་ཆོས་སྲུང་སྐོར་གྱི་གར་འཆམ་སོགས་གནང་སྲོལ་ཡོད། ད་ལྟ་སྔོན་གྱི་ཡང་རི་སྒར་དགོན་ཤུལ་དུ་གསར་བཞེངས་གནང་བའི་འདུ་ཁང་ཀ་བ་བཅུ་གཉིས་ནང་སྔོན་གྱི་སྐུ་བརྙན་དེ་དག་གི་སྐུ་ཚབ་གསར་བཞེངས་གནང་བ་མཇལ་རྒྱུ་ཡོད།

Tags:

🔥 Trending searches on Wiki བོད་སྐད:

འདོད་པའི་ལོངས་སྤྱོད།འཇམ་མགོན་བླ་མ་ཙོང་ཁ་པའི་རྣམ་ཐར་བསྡུས་པ་ཏོག་དབྱིབས་ཡོངས་ཁྱབ་རིམས་ནད།བྱིས་སྒྲུང་བོད་རང་སྐྱོང་ལྗོངས།མི་སྡུག་པ་བསྒོམ་པ་དགུ།མངོན་སུམ་ཚད་མ་བཞི་སེ་ལེ་ནིམ།བདུད་འཇོམས་དག་ཡིག་རིང་བསྲེལ་།བོད་ཀྱི་དུས་ཆེན་ཕྱོགས་བསྒྲིགས།ཉི་མ་མེ་ཏོག​ཉི་མ།པི་ཝང་།ཝ་ཤིན་ཏྲོན།ང་རྒྱལ་བདུན་ཡིག་བརྒྱ་ས་ཡི་སྙིང་པོ།གཅིག་གྱུར་བརྡ་ཆད།ས་སྐྱའི་ལེགས་བཤད་རྩ་འགྲེལ་སྡེ་སྲིད་སངས་རྒྱས་རྒྱ་མཚོ།དབྱི་སི་ལམ་ཆོས་ལུགས།འགལ་བ་གཉིས་རྡོ་རྗེ་ཤུགས་ལྡན་མིར་ཡམ །འཕགས་ལམ་ཡན་ལག་བརྒྱད།མེ།གྲངས་ཀྱི་མངོན་བརྗོད་ཀྱི་སྡོམ་ཚིགམ་ལ་ཤི་ཡ།ཚན་རིགཁ་ལའོ་ཊ་མོ་ནེ།ལྷ་ཆོས།ཡོ་ཀོ་ཧ་མ།ཡར་ཀླུང་གཙང་པོ་དེབ་ཐེར་སྔོན་པོ་སྟོད་རང་བྱུང་གི་ཚན་རིགསྨར་ཁམས་རྫོང་།སྨད་འཚོང་མ།ཁྲབ་ལྡན་འཁོར་ལོ།དཔལ་དུས་ཀྱི་འཁོར་ལོ་ཕོ་ལན།སྨོན་འཇུག་སེམས་བསྐྱེད།ཨོ་སི་ཀར་ཝེལ་ཌེ།བོད་ཀྱི་སྐད་ཡིག།ཀརྨ་པ་དུས་གསུམ་མཁྱེན་པ་ས་ཨའེ་རྩེ།ལུང་སྟོན་པ་ཤ་མུ་ཨེལ།བདེ་སྐྱིད་ལྡན་པའི་སྡོང་བོའི་གྲོགས་མི་རྟག་པའི་སྐུལ་འདེབས་བོད་ཡིག་གི་ཆ་འཕྲིནཀྱི་ལྕེ་དཀར་པོ་རིན་ཆེན་གཡུ་རྙིང་ཉེར་ལྔ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀེ་རི་སིའི་སྐད།ཨིན་རྡུ་ནི་ཤིས་ཡ།ཤེར་ཕྱིན།འཇར་མན་སྐད།རྒྱུད་དྲུགཁྲིམས་རྩོད་པ།བྱང་ཀོ་རི་ཡ།བལ་ཡུལ།གཡོ་སྐར།ཀུན་བདེ་གླིང་བོན།བོད་ཀྱི་དུས་བབ།ཧྥི་ལི་པིན།མོའོ་ཀའོ་བྲག་ཕུགཆོས་འཁོར་གྱི་སྐོར།ཧེན་ཐའེ།🡆 More