མི་རིགས་རྒྱལ་ཁབ་

【མི་རིགས་རྒྱལ་ཁབ】(Nation State)ཀྱི་ངོས་ཚིག་འཇོག་སྟངས་ལ་མཁས་པ་མང་པོའི་བཞེད་སྲོལ་འདྲ་མིན་བདོག་ཀྱང་། དེ་ཉིད་ཆབ་སྲིད་མཚན་ཉིད་རིག་པའི་བརྡ་སྐད་ཅིག་ཡིན་ཙང་། དེ་ལུགས་ཀྱི་མཁས་པ་དག་གིས། བརྒྱ་ལོ19པའི་དུས་སུ་གསར་དུ་བྱུང་བར་ཞལ་བཞེས་གནང་བ་དེ་སྤྱི་འགྲོས་སུ་གྱུར་འདུག སྔོན་གྱི་མཁར་བཙན་རྒྱལ་ཁབ་མང་པོ་ཕྱོགས་སྒྲིལ་གྱིས། གོང་མའི་རྒྱལ་ཁམས་དང་བཙན་རྒྱལ་གྱི་གདགས་གཞི་གྲུབ་སྟེ། རྒྱལ་རྒྱུད་རིང་ལུགས་ཀྱི་སྲིད་དབང་ཚུགས། འཇར་མན་དང་། ཨེ་ཐ་ལི། ཧྥ་རན་སི་བཅས་སུ་འཕྱུར་པའི། བརྒྱ་ལོ19པའི་སྐབས་ཀྱི་མི་རིགས་རིང་ལུགས་ཀྱི་འོས་ལངས་དེས། རྒྱལ་རྒྱུད་རིང་ལུགས་ཀྱི་དབང་ཚད་སྙོམ་འཛིན་བྱེད་པའི་ཁྲིམས་ཀྱི་དབང་སྒྱུར་དགོས་པའི་སྐད་འབོད་དང་། རྩོམ་དེབ་འགྲེམ་སྤེལ་བགྱིས། དེ་མཚུངས་སུ་ཡོ་རོབ་རྒྱལ་ཁབ་འདྲ་མིན་དུ་བྱེས་འབྱོར་མི་གྲངས་ཇེ་མང་ཕྱིན་པ་དང་། དེ་དག་གནས་དེ་རུ་གཏན་སྡོད་བྱས་བརྟེན། རྒྱལ་ཁབ་དེ་རུ་སྐད་དང་ཡི་གེ་མི་གཅིག་པའི་མིའི་རིགས་མང་པོ་ཞིག་མཉམ་འདུས་བྱུང་འདུག ཁོང་ཅག་གི་ནུས་པ་གཅིག་ལ་སྤུངས་ཏེ་རྒྱལ་རྒྱུད་རིང་ལུགས་ཀྱི་སྲིད་དབང་འགོ་རྟིང་བསློགས་ནས། ཆབ་སྲིད་ལམ་ལུགས་ཁྲིམས་ཀྱིས་སྐྱོང་བའི་རྣམ་གཞག་བཟོས་ཤིང། ཁྲིམས་ཀྱི་མདུན་ནས། སྐད་དང་ཡི་གེ་མི་གཅིག་པའི་མིའི་རིགས་ཐམས་ཅད་འདྲ་མཉམ་ཡིན་དགོས་པའི་ལྟ་བ་བཏོན། ཡིན་ཀྱང་། ཁར་དབང་རང་བདག་སྨྲ་བའི་ལམ་ལུགས་འོག་པར་སྐྲུན་ཤུགས་ཚད་ཆེ་རུ་ཕྱིན་སྟེ། སྟོབས་འབྱོར་ཡོད་པའི་མཁས་པ་དག་གིས། མི་སེམས་གཡོ་བའི་བརྩམས་ཆོས་མོད་པོ་བརྩམས་ཤིང་། དེ་དག་གིས་སྤྱི་ཚོགས་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ནས་བག་ལ་ཞ་བའི་སྐད་དང་ཡི་གེ་གཞན་དག མངོན་མེད་དང་ཉམས་གུད་ཕྱིན་ཏེ། གཙོ་རྒྱུགས་རང་བཞིན་གྱི་སྐད་ཡིག་དེའི་ཤན་སྟོབས་བླ་ནས་བླ་རུ་འཕགས། དེར་བརྟེན། མི་མང་པོ་ཞིག་སྐད་ཡིག་དེར་དུངས་པ་ཟབ་མོ་ཆགས་ཤིང་། དེ་འདྲའི་དུངས་པ་དེས་སྐད་ཡིག་དེ་བཀོལ་སྤྱོད་བྱེད་པའི་རིགས་ཀྱི་འདུ་ཤེས་སྲ་ཞིང་མཁྲེགས་སུ་བསྒྱུར་ཡོད། དེའི་ཕྱིར། མི་རིགས་ནི། སྐད་དང་ཡི་གེ་གང་ཞིག་བཀོལ་སྤྱོུད་བྱེད་པའི་ཆ་ནས་བཞག་པའི་འདུ་བྱེད་ཅིག་ཡིན་སྟབས། མི་རིགས་དེའི་རིགས་རྒྱུད་ཀྱང་རང་གི་སྐད་དང་ཡི་གེ་བཀོལ་སྤྱོད་བྱས་པའི། མེས་པོ་གོང་མའི་ཤ་དང་ཁྲག་ལ་གཏུག་དགོས་པ་རེད།

Tags:

🔥 Trending searches on Wiki བོད་སྐད:

བྱང་ཀོ་རི་ཡ།ཕོ་ལན་གྱི་སྒྱུ་རྩལ།ཀེ་ར་ལཱ།ཆོས་ཀྱི་བདག་མེད་འཁོར་བ།ཁྱབ་འཇུག་གི་འཇུག་པ་བཅུ་ཚོན་མདོག་གི་ཐོ།ཁེན།རྟེན་འབྲེལ་ཡན་ལག་བཅུ་གཉིས།ཀེ་རི་སིའི་སྐད།གཡོ་སྐར།བུལ་རྫས།སྤྱན་སྔ་པ་བློ་གྲོས་རྒྱལ་མཚན་གདོང་ཤོགཧྥི་ལི་པིན།གུ་རུའི་རྣམ་ཐར།གསང་སྔགས་རྡོ་རྗེ་ཐེག་པའི་ཚུལ་ལས་སྣང་བ་ལྷར་བསྒྲུབ་པ།མིག་དམར།རིན་ཆེན་མང་སྦྱོར་ཆེན་མོ་དམིགས་པ་ཡུལ་གྱི་ཁམས་དྲུགདཔལ་ལྡན་ཟླ་བ་གྲགས་པ་འདམ་གཞུང་རྫོང་།བཀྲ་ཤིས་རྟགས་བརྒྱད།གངས་རྒྱན་ལ་འབྲེལ་གཏུགདམྱལ་ཁམས་བཅོ་བརྒྱད།སན་མ་རི་ནོ།རིན་ཆེན་གཡུ་རྙིང་ཉེར་ལྔ་པདྨ་ལས་འབྲེལ་རྩལ་གསར་རླུང་།དབྱི་སི་ལམ་ཆོས་ལུགས།ཀུན་བདེ་གླིང་དུས་གསུམ་སངས་རྒྱས་གུ་རུ་རིན་པོ་ཆེ་༄༅།། ཡོ་ཧ་ནན་གྱིས་བྲིས་པའི་འཕྲིན་བཟང་བཞུགས་སོ།།རིན་ཆེན་ཚ་སྦྱོར་ཆེན་མོ་སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་རྩོམ་པ་པོ་སུ་ཡིན་ནམ།སིལ་ཁུ།ཆུ།རྣམ་སྲས་ཨོ་སི་ཐྲི་ཡ།སྨོན་འཇུག་སེམས་བསྐྱེད།པཎ་ཆེན་སྐུ་ཕྲེང་རིམ་བྱོན་བཅུ་གསང་སྔགས་ལམ་གྱི་མཚན་ཉིད་མདོར་བསྡུས་པ་དགེ་འདུན་ཆོས་འཕེལ།སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་པ་བཅུ་གཉིས་མགྱོགས་ཡིག་རྨི་ལམ་བརྟག་ཐབས་ནང་།ཡང་རླུང་།རྣམ་དབྱེ་བརྒྱད་སེང་གེ་ཁ་འབབཁྱིམ་དྲན་སེམས་ནད།ལུང་སྡེ་བཞི་སེ་པན་སྐད།ཕྱོགས་བཅུའི་མུན་སེལ་ཚངས་གསར་པ།བཀའ་བསྡུས་འཁོར་གཡུགས་གཙོག་སྐྱོན།གཟའ་ཕུར་བུ་མི་རྟག་པའི་སྐུལ་འདེབས་ཇོ་མོ་ལྷ་རི།རྒང་།ཝ་ལེ་ཐ།གཟའ་ཟླ་བ།ཆོས་ལུགས།🡆 More