ཡར་ཀླུང་གཙང་པོ་

བོད་ཡུལ་ནི་ཆུ་ཀླུང་མང་པོའི་འབྱུང་ཁུངས་ཡིན།

ཡར་ཀླུང་གཙང་པོ་

དེ་ནི་ཁ་འབབ་ཆུ་བོ་བཞིའི་ཡ་གྱལ་ཞིག་ཡིན། འཛམ་གླིང་གི་ཆུ་ཆེན་ཨང་བཞི་པ་རེད། སྟོད་མངའ་རིས་གངས་ མཚོའི་ཤར་ཕྱོགས་བྱེ་མ་གཡུང་དྲུང་གི་ཕུ་ཨབ་སྲིའི་རྒྱབ་ཀྱི་བྲག་རྟ་ མཆོག་འདྲ་བའི་ཁ་ནས་འབབ་ཅིང་། ཧོར་ཚོ་ལྔ་བརྒྱུད་འབྲོང་པ་ཚོ་ དགུའི་ལྷོ་ཕྱོགས་དང་། རུ་གསར་གལ་ཆོས། འབའ་བ། བཀྲ་བདུན། གཞུང་ རུ་དང་ས་ག་ཟང་ཟང་ལྷོ་བརྒྱུད་དེ་གཙང་བཀྲ་ཤིས་ལྷུན་པོའི་གཡས་ ཕྱོགས་ནས་བཞུར་ཏེ་ལྕགས་ཟམ་ཆུ་བོ་རིར་ལྷ་སའི་སྐྱིད་ཆུ་དང་འདྲེས་ ནས་ཡར་ཀླུང་གཙང་བོར་འབོད། དྭགས་པོ་དང་ཀོང་པོ་བརྒྱུད་དེ་རིམ་ བཞིན་གཡུ་འབྲུག་འཕྱོ་བ་བཞིན་སྨན་གླིང་ཕད་ཆུས་ཤུལ་ནས་ཁ་བྱང་ ཤར་ངོས་སུ་འཁོར་ནས་བཞུར་ཞིང་། རི་བོ་གནམ་ལྕགས་འབར་བར་ བསྐོར་བ་རྟ་རྨིག་འདྲ་བ་བརྒྱབ་རྗེས་སླར་ཡང་ལྷོ་ནུབ་ཁུལ་གྱི་གཅོང་ རོང་ཟབ་མོ་འགྲིམས་ནས་མཐར་ཀློ་ཡུལ་བརྒྱུད་རྒྱ་གར་དུ་བཞུར་ཏེ་ གཙང་བོ་པུ་ལ་མ་བོ་ཐེ་ལ་བྱ་སྟེ། དེ་ནས་བྷང་ག་ལ་མཚོ་དབུག་ཏུ་འདྲེས། དེའི་རིང་ཚད་སྤྱི་ལེ2057དང་། འབབ་ཡུལ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་240480ཡོད།

མིང་འབྱུང་ཚུལ།

བོད་ཁམས་ཀྱི་ཆུ་ཆེན་དང་པོར་བརྩི་བའི་ཡར་ཀླུང་གཙང་པོ་ནི། ཧི་མ་ལ་ཡའི་བྱང་རྒྱུད་འབྲོང་པ་རྫོང་ཁོངས་བྱེ་མ་གཡུང་དྲུང་ཞེས་པའི་གངས་རི་ལས་འབབ་ཅིང་། ཡིག་ཚང་ཁག་ཏུ་ཡར་ཆབ་གཙང་པོ་ཞེས་འབྱུང་ལ། ལེགས་རྩེའི་རྒྱུད་དུ་རྟ་མཆོག་ཁ་འབབ་གཙང་པོ་ཞེས་འབོད་པ་དང་། ལྷ་རྩེ་ཁུལ་དུ་མྱང་ཆུ། ལྷ་རྩེའི་ནུབ་རྒྱུད་དུ་སླར་ཡང་རྟ་མཆོག་ཁ་འབབ་ཏུ་འབོད། ཆུ་ཤུར་ཁུལ་ནས་བཟུང་ཡུལ་མིང་ལྟར་ཡར་ཀླུང་གཙང་པོར་འབོད།

ཆུ་ཆེན་འདི་ལྷོ་ནས་འབབ་ཅིང་གྱ་གྱུའི་ངང་ས་དགའ་རྫོང་སོགས་རང་སྐྱོང་རྫོང་ཁག་ཉི་ཤུ་རྩ་གསུམ་བརྒྱུད་མཐར་ཀློ་ཡུལ་ནས་འབར་མ་བརྒྱུད་བྷང་ག་ལའི་ཡུལ་དུ་འབབ་པས་ཡུལ་དེར་གཙང་པོ་པུ་ལ་མ་བོ་ཐེ་ལ་ཞེས་གྲགས། འདིའི་སྤྱིའི་རིང་ཚད་ལ་སྤྱི་ལེ་ཉིས་སྟོང་བརྒྱ་མེད་ལྔ་བཅུ་ང་བདུན་ཙམ་ཡོད་པ་དང་། བཞུར་ཡུལ་གྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཉིས་འབུམ་བཞི་ཁྲི་སྟོང་མེད་བཞི་བརྒྱ་བརྒྱད་ཅུ་ཙམ་ཟིན། གཙང་པོའི་འབབ་རྒྱུད་ཆ་སྙོམས་རྒྱ་མཚོའི་ངོས་ལས་རྨིད་བཞི་སྟོང་ལྔ་བརྒྱ་ཙམ་གྱིས་མཐོ་བས་འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་གཙང་པོ་ཞིག་ཡིན། གཙང་པོ་འདིའི་རྒྱུད་དུ་ལྷ་ས་དང་། གཞིས་ཀ་རྩེ། རྒྱལ་རྩེ། ཉིང་ཁྲི་སོགས་བོད་ཀྱི་གྲོང་དང་གྲོང་ཁྱེར་མང་ལ། ཁྱད་པར་དུ་བོད་ཀྱི་འགྲོ་བ་མིའི་རིགས་ཀྱི་འབྱུང་ཁུངས་རྩེ་ཐང་དང་། བོད་ཀྱི་རྒྱལ་པོའི་ཕོ་བྲང་ཐོག་མ་ཡུམ་བུ་བླ་སྒང་། སྲོང་བཙན་གྱི་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་ལས་ཁྲ་འབྲུག མཁན་སློབ་ཆོས་གསུམ་གྱི་འཛོམས་གནས་དཔལ་བསམ་ཡས་གཙུག་ལག་ཁང་སོགས་གནས་ཆེན་གྲགས་ཆེ་བའང་མང་།

མཚོན་རྟགས།

ཟིན་ཐོ་འམ་དཔྱད་གཞི།

དཔྱད་གཞིའི་དཀར་ཆག།

ད་དུང་གཟིགས།

ཕྱི་ཕྱོགས་དྲ་མཐུད།

Tags:

ཡར་ཀླུང་གཙང་པོ་ མིང་འབྱུང་ཚུལ།ཡར་ཀླུང་གཙང་པོ་ མཚོན་རྟགས།ཡར་ཀླུང་གཙང་པོ་ ཟིན་ཐོ་འམ་དཔྱད་གཞི།ཡར་ཀླུང་གཙང་པོ་ དཔྱད་གཞིའི་དཀར་ཆག།ཡར་ཀླུང་གཙང་པོ་ ད་དུང་གཟིགས།ཡར་ཀླུང་གཙང་པོ་ ཕྱི་ཕྱོགས་དྲ་མཐུད།ཡར་ཀླུང་གཙང་པོ་

🔥 Trending searches on Wiki བོད་སྐད:

དན་མྲགའོད་རིག་པ་ཏུན་ཧོང་བྲག་ཕུག།དངོས་ཁམས་རིག་པ་སུམ་བ་བཅུ་པ།འཕགས་ལམ་ཡན་ལག་བརྒྱད།ཤེར་སྙིང་བདུད་བཟློག་ཆོ་ག་པ་ར་གུ་ཡེ།གྲངས་གནས་ཀྱི་ཀློག་སྟངས་༢༠༠༩རིལ་བུ་བཀའ་འགྱུར།སེ་རུལ་ཅན་གྱི་ལྕགས་རིགས།ཧའི་ཏི།ཨའི་ཅི།ཧིན་ཏུའི་ཆོས་ལུགས།པཎ་ཆེན་སྐུ་ཕྲེང་གཉིས་པ་བསོད་ནམས་ཕྱོགས་ཀྱི་གླང་པོ་དགའ་ལྡན་ཕོ་བྲང་གི་སྲིད་སྐྱོང་དུས་རབས།མདོ་སྔགས་ཀྱི་གྲུབ་མཐའ་མཐུན་མི་མཐུན་མདོར་བསྡུས་ཀྱི་བསྐྱུད་བྱང་དབང་ཕྱུགདོན་འགྲུབ་རྒྱལཨ་མེ་རི་ཁ་རྒྱལ་ཕྲན་མཉམ་འབྲེལ་རྒྱལ་ཁབ།དགའ་ལྡན་ལྷ་བརྒྱ་མ་འདོད་གསོལ་སྨོན་ལམ་དང་བཅས་པ་བཞུགས་སོ།།ཕོ་བྲང་པོ་ཏ་ལ་ཀུན་ཏུ་བཟང་པོ་སངས་རྒྱས་པ་ཀྲེ་ནེ་ཝ།ལྷ་ཐོ་ཐོ་རི་གཉན་བཙན་ཧོའོ་མར་སིམ་བུ་སན།པོ་ཏ་ལ་ཀུན་ཏུ་དགའ་བའི་གཏམ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་ཇོ་བོ་རྗེ་དཔལ་ལྡན་ཨ་ཏི་ཤཧྥ་ཤི་སིའི་རིང་ལུགས།བོད་རང་བཙན་ས་སྐྱ་དགོན།ལྡེ་སྣོལ་པོ།དིང་རི་བརྒྱད་ཅུ་པ་མངོན་སུམ་གྱི་ཚད་མ་ཨི་སི་ར་ཨེལ།ཨེམ་ཕི་ཌོཁ་ལི་ཟི།རྒྱ་མཚོ་ཆེན་པོའི་གླིང་ཆེན།འགྲོ་བ། ཁྱི། འགྲོ་བ།ཟླ་༩ཚེས་༡༦ཉིན་སྐུ་འབུམ་དགོན།དཀོན་མཆོག་རྗེས་དྲན་ཐང་སྟོང་རྒྱལ་པོ།གཡང་ཊི།སྟོན་པའི་དུས་ཆེན་བཞི་འཛོམས་ཀྱི་ཉིན་མོ་ལི་ཐུ་ཨེ་ནི་ཡ།བསམ་གཏན་གླིང་དགོནཡི་ལའ་ཁོ།ལུང་ཤར་རྡོ་རྗེ་ཚེ་རྒྱལ།ཇིང་ཁི་ཁན།རྒྱ་སེ་མེ་ཏོགཁལ་ཁ་རྗེ་བཙུན་དམ་པ་ངག་དབང་བློ་བཟང་འཇམ་དཔལ་བསྟན་འཛིན་ཚུལ་ཁྲིམས་རྒྱ་མཚོ་སྨྱུག་རྩ།བལ་ཡུལ།བོད་སྐད།ཕྲེང་བ།དགུ་རོང་སྤུན་གྲོལ་བྱིས་སྒྲུང་བྷཧ་རཡིན།སུམ་ཅུ་པ་རྒྱ་གར་ཆོས་འབྱུང་༢༠༠༣ལོ།ཚོགས་གླུ་🡆 More